དེ་རིང་ནི2024ལོའི་ཟླ11པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《ཚོང་འགུག་ མ་འདྲེན་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་པའི་ལག་བསྟར་ ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-10-10 08:37   |   2758

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས།  བཤེར་འབེབས། རྡོ་རྗེ་བྱམས།


བྱང་སྲིད་ཁང〔2022〕ཨང104པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།

《ཚོང་འགུག་མ་འདྲེན་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་པའི་ལག་བསྟར་ཇུས་གཞི》ཁུལ་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བས། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་ལ། ཁྱེད་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

                                                           2022ལོའི་ཟླ12ཚེས7ཉིན།

                                      ཚོང་འགུག་མ་འདྲེན་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་པའི་ལག་བསྟར་ཇུས་གཞི།                                             

མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཚོང་འགུག་མ་འདྲེན་གྱིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ། ཚོང་འགུག་མ་འདྲེན་གྱི་ལེགས་ཆ་གསར་པ་གཏོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་འདེགས་སྐྱོར་གསར་པ་གཏོད་པ། མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས《ལག་བསྟར་ཇུས་གཞི》བཟོས་ཡོད་པ་གཤམ་གསལ་ལྟར། 

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཆེན། ཁུལ་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་དེ་བཞིན《མཚོ་སྔོན་ཞིང་ཆེན་གྱིས་ཚོང་འགུག་མ་འདྲེན་གྱི“ལས་འགུལ་ཆེན་པོ་དྲུག”ལག་བསྟར་བྱེད་པའི་བྱ་བའི་ཇུས་གཞི2022—2025ལོ་བར》ཡི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུར་དམིགས་ནས། “ས་ཁུལ་བཞི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“243”གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་འདྲེས་བྱེད་པ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ཚོང་འགུག་གི་ལས་སྟེགས་གཏོད་པ། གནད་སྨིན་ཚོང་འགུག་དང་ཆེད་ལས་ཚོང་འགུག་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་བདེ་ཐང་དང་། ལྗང་མདོག རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

གཉིས། ཞིབ་ཕྲའི་བྱེད་ཐབས།

 (གཅིག)སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་དགོས། གཅིག་ནས་འབྲེལ་ཡོད་ཚོང་འགུག་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་། ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལ་ཞིབ་འཇུག་གང་ལེགས་བྱས་ཏེ། ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་གཙོ་བོའི་གཟིགས་སྐྱོང་སྲིད་ཇུས་འདང་ངེས་ཀྱིས་སྤྱད་དེ་རྣམ་གྲངས་དོན་འཁྱོལ་བྱས་ནས་ཧུར་ཐག་གིས་འབྲེལ་ཡོད་འགྲོ་ལུགས་གཉེར་རྒྱུར་གཞོགས་འདེགས་བྱེད་པ་དང་། སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་པ། སྲིད་ཇུས་གསལ་འགྲེལ་གང་ལེགས་བྱས་ནས་རྣམ་གྲངས་མ་འཇོག་ཁེ་ལས་ཀྱིས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གང་ལེགས་ཐུབ་པར་བྱེད་དགོས། གཉིས་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་ལས་རིགས་དང་། དམག་དམངས་མཉམ་འདྲེས། ས་ཁོངས་མཐུན་སྦྱོར། གྲུབ་ཚུལ་ལེགས་སྒྲིག ཐོན་ལས་འཕེལ་རྒྱས། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་སོགས་ཐད་ཀྱི་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། ཚོང་འགུག་མ་འདྲེན་དང་ཚོང་པས་མ་དངུལ་འཇོག་པར་སྲིད་ཇུས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། གསུམ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྲིད་ཇུས་ཁ་གསལ་བཟོས་ནས་རྣམ་གྲངས་ཀྱི་བདག་པོར་སྲིད་ཇུས་ལོངས་སྤྱོད་གང་ལེགས་བྱེད་རོགས་བྱེད་པ་དང་། དུས་མཚུངས་སུ་ཧུར་ཐག་གིས་རིམ་པ་དེའི་སྲིད་ཇུས་རང་བཞིན་གྱི་རོགས་སྐྱོར་མ་དངུལ་དང་བྱ་དགའི་མ་དངུལ་དོན་འཁྱོལ་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱིས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་དགོས་པ་མ་ཟད། རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་བཟོ་དགོས།

