མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་ལས་འགུལ་ཇུས་གཞི》 དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2023-05-23 15:22:37   |   2523

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས། བཤེར་འབེབས། རྡོ་རྗེ་བྱམས།


བྱང་སྲིད་ཁང〔2022〕ཨང106། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོའི་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།

《མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་ལས་འགུལ་ཇུས་གཞི》ལ་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་བདུན་པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བས། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་ཡིན་ལ། ཁྱེད་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།  

2022ལོའི་ཟླ12ཚེས12ཉིན།  

མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་ལས་འགུལ་ཇུས་གཞི།  

ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“སྤུས་ལེགས་གཅིག་དང་སྔོན་འགྲོ་གཉིས”ཀྱི་འཐབ་ཇུས་དམིགས་ཚད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་མཛེས་པའི་མཚོ་བྱང་གི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། མཚོ་བྱང་གི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ། མཚོ་བྱང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། གཤམ་གྱི་ལས་འགུལ་ཇུས་གཞི་འདི་ཆེད་དུ་བཟོས་པ་ཡིན།

གཅིག   སློབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་རྐང་ཚར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པར་བྱེད་དགོས་ལ། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་ཁེལ་ལ་རྐང་བཙུགས་ཏེ། ཧུར་ཐག་གིས“243”འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་སྲ་བརྟན་དང་མཐོར་གཏོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གནམ་སྔོ་ཆུ་དྭངས་ས་གཙང་སྲུང་སྐྱོང་། སྐྱེ་ཁམས་ལེགས་ཆ་གཞན་སྒྱུར་འཕེལ་རྒྱས་ཀྱི་ལེགས་ཆ་སོགས་ཀྱི་ལས་དོན་ལ་སྡོམ་འགོད་སྐུལ་འདེད་བཏང་ནས། མཚོ་བྱང་གི་སྐྱེ་ཁམས་མཛེས་པར་བརྟེན་ནས་མཚོ་བྱང་གི་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ་དང་། མཚོ་བྱང་གི་སྐྱེ་ཁམས་མཛེས་པ་རྨང་གཞི་བྱས་ཏེ་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས།

གཉིས། ལས་དོན་དམིགས་ཚད།

“འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག  བདེ་སྐྱིད”བཅས་ཀྱི་མཚོ་བྱང་ལྔ་མངོན་འགྱུར་བྱེད་པའི་ཐབས་ལམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་མཚམས་དང་རིམ་པ་དབྱེ་ནས་མཛེས་པའི་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ལེགས་པ་དང་། འཚོ་བ་ཕྱུག་པོ། དཔལ་འབྱོར་བཟང་བ། རིག་གནས་དར་རྒྱས་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་སྣེ་ཁྲིད་ཁུལ་གཏོད་པ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མཚོ་བྱང་དཔེ་མཚོན་བཏོད་དེ། མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་དཔེ་སྟོན་ཚད་གཞི་འཛུགས་དགོས། སྣ་མང་ཕུན་སུམ་ཚོགས་པའི་མཛེས་སྡུག་ལྡན་པའི་བར་སྟོང་གང་ལེགས་མངོན་པ་དང་། གནམ་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་བསྐྱར་དུ་གཏོད་པ། སྐྱེ་ཁམས་ལེགས་ཆ་གཞན་སྒྱུར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆའི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཏེ། “རང་སྐྲུན་མཛེས་པ་ཉམས་སུ་མྱོང་། གཞན་སྐྲུན་མཛེས་པར་ཁོང་ཡངས་བྱེད”པའི་མཛེས་སྡུག་གི་རི་མོ་ཧུར་ཐག་གིས་བྲིས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི“མཛེས་པའི་མཚོ་བྱང”གི་ལེའུ་གསར་པ་ཞིག་རྩོམ་དགོས།

 མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་དམིགས་ཚད་ཟམ་མི་ཆད་པར་ཁ་གསལ་བཟོ་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་སྔར་བས་གཏིང་ཟབ་ཏུ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས་གཞི་གཅིག་ཅན་གྱི་བཅོས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ། རྒྱལ་ཁབ་ས་ཆ་ལྗང་སྒྱུར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། མཚོ་བྱང་གི་ཁྱད་ལྡན་སྐྱེ་ཁམས་དཔལ་ཡོན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རིམ་བཞིན་ཇེ་བརྟན་དུ་གཏོང་བ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོ་བརྟན་པོའི་ངང་སྐུལ་སྤེལ་བྱེད་པ། རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཉར་ཚགས་མ་ལག་སྤྱིའི་ཆ་ནས་བསྐྲུན་ཚར་བ་བཅས་བྱེད་དགོས།

 ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཛེས་སྡུག་ལྡན་པའི་འཛུགས་སྐྲུན་ལ་གྲུབ་འབྲས་དངོས་ཐོབ་པ་དང་། ཙོང་ཆུ་དང་བར་དམ་ཆུ་བོ། མུ་རི་ཆུ་བོའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བ། མཛེས་སྡུག་ལྡན་པའི་བར་སྟོང་སྔར་བས་ལུགས་མཐུན་ཡིན་པ། སྐྱེ་ཁམས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། མཛེས་པའི་མཚོ་བྱང་འཛུགས་སྐྲུན་ལ་ཕན་འབྲས་རགས་ཙམ་ཐོབ་པ་བཅས་བྱེད་དགོས།

སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་གཞི་རྩའི་ཆ་ནས་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་དགོས། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་རིམ་བཞིན་ཆགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་རྩེ་གྲ་རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་པ། མཁར་གྲོང་གི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་དང་གྲོང་གསེབ་ཀྱི་འཚོ་བ་སྔར་བས་ཕྱུག་པོ་ཡོང་བའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་དགོས། སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་མ་ལག་རང་བཞིན་དང་ཐོལ་བརྒལ་རང་བཞིན། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། མཛེས་པའི་མཚོ་བྱང་འཛུགས་སྐྲུན་བྱ་རྒྱུ་དེ་མི་སེམས་སུ་ཟུག་དགོས།

གསུམ། འགན་ཁུར་གཙོ་བོ།

(གཅིག)རི་ཆུ་ཀླུང་གསུམ་དང་དག་སྣང་མཚར་སྡུག་ལྡན་པའི་མཚོ་བྱང་གི་བར་སྟོང་བཞེངས་དགོས། མཚོ་བྱང་གི་ཁྱད་ཆོས་ལ་དམིགས་ཏེ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྡོམ་འགོད་བྱེད་པ་དང་། མཚོ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་བླང་བྱར་དམ་པོར་དམིགས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས་མ་ལག་ཉམས་གསོ་བཅོས་སྐྱོང་དང་སྲུང་སྐྱོང་ལ་མ་ལག་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གཙོ་གཞིའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་ནན་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་སྤྱོད་སྒོ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ནུས་པ་གསལ་བའི་མཛེས་སྡུག་ལྡན་པའི་རི་ཀླུང་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་བར་སྟོང་གི་རྣམ་པ་རྒྱུན་ཆད་མེད་པར་སྐྲུན་དགོས།