(གཉིས)ཐོན་ཁུངས་ཀྱི་ལེགས་ཆ་་འབུར་དུ་གཏོད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནུས་རྒྱུ་གསར་པ་དང་། ཞིང་ཕྱུགས། རིག་གནས་གནས་སྐོར། ཞབས་ཞུ་སོགས་ཐོན་ལས་ལ་དམིགས་ནས་ཧུར་ཐག་གིས་ས་གནས་དེའི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་ཞིབ་འཇུག་བྱས་ཏེ། ས་ཁུལ་དེའི་ཐོན་ཁུངས་སྔར་བས་ལེགས་སྒྲིག་བྱེད་པ་དང་། ལེགས་ཆའི་ཐོན་ཁུངས་ལ་དམིགས་ནས་ཐོན་ལས་གཙོ་བོ་སྔོག་འདོན་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་དང་ཚོད་འཛིན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ། འཕེལ་རྒྱས་ཀྱི་ངེས་གནས་དང་འཆར་འགོད་ཡག་པོ་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཐོན་ལས་ཀྱི་འབྲེལ་ཐག་ཆགས་པར་བྱས་ཏེ། ཐོན་ལས་གཙོ་བོ་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱེད་སར་བྱས་ནས་མཆེད་སྐྱེས་ཐོན་ལས་ཁྱོན་ཡོངས་ནས་སྤེལ་བ་དང་། ཆུང་བ་ནས་ཆེ་བར་ཁྲིད་པ་དམིགས་ཡུལ་བྱས་ཏེ། གླིང་ཁུལ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་ཐོན་ལས་སྦྲེལ་ཐག་ཅན། གཞི་རྟེན་ཅན། ལེགས་བསྡུས་ཅན་བཅས་རིམ་བཞིན་མངོན་འགྱུར་ཡོང་བར་བྱེད་དགོས།

(གསུམ)ཚོང་འགུག་གི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དེ་ས་ཁོངས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་རྨང་གཞིའི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “འགོག་རྐྱེན་མེད་པ་དང་། མ་གནས་དམའ་བ། ལས་ཕྱོད་ཆེ་བ”བཅས་ཀྱི་ཞབས་ཞུའི་འདུ་ཤེས་གཞིར་བཟུང་ནས། སྡེ་ཁག་གི་སྲིད་འཛིན་འགན་ནུས་དང་ཞབས་ཞུའི་འགན་ནུས་ལ་གཞིགས་ནས་ཞིབ་མཆན་འགོད་པའི་དོན་ཚན་སྔར་བས་ཉུང་དུ་གཏོང་བ་དང་། ལས་སྒྲུབ་ལྷུ་ཚིགས་སྟབས་བདེ་རུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྣམ་གྲངས་མཉམ་འབྲེལ་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་བཏང་ནས་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་རང་འགན་རང་འཁུར་བྱས་ཏེ། མཉམ་འབྲེལ་ཞིབ་བཤེར་རྣམ་གྲངས་ཀྱི་རྗེས་སྙེག་ཞབས་ཞུ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། དངོས་ཡོད་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ། རྣམ་གྲངས་སྔ་ཙམ་ནས་ལས་མགོ་བཙུགས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པར་སྐུལ་འདེད་གཏོང་དགོས། མ་དངུལ་འཇོག་པའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས་ཧུར་ཐག་གིས“ཚོང་ལས་ལ་འཚམ་པ་དང་། ཚོང་ལས་ལ་མཐོང་ཆེན་བྱེད་པ། ཚོང་ལས་ལ་དགའ་ཞེན་བྱེད་པ”བཅས་ཀྱི་རྣམ་པ་བཟང་པོ་བཏོད་དེ། “མཛའ་མཐུན”དང“སྤྱོད་གཙང”གི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གསར་གཏོད་བྱེད་མཁས་དགོས་པ་ལས། བཀག་རྒྱ་སྣ་ཚོགས་ནན་སྲུང་གཏན་ནས་བྱེད་མི་རུང་བ་དང་། ལྷག་པར་དུ་ཁོར་ཡུག་སྲུང་སྐྱོང་དང་། རང་བྱུང་ཐོན་ཁུངས། ཁྲོམ་ར་ལྟ་སྐུལ། ནུས་རྒྱུ། གནས་སྐོར། ཞིང་ཕྱུགས་སོགས་འགག་རྩའི་སྡེ་ཁག་གིས་ཁེ་ལས་ལ་སྤུས་ལེགས་ནུས་ཆེའི་ཞབས་ཞུ་མཁོ་འདོན་ཏན་ཏིག་བྱས་ཏེ། “སྲིད་གཞུང་གིས་ཁེ་ལས་གཙོ་བོར་འཛིན་པའི”འདུ་ཤེས་འདོན་སྤེལ་གང་ལེགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། “ཚོང་གཡོག”ཞབས་ཞུའི་འདུ་ཤེས་དེ་ཚོང་འགུག་མ་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་དགོས། སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་ཚོང་འགུག་སྒྲིག་གཞི་བདེ་བླག་ངང་སྦྲེལ་མཐུད་བྱས་ཏེ། གཞི་གཅིག་ཅན་གྱི་ཚོང་འགུག་ཞབས་ཞུའི་དྲ་རྒྱ་ཞིག་ཆགས་ནས་ཚོང་འགུག་མ་འདྲེན་གྱི་འགྲན་རྩོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཚོང་འགུག་མ་འདྲེན་གྱི་གྲོས་མོལ་བྱེད་སྐབས། ལྟ་སྐྱོང་ཆ་རྐྱེན་གཏན་ཁེལ་བྱེད་པར་བསམ་གཞིགས་གཟབ་ནན་བྱེད་དགོས་པ་དང་། ལས་སླ་པོར་ཁས་ལེན་མི་བྱེད་པ། ཁས་བླངས་ཆ་རྐྱེན་ངེས་པར་དུ་ཁ་དན་ཚིག་གནས་ཡིན་དགོས་པ་དང་། གཅོག་འཕྲི་མི་བྱེད་པ། དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། སྲིད་གཞུང་གི་མཚན་སྙན་མངོན་པར་ཤུགས་སྣོན་རྒྱག་པ་དང་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ལས་འགུལ་ཐག་གཅོད་ནན་མོ་བྱས་ཏེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།

(བཞི)ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་གཏོང་དགོས། རང་ཞིང་ཆེན་གྱི“གསར་གཏོད་པའི་ཤེས་ལྡན་པ་རྩེ་གྲ་སྟོང་གི་འཆར་གཞི”སོགས་ཤེས་ལྡན་པ་ནང་འདྲེན་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་། ས་ཁུལ་སོ་སོས་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་བཏོན་ནས་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྒྲིག་གཞི་དང་མི་སྒེར་ལ་སྐུལ་མ་གཏོང་དགོས། ལས་རིགས་སློབ་གསོ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་འཕེལ་རྒྱས་གཏོང་བར་སྐུལ་མ་གཏོང་བ་དང་། ཁེ་ལས་ཀྱི་ནུས་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་འགུག་དོན་འཁྱོལ་ཁེ་ལས་ཀྱིས་ལས་གནས་སུ་མ་ཞུགས་གོང་གི་ནུས་རྩལ་གསོ་སྦྱོང་སོགས་ལ་རྒྱབ་སྐྱོར་བྱེད་དགོས། དེ་དང་ཆབས་ཅིག་ཚོང་འགུག་མ་འདྲེན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་གདེང་འཇོག་ཚད་མེད་བྱས་ནས། ཞབས་ཞུའི་ནུས་པ་དང་མཐུན་སྦྱོར་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཚོང་འགུག་ལས་དོན་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། ཚོང་འགུག་མ་འདྲེན་ལ་སྐུལ་འདེད་གཏོང་བའི་ལས་དོན་མི་སྣའི་སྣ་མང་ཅན་གྱི་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བྱ་གཞག་སྒྲུབ་སེམས་ཆེ་བ་དང་། གསར་འབྱེད་དང་སྐྱེས་འབུལ་གྱི་སྙིང་སྟོབས་ལྡན་པ། དཔལ་འབྱོར་དང་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། རྣམ་གྲངས་གྲོས་མོལ་བྱེད་མཁས་པ། ཚོང་དོན་གྱི་རྒྱུན་སྲོལ་ཤེས་པ་བཅས་ཀྱི་ཚོང་འགུག་མ་འདྲེན་གྱི་ཆེད་ལས་དཔུང་ཁག་ཅིག་བཏོད་ནས། ཚོང་འགུག་ཤེས་ལྡན་པའི“རིག་པའི་མིང་བྱང”ཡག་པོ་ཞིག་འཛུགས་དགོས།

(ལྔ)དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རང་ཁུལ་གྱི་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཁ་གསབ་བྱས་ནས་ཚོང་འགུག་མ་འདྲེན་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ལོ་མགོར་ཁུལ་སྲིད་གཞུང་གི་སྡེ་ཁག་དང་རྫོང་སོ་སོ་ལ་ཚོང་འགུག་མ་འདྲེན་གྱི་བྱ་བའི་དམིགས་ཚད་ལས་འགནགན་རྒྱ་བཞག་པའི་གྲངས་ཀ་དང་། གསར་དུ་ལས་མགོ་ཚུགས་པའི་རྣམ་གྲངས་ཀྱི་གྲངས་འབོར་དང་ལོ་འཁོར་གྱི་མ་དངུལ་འབྱོར་གྲངས། རྣམ་གྲངས་གལ་ཆེན་ཇུས་འགོད། གཙོ་གནད་རྣམ་གྲངས་ཞབས་ཞུ་སོགསསོ་སོར་སྤྲོད་པ་དང་འབྲེལ་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ནས་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་མ་ལག་ནང་བཅུག་སྟེ། ཁུལ་སྲིད་གཞུང་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལོ་ལྟར་མ་དངུལ་ངེས་ཅན་ཞིག་བཏོན་ནས་ལོ་ཧྲིལ་པོའི་བྱ་བའི་དམིགས་ཚད་ལས་འགན་ཡོངས་སྒྲུབ་དང་དེ་བཞིན་ཚོང་འགུག་མ་འདྲེན་གྱི་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པའི་སྡེ་ཁག་དང་། ལས་ཁུངས། མི་སྒེར་བཅས་ལ་གཟེངས་བསྟོད་དང་སྐུལ་ལྕག་བྱེད་དགོས། ལས་དོན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། མ་འཇོག་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་བ། རྣམ་གྲངས་དོན་འཁྱོལ་བྱེད་སྐབས་བསམ་ངན་བཅངས་ནས་ཞིབ་མཆན་འགོད་རྒྱུ་ནར་འགྱངས་བྱེད་པ་སོགས་ཀྱི་ལས་འགུལ་ཡོད་པའི་ལས་ཁུངས་དང་ལས་བྱེད་པར་བརྡ་སྦྱོར་བཏང་ནས་སྐྱོན་བརྗོད་དམ་ཡང་ན་འགན་འཁྲི་བདའ་འདེད་བྱེད་དགོས།