༡ རི་བོ་རྨང་གཞིར་བྱས་ནས་ས་ཁོངས་ཧྲིལ་པོའི་ཡིད་དབང་འཕྲོག་པའི་བར་སྟོང་སྲུང་སྐྱོང་བྱེད་དགོས། མདོ་ལ་རིང་མོ་སྲུང་སྐྱོང་བྱེད་པ་གཙོ་བོར་བྱས་པའི་ནང་གསེར་ཆེན་རི་བོ་དང་ཀླུ་ལུང་རི། བཙུན་མོ་དམར་ཡག་མ། ཨ་མྱེས་སྟོང་སོ། ཐོ་ལུ་རི། མཐོན་པོ་སྒང་། ཤ་རྭ་རི། ཤར་གྱི་གྲོགས་ལྷ། གཉན་ཆེན་ཞལ་དཀར། བར་དམ་གངས་དཀར། མེ་ལྷ་གངས་དཀར། ཆུ་ནག་ཆུ་བོའི་གྲོག་རོང་ཆེན་མོ་བཅས་ཚུད་པའི་ས་མཐོའི་སྤང་ལྗོངས་དང་ནགས་ཚལ། འདམ་ས། གངས་རི་འཁྱག་རོམ་བཅས་སྲུང་སྐྱོང་བྱེད་པ་དམིགས་ཡུལ་དུ་བྱས་ནས། སྐྱེ་ཁམས་ནུས་པའི་ཁུལ་གཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་མགྱོགས་སུ་བཏང་སྟེ། མཚོ་བྱང་གི་རི་བོའི་ཚོགས་ནི་ཡིད་འོང་རྔམ་བརྗིད་ལྡན་པའི་ཉམས་སྣང་མངོན་དགོས།

 སྣེ་ཁྲིད་ལས་ཁུངས།  ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

 གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།

 ལེགས་སྒྲུབ་དུས་ཚད།  རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

 ༢ ཆུ་རྩ་བར་ནས་མཛེས་སྡུག་ལྡན་པའི་ཆུ་མཚོ་སྐྲུན་དགོས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུ་གཙོ་གནད་དུ་བྱས་ཏེ། བྱང་ངོགས་ས་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་བྱང་ངོགས་ས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་བ་དང་། དུས་ཐོག་ཏུ་འབབ་རྒྱུད་ཀྱི་ཁོར་ཡུག་གི“སྙིགས་རོ་གཙང་སེལ”བྱས་ནས་མཛེས་སྡུག་ལྡན་པའི“མཚོ་ངོགས་རྒྱུད” ནུས་ཤུགས་ཡོད་རྒུས་བཏོད་དེ། མཚོ་སྔོན་པོ་འབབ་ཁུལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཙོང་ཆུ་དང་མུ་རི་ཆུ་བོ། གསེར་ལྡན་ཆུ་བོ། འོམ་ཆུ་བཅས་ཀྱི་འབབ་ཁུལ་གྱི་ཁྱད་ཆོས་མངོན་གསལ་ཡོང་བ་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཉམ་དུ་ཙོང་ཆུ་སྲུང་བའི་འགུལ་སྐྱོད་ཀྱི་མཉམ་འགུལ་ལམ་སྲོལ་བཙུགས་ནས། དུས་བཅད་ལྟར་ཙོང་ཆུ་སྲུང་སྐྱོང་ལས་འགུལ་སྤེལ་དགོས། འབབ་ཁུལ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་མཚོ་རྒྱུད་སྲུང་སྐྱོང་བྱེད་པ། གཙང་པོའི་འགྲམ་རྒྱུད་ཀྱི་འགོག་སྲུང་ནགས་ཚལ་མ་ལག་དང་ཆུ་བོའི་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་བྱེད་པ། ཆུ་ངོགས་ཀྱི་ས་མཐོའི་རླུང་འོད་ས་རྒྱུད་མཛེས་ཤོས་འཛུགས་སྐྲུན་བྱེད་པ། གསེར་མཚོ་དང་དངུལ་མཚོ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། ཙོང་ཆུ་དང་མུ་རི་ཆུ་བོ། གསེར་ལྡན་ཆུ་བོ། འོམ་ཆུ་བཅས་ཀྱི་སྐྱེ་ཁམས་གནས་སྐོར་གྱི་ལྟ་སྐོར་ལམ་ཐིག་སྐྲུན་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་ཆུ་བེད་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།