(དྲུག) ཚོང་འགུག་བྱེད་ཐབས་གསར་གཏོད་བྱེད་དགོས། གཅིག་ནས་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་དང་། དར་རྒྱས་ཆེ་བའི་ས་ཁུལ། སྡེ་ཁག་གི་ཚོང་འགུག་ཐོན་ཁུངས་སྤྱི་འདོམས་བྱས་ནས་ཧུར་ཐག་གིས་ཚོང་འགུག་མ་འདྲེན་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཚོང་འགུག་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཚོང་འགུག་མངགས་བཅོལ་དང་། མཚམས་སྦྱོར་ཚོང་འགུག མཉམ་ལས་ཚོང་འགུག ཚོང་ལ་བརྟེན་ནས་ཚོང་འགུག་བྱེད་པ། “དྲ་སྦྲེལ+ལས་སྟེགས”ཀྱི་ཚོང་འགུག་སོགས་ཀྱི་བྱེད་སྟངས་གསར་པ་སྤྱད་དེ་བྱེད་པོ་སྣེ་མང་ཅན་དང་། རྣམ་པ་སྣ་མང་ཅན། བྱ་ཡུལ་གནད་སྨིན་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་ད་ཡོད་ཀྱི་ཚོང་འགུག་འདུ་ཤེས་ལ་འགྱུར་ལྡོག་ཡོད་པར་བྱས་ཏེ“ཆང་ཞིམ་ན་ཉོ་མཁན་མེད་པར་མི་སྐྲག་པའི”ཚོང་འགུག་བྱེད་སྟངས་ནས“ཕྱིར་སྐྱོད་པ་དང་། ནང་དུ་འདྲེན་པ། གནས་ཐུབ་པ། འཕེལ་རྒྱས་བཟང་བ”བཅས་ཀྱི་ཚོང་འགུག་བྱེད་སྟངས་སུ་བསྒྱུར་ནས་ཚོང་འགུག་མ་འདྲེན་ལས་དོན་གྱི་གཙོ་གནད་དེ་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་པའི་ཁྲོད་དུ་བསྒྱུར་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། དེ་བཞིན་ཁེ་ལས་བཅས་ཀྱིས་རྒྱལ་ནང་གི་དཔལ་འབྱོར་ཚོང་དོན་འགྲེམས་ཚོགས་གྲགས་ཅན་གྱི་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་ཏེ། ཇུས་འགོད་ཞིབ་ཚགས་དང་མཉམ་ཤུགས་ཆགས་པར་བྱས་ནས་ད་ཡོད་ཀྱི་ཚོང་འགུག་མ་འདྲེན་གྱི་སྟེགས་བུ་གལ་ཆེན་ཁྲོད་ས་ཁོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ལེགས་ཆའི་ཐོན་ལས་དང་ད་ཡོད་ཀྱི་ཐོན་ནུས་ལ་དམིགས་ནས་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཐོན་ལས་ཆ་ཚང་བ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པ་དེས་ཡིད་དབང་བཀུག་ནས་ཐོན་ལས་ཚོང་འགུག་བྱེད་དགོས། ཚོང་ཚོགས་དང་མཐུན་ཚོགས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ཁུངས་སྔོག་འདོན་དང་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཕྱོགས་མང་པོའི་ཐད་ནས་ཚོང་འགུག་བྱེད་སྒོ་སྤེལ་བ་དང་།   ཚོང་འགུག་བྱེད་པར་མ་དངུལ་ནང་འདྲེན་བྱེད་དགོས་པ་མ་ཟད། ད་དུང་རིག་སྟོབས་ནང་འདྲེན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནང་འདྲེན་བྱེད་པ་དང་། ཉམས་མྱོང་དང་བྱེད་སྟངས་ནང་འདྲེན་བྱས་ནས། ཐོན་ལས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ད་ཡོད་རང་སའི་ཁེ་ལས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས། མིག་སྔའི་གན་རྒྱ་བཞག་པའི་རྣམ་གྲངས་ཀྱི་དུས་མཇུག་ཏུ་དོན་འཁྱོལ་བྱེད་དཀའ་བ་དང་ཐོན་ནུས་ལྷག་འཕྲོ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་ལས་རིགས་ཀྱི་ངེས་གནས་གཏན་ཁེལ་བྱས་ཏེ། འོས་འཚམ་གྱི་ཚོང་ལས་གོ་སྐབས་སམ་ཡང་ན་འོས་འཚམ་གྱི་ས་ཁོངས་བདམས་ཏེ་ནང་འདྲེན་བྱས་པའི་ཁེ་ལས་ལ་ཡུལ་བབ་དང་བསྟུན་ནས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་དགོས།

(བདུན)རྣམ་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་གཞིར་བཟུང་སྟེ་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་གསོག་འཇོག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་སོ་སོའི་ཐོན་ལས་ཀྱི་ལེགས་ཆ་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་སྣུར་སྲིང་དང་གཅིག་སྡུད། རིམ་སྤོར་འཕེལ་རྒྱས་བཅས་ཀྱི་སྤུས་ལེགས་རྣམ་གྲངས་འཆར་འགོད་དང་སྒྲིག་བཟོ་བྱེད་དགོས། ཚན་རིག་ཞིབ་འཇུག་ཁང་དང་བློ་འདྲི་ལས་ཁུངས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཇུས་འགོད་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བ་དང་། ཕན་འབྲས་ལེགས་པ། གཏིང་ཤུགས་ཆེ་བ། གབ་ཤུགས་ཆེ་བ། ཁྱབ་འགྱེད་རང་བཞིན་ཆེ་བ་བཅས་ཀྱི་ཚོང་འགུག་མ་འདྲེན་རྣམ་གྲངས་ཁག་ཅིག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། ཁག་ཅིག་གྲབས་གསོག་དང་། ཁག་ཅིག་གྲོས་མོལ། ཁག་ཅིག་འཛུགས་སྐྲུན། ཁག་ཅིག་ཐོན་སྐྱེད་བྱེད་མགོ་འཛུགས་པ་བཅས་ཀྱི་འཁོར་རྒྱུག་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་རང་འགུལ་སྒོས་ཐབས་ཇུས་འདོན་པ་དང་རྣམ་གྲངས་ཀྱི་ཆ་འཕྲིན་འཚོལ་སྡུད་བྱས་ཏེ། ཧུར་ཐག་གིས་སྤུས་ལེགས་རྣམ་གྲངས་མཛོད་འཛུགས་རྒྱུར་ཇུས་འགོད་ཇུས་གཞི་དང་། ཐུམ་རྒྱག་ཐབས་ཇུས། བློ་འདྲིའི་ཞབས་ཞུ་བཅས་མཁོ་འདོན་བྱེད་དགོས།

(བརྒྱད) གླིང་ཁུལ་གྱི་ཐེག་ནུས་ཆེ་རུ་གཏོང་དགོས། རྫོང་བཞིའི་གླིང་ཁུལ་གྱི་ཚོང་འགུག་གཞི་རྟེན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་གླིང་ཁུལ་དེ་སྒོ་དབྱེ་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་འགྱུར་བ་བྱས་ཏེ། གླིང་ཁུལ་གྱིས་ས་གནས་དེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཁྱད་ལྡན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་རྩ་དོན་གཞིར་བཟུང་ནས། “ཕྱོགས་གཉིས་སྤོ་སྒྱུར་ཐབས་ཇུས”སྐུལ་འདེད་གཏོང་བ་དང་། བྱེད་ནུས་ངེས་གནས་དང་གཙོ་ཁྲིད་ཐོན་ལས་ཁ་གསལ་བཟོ་བ། ཕྱོགས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་གནད་སྨིན་ཚོང་འགུག་བྱེད་པ། ལྟེ་བའི་འགྲན་རྩོད་ནུས་པ་སྐྱེད་སྲིང་བྱེད་པ་བཅས་བྱས་ནས་བཀོད་སྒྲིག་ལུགས་མཐུན་དང་། བྱེད་ནུས་ཆ་ཚང་། ངེས་གནས་གསལ་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་གླིང་ཁུལ་གྱི་རྣམ་པ་གསར་པ་ཞིག་ཆགས་དགོས། “ཚང་བཟོ་བྱ་འགུགས”རྒྱུན་འཁྱོངས་བྱས་ཏེ། ཕན་ནུས་ཆེ་ཞིང་དང་ལེགས་བསྡུས་ཞིབ་གཉེར་གྱི་རྩ་དོན་གཞིར་བཟུང་ནས་ཚད་ལྡན་ཅན་གྱི་བཟོ་ཁང་འཛུགས་སྐྲུན་མངོན་གསལ་དོད་པོ་བྱེད་པ་དང་། ཚད་ལྡན་ཅན་གྱི་བཟོ་ཁང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་བྱེད་པའི་དུས་འཁོར་ཇེ་ཐུང་དུ་གཏོང་བ། ཁེ་ལས་ཀྱི་མ་གནས་ཇེ་དམའ་རུ་གཏོང་བ་བཅས་བྱས་ནས། ཁེ་ལས་ཀྱིས་མགྱོགས་མྱུར་ངང་ཐོན་སྐྱེད་བྱེད་མགོ་འཛུགས་པར་སྐུལ་འདེད་གཏོང་དགོས། གླིང་ཁུལ་གྱི་འབྲེལ་ཡོད་དོན་གཅོད་དབང་ཆ་དང་། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་སྲིད་ཇུས་སྔར་བས་དོན་འཁྱོལ་བྱས་ཏེ། གླིང་ཁུལ་གྱི་ལས་སྒྲུབ་ལས་ཆོད་ཆེ་རུ་གཏོང་བ་དང་གླིང་ཁུལ་གྱི་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གླིང་ཁུལ་འཕེལ་རྒྱས་གཏོང་བ་དེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ནས་ཚོང་རས་གཙོ་ཁྲིད་བྱེད་པར་བསྒྱུར་བ་དང་། སྲིད་གཞུང་གི་འགན་ནུས་དེ་གསར་སྤེལ་འཛུགས་སྐྲུན་ནས་སྤྱི་བའི་ཞབས་ཞུའི་ཕྱོགས་སུ་བསྒྱུར་དགོས། གླིང་ཁུལ་གྲགས་ཅན་གྱི་གཉེར་སྐྱོང་ཚོང་པ་དང་ཚོགས་པ་འཚོལ་ཞིབ་དང་ནང་འདྲེན་བྱས་ཏེ། ཆེད་ལས་ཅན་གྱི་གླིང་ཁྲོད་དུ་གླིང་ཡོད་པ་དང་ཚད་ལྡན་ཅན་གྱི་བཟོ་ཁང་སོགས་གཉེར་སྐྱོང་དང་དོ་དམ་བྱས་ནས། གླིང་ཁུལ་གྱི་གཉེར་སྐྱོང་ལས་ཕྱོད་ཆེ་རུ་གཏོང་དགོས། ཧུར་ཐག་གིས་ཁེ་ལས་གྲགས་ཅན་དང་འབྲེལ་མཐུད་བྱས་ཏེ། ས་ཞིང་མ་རྐང་འཇོག་པ་དང་། བཟོ་ཁང་ཚབ་སྐྲུན། རྐང་དབང་མ་འཇོག་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་གླིང་ཁུལ་མཉམ་ལས་མཉམ་སྐྲུན་བྱས་ཏེ། སྤྱི་ཁྱབ་པུའི་དཔལ་འབྱོར་དང་སྣེ་འདྲེན་ཁེ་ལས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས།