ལེགས་སྒྲུབ་དུས་ཚད། རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

 ༣ ནགས་རྩ་སྨྱུ་གུར་བྱས་ནས་ཉམས་འགྱུར་སྟོང་ལྡན་གྱི་མཚོ་བྱང་གསར་པ་འབྲི་དགོས། རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི602དང་། རང་བྱུང་ནགས་ཚལ་མུའུ་ཁྲི353དང་རང་བྱུང་རྩྭ་ར་མུའུ་ཁྲི3853བཅས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱས་ནས། “ནགས་རྩྭའི་དཔོན”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་ནགས་ལས་ལ་གནོད་ཡོད་སྐྱེ་དངོས་འགོག་བཅོས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་འགན་ལེན་ནུས་ལྡན་བྱེད་དགོས། དེ་དང་ཆབས་ཅིག་གསེར་དངུལ་ཐང་གི་རྩྭ་ཐང་གཉེར་སྐྱོང་ཡག་པོ་བྱས་ནས་མཚོ་བྱང་རྩྭ་ཐང་གི་ཡུལ་སྲོལ་ཁྱད་ཆོས་ལྡན་པའི་རྩྭ་ཐང་གི་གནས་སྐོར་སྤུས་རྟགས་ཡག་པོ་གཏོད་དགོས། མིའི་ཐབས་ལ་བརྟེན་ནས་ནགས་བཟོ་རྩྭ་འདེབས་བྱས་པ་བརྒྱུད་ནགས་ཚལ་དང་སྔོ་ཁེབས་ཁྱབ་ཚད་མཐོ་རུ་གཏོང་བ་དང་། ནགས་ཚལ་གཉེར་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནགས་ཚལ་གསོ་སྐྱོང་དང་འདམ་ས། རྩྭ་ཐང་བཅས་སྲུང་སྐྱོང་སླར་གསོ་དང་ཉམས་ཞན་སླར་གསོ་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། མཚོ་བྱང་གི་ནགས་ཚལ་དང་རྩྭ་ཐང་གི་སྤུས་ཚད་གནད་སྨིན་ལེགས་སུ་གཏོང་བ་བཅས་བྱས་ནས་ཤིང་སྡོང་མང་པོ་སྐྱེས་པ་དང་རྩི་ཤིང་སྣ་བརྒྱ་རྒྱས་པ། མེ་ཏོག་རྣམ་པར་བཞད་པ་བཅས་ཀྱི་མཚོ་བྱང་གི་སྣང་བརྙན་སྐྲུན་དགོས།

 སྣེ་ཁྲིད་ལས་ཁུངས། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་།

ལེགས་སྒྲུབ་དུས་ཚད། རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

༤ ས་ཞིང་རྩ་བར་བཟུང་ནས་རྨོ་ཞིང་གི་དམར་ཐིག་སྲུང་སྐྱོང་ཡག་པོ་་བྱེད་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་བདག་གཅུན་གྱི་དམིགས་འབེན་ལ་ནན་པོར་གཞིགས་ནས། རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་དོན་འཁྱོལ་ནན་པོར་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ཆེས་ནན་ཤོས་དང་ས་ཞིང་བཀོལ་སྤྱོད་གྲོན་ཆུང་ལམ་ལུགས་ཆེས་ནན་ཤོས་ལག་བསྟར་བྱེད་པ། རྨོ་ཞིང་དང་གཞི་རྩའི་ཞིང་ཁ་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱེད་པའི་ལས་འགུལ་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། རྨོ་ཞིང་སྲུང་སྐྱོང་དང་སྤྱོད་སྒོ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་ཞིང“ཞིང་མིན་ཅན”དང་རྨོ་ཞིང“འབྲུ་མིན་ཅན”སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་གི“འདེམ་ཤོག་གཅིག་གིས་ཟློག་པ”དང“ཚེ་གང་འགན་འཁྲི་བདའ་འདེད”ལམ་སྲོལ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་རྨོ་ཞིང་བཟུང་ཚད་དང་ཡུན་རིང་གི་གཞི་རྩའི་ཞིང་ཁ་ཉུང་དུ་མི་འགྲོ་བ་དང་སྤུས་ཚད་མར་མི་ཆག་པ་འགན་ལེན་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་རང་བྱུང་ཐོན་ཁུངས་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་གྲོང་གསེབ