(དགུ)ཚོང་འགུག་བྱེད་པའི་འགན་འཁྲི་མངོན་དགོས། གཅིག་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོང་འགུག་མ་འདྲེན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས། “གཙོ་འགན་ཁུར་མཁན”གྱིས་ཚོང་འགུག་མ་འདྲེན་གྱི་འགག་རྩའི་རང་བཞིན་གྱི་ནུས་པ་རང་འགུལ་ངང་འདོན་སྤེལ་བྱས་ཏེ། ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་གལ་ཆེན་ལ“དོན་རེར་གྲོས་རེ”དང“ཁེ་ལས་རེར་ཐབས་རེ”སྤྱོད་རྒྱུར་སྐུལ་ལྕག་གཏོང་དགོས། རིམ་པ་སོ་སོའི་ཚོང་འགུག་སྡེ་ཁག་གི་ཕྱོགས་བསྡུས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་འགན་ནུས་ཆེ་རུ་བཏང་ནས་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་གལ་ཆེན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་རྒྱུར་ཤུགས་སྣོན་དགོས། མཉམ་འབྲེལ་གྲོས་ཚོགས་མཐུན་སྦྱོར་བྱ་བའི་ལམ་སྲོལ་བཙུགས་ནས་མཉམ་འབྲེལ་བྱ་བའི་ལམ་སྲོལ་གྱིས་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྷག་པར་དུ་རྣམ་གྲངས་གལ་ཆེན་དོན་འཁྱོལ་དང་འཛུགས་སྐྲུན་བྱེད་པ། རྣམ་གྲངས་སྐུལ་འདེད་གཏོང་བའི་ཁྲོད་འཕྲད་པའི་གནད་དོན་གལ་ཆེན་ལ་མཉམ་འབྲེལ་མཐུན་སྦྱོར་ལས་དོན་གྲོས་ཚོགས་བརྒྱུད་ནས་གཅིག་གྱུར་མཐུན་སྦྱོར་དང་དོན་འཁྱོལ་བྱེད་དགོས། གཉིས་ནས་ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཧུར་ཐག་གིས་ཚོང་འགུག་མ་འདྲེན་གྱི་ལས་དོན་འགན་ལེན་མ་དངུལ་གྲབས་གསོག་བྱས་ནས་མ་དངུལ་གྱི་ཕན་འབྲས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཚོང་འགུག་མ་འདྲེན་གྱི་གྲོན་དངུལ་བེད་སྤྱོད་ཕན་འབྲས་ཆེ་ཤོས་ལ་སྐུལ་འདེད་གཏོང་དགོས།

(བཅུ)ཚོང་འགུག་ཀྱི་་རྒྱུ་རྐྱེན་གཙོ་བོའི་འགན་ལེན་དོན་འཁྱོལ་བྱེད་དགོས། གཅིག་ནས་ས་ཆ་མཁོ་འདོན་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། “ས་ཆ་དེ་རྣམ་གྲངས་ཀྱི་རྗེས་སུ་འབྲངས་བའི”འདུ་ཤེས་བཙུགས་ཏེ། བསམ་ཕྱོགས་དང་། བྱེད་ཐབས། ལམ་སྲོལ་བཅས་ཀྱི་ཐད་ཧུར་ཐག་གིས་གསར་གཏོད་བྱས་ནས། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་མཁོ་སྤྲོད་མི་འདང་བ་དང་། བཟོ་ལས་ཐོན་སྐྱེད་ཀྱི་ཁང་པ་དཀོན་པ་སོགས་ཚོང་འགུག་མ་འདྲེན་ལས་དོན་སྤེལ་སྐབས་ཀྱི་འགག་གནད་དང་དཀའ་གནད་ལ་དམ་པོར་དམིགས་ནས་གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་། ས་ཆ་མཁོ་སྤྲོད་ལ་ཤུགས་སྣོན། བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ཏེ་རྣམ་གྲངས་སྔ་ཙམ་ནས་དོན་འཁྱོལ་བྱེད་པ་དང་། ལས་མགོ་སྔ་ཙམ་ནས་འཛུགས་པ། ཐོན་སྐྱེད་སྔ་ཙམ་ནས་བྱེད་པ། ཕན་འབྲས་སྔ་ཙམ་ནས་ཐོན་པ་བཅས་སྐུལ་འདེད་གཏོང་དགོས། གཉིས་ནས་བེམ་རོ་ལྟ་བུའི་ཁེ་ལས་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ནུས་དམའ་བའི་ས་ཆ་དང་བེད་མེད་དུ་བཞག་པའི་བཟོ་ལས་ལ་མཁོ་བའི་ས་ཆ་ཁག་ཅིག་གཙང་བཤེར་དང་གང་འགབ་ཅི་སྤྱོད་བྱེད་པ་དང་། ཁྲིམས་ལྟར་ནང་བཤུག་དང་མཉམ་ལས་གསར་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གང་འགབ་ཅི་སྤྱོད་བྱེད་པར་སྐུལ་ལྕག་གཏོང་དགོས། བེད་མེད་དུ་བསྐྱུར་བའི་ས་ཆ་བསྐྱར་སྦོལ་གྱི་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཕན་སྒྱུར་བྱེད་པ། བེད་སྤྱོད་མ་བྱས་པའི་ས་ཆ་དུས་ཐོག་ཏུ་ཚུར་བསྡུ་བ། ཐོན་ཁུངས་བེད་སྤྱོད་ཀྱི་ལེགས་ཆ་སྟངས་འཛིན་ནན་མོ་བཅས་བྱེད་དགོས། གསུམ་ནས་རྣམ་གྲངས་དོན་འཁྱོལ་བྱེད་པའི་དུས་མགོའི་ཆ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། རྒྱུ་རྐྱེན་གཙོ་བོའི་སྔོན་འགྲོའི་ཆ་རྐྱེན་དང་རྒྱུ་རྐྱེན་གཙོ་བོའི་རྗེས་སྙེག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་ཐབས་ལམ་ཤར་གཏོང་ཐུབ་དགོས། ཚོང་འགུག་མ་འདྲེན་གྱི་ཐོན་ལས་རྣམ་གྲངས་ཀྱི་ཆུ་མཁོ་འདོན་དང་། གློག་འདོན། འགྲིམ་འགྲུལ། འཕྲིན་གཏོང་། ཟོག་འགྲེམས་སོགས་རྨང་གཞིའི་ཆ་སྒྲིག་འགན་ལེན་ཚད་གཞི་མཐོ་བའི་སྒོ་ནས་འགན་ལེན་བྱེད་པ་དང་། ལྷག་པར་དུ་ཚད་གཞི་མཐོ་བའི་སྒོ་ནས་རྫོང་བཟོ་ལས་གླིང་ཁུལ་གྱི་སྤྱི་བའི་ཆ་སྒྲིག་རྒྱུ་རྐྱེན་བཀོད་སྒྲིག་ཐག་གཅོད་ཡག་པོ་བྱེད་པ། ཐོན་ལས་གཞན་སྒྱུར་རྣམ་གྲངས་གཞིས་ཆགས་ཀྱི་ལེགས་ཆ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

གསུམ། རྩ་འཛུགས་ཀྱི་འགན་ལེན།

(གཅིག)རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས། མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་ལས་དོན་མགོ་ཁྲིད་ཚན་ཆུང(གཤམ་དུ་མགོ་ཁྲིད་ཚན་ཆུང་ཞེས་བསྡུས་ཡོད)རྩ་འཛུགས་བྱས་ནས་བཙུགས་ཏེ། ཁུལ་ཡོངས་ཀྱི་ཚོང་འགུག་མ་འདྲེན་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་དང་ཚོང་འགུག་མ་འདྲེན་གྱི་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་བྱེད་པའི་འགན་ཁུར་དགོས། མགོ་ཁྲིད་ཚན་ཆུང་གིས་དུས་བཀག་ལྟར་མཐུན་སྦྱོར་གྲོས་ཚོགས་དང་། ལྟ་སྐུལ་མཛུབ་ཁྲིད་གྲོས་ཚོགས། ལས་དོན་གྲོས་ཚོགས་བཅས་འཚོགས་ནས་རྣམ་གྲངས་གལ་ཆེན་གྱི་ཚོང་འགུག་མ་འདྲེན་གྱི་ལས་དོན་ཞིབ་འཇུག་གཏན་ཁེལ་བྱེད་དགོས། མགོ་ཁྲིད་ཚན་ཆུང་འོག་ཏུ་གཞུང་ལས་ཁང་འཛུགས་པ་དང་། གཞུང་ལས་ཁང་དེ་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་རུ་བཙུགས་ནས་ཁུལ་ཡོངས་ཀྱི་ཚོང་འགུག་མ་འདྲེན་ལས་དོན་རྩ་འཛུགས་དོན་འཁྱོལ་དང་། མཐུན་སྦྱོར་མཛུབ་ཁྲིད། སྡོམ་རྩིས་དཔྱད་ཞིབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་ཁུར་དགོས།

(གཉིས)སྐུལ་འདེད་ཞིབ་བཤེར་ནན་མོ་བྱེད་དགོས། ལྟ་བཤེར་སྐུལ་སྒྲུབ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོང་འགུག་རྣམ་གྲངས་ཀྱི་རྩིས་ཁྲ་དང་གནད་དོན་གསལ་ཐོ་བཟོ་བར་སྐུལ་འདེད་བཏང་སྟེ། ཚོང་འགུག་མ་འདྲེན་གྱི་ལས་དོན་དོན་འཁྱོལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་ཚོང་འགུག་མ་འདྲེན་གྱི“ཟླ་རེར་བརྡ་ཁྱབ་དང་། དུས་ཚིགས་ཀྱི་ཨང་རིམ། ལོ་མཇུག་གི་ཕྱོགས་སྡོམ”བཅས་ཀྱི་བྱ་བའི་ལམ་སྲོལ་བཙུགས་ནས་ཟླ་རེར་ལེགས་འགྲུབ་བྱུང་ཚད་བརྡ་ཁྱབ་གཏོང་བ་དང་། དུས་ཚིགས་རེར་ཕྱོགས་བསྡུས་ཨང་རིམ་ཁྱབ་བསྒྲགས་བྱས་ཏེ། རྗེས་སྙེག་ཕན་འབྲས་ལམ་སྲོལ་དང་། དཔྱད་ཞིབ་གདེང་འཇོག་མ་ལག བདའ་འདེད་ལམ་ལུགས་བཅས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རྒྱུན་ལྡན་གྱི་སྒོ་ནས་ལྟ་ཞིབ་དང་། རྩིས་བཤེར། ལྟ་སྐུལ་ཞིབ་བཤེར་སོགས་སྡེ་ཁག་མང་པོས་མཉམ་འབྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། གཙོ་གནད་བཅོས་སྒྲིག་སྲིད་ཇུས་དོན་འཁྱོལ་མི་བྱེད་པ་དང་། ཞབས་ཞུ་དོན་ཐོག་ཏུ་མི་འཁྱོལ་བ། ཁས་ལེན་དོན་ཐོག་ཏུ་མི་འཁྱོལ་བ། ཐ་ན་ལས་དོན་མི་སྒྲུབ་པ་དང་གང་འདོད་དུ་སྒྲུབ་པ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་བྱེད་དགོས།

(གསུམ)ཁྱོན་ཡོངས་ནས་འགན་འཁྲི་ནན་དུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོང་འགུག་མ་འདྲེན་ཀྱི་ལས་དོན་རྩ་འཛུགས་ཀྱི་མགོ་ཁྲིད་དང་། མཐུན་སྦྱོར་གཞོགས་འདེགས། ཧུར་ཐག་གིས་ཞུགས་པ། རང་འགུལ་ཞབས་ཞུ་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཚོང་འགུག་མ་འདྲེན་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་དང་། “གོང་འོག་མཉམ་འགུལ་དང་། གཡས་གཡོན་མཐུན་སྦྱོར། ཁྱོན་ཡོངས་ནས་སྐུལ་འདེད”བཅས་ཀྱི་རྣམ་པ་བཟང་པོ་ཞིག་དངོས་སུ་ཆགས་པར་བྱེད་དགོས། ལྷག་པར་དུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ངོས་འཛིན་མཐོ་རུ་བཏང་ནས་བྱེད་པོའི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཆེད་བསྐོས་མི་སྣས་འགན་ཁུར་བ། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལས་འགན་ཁག་བགོས་ཁ་གསལ་བཟོ་བ། བྱ་བའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ཚོང་འགུག་མ་འདྲེན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། “སུས་ཚོང་འགུག་བྱས་ན་དེས་འགན་ཁུར་རྒྱུ་དང་། སུས་མིང་རྟགས་བཀོད་ན་དེས་འགན་ཁུར་རྒྱུ། སུས་ཞབས་ཞུ་སྒྲུབ་ན་དེས་འགན་ཁུར་རྒྱུ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རྣམ་གྲངས་དོན་འཁྱོལ་གྱི་དུས་མགོའི་ཆ་སྒྲིག་ལས་དོན་སྔར་བས་ཡག་པོ་བསྒྲུབ་པ་དང་། ཐོན་ལས་གཞན་སྒྱུར་རྣམ་གྲངས་ཀྱི་གཞིས་ཆགས་ལེགས་ཆ་ཆེ་རུ་བཏང་སྟེ། རྣམ་གྲངས་ལ་མིང་རྟགས་བཀོད་ནས་དོན་འཁྱོལ་བྱེད་རིམ་ཧྲིལ་པོར“ཁྱིམ་གཡོག་ལྟ་བུའི”ཞབས་ཞུ་ཡག་པོ་བསྒྲུབ་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆ་སྒྲིག་བྱེད་ཐབས་བཟོ་རྒྱུར་དམ་འཛིན་བྱས་ནས་མཉམ་ཤུགས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་སྣ་སོ་སོ་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་ནས། ཁུལ་ཡོངས་ཀྱི་ཚོང་འགུག་མ་འདྲེན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ལ། ལྗང་མདོག་དང་སྐྱེ་ཁམས། དཔལ་ཡོན། འབྱོར་ཕྱུག་བཅས་ཀྱི་མཚོ་བྱང་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།





མཉམ་སྤྱོད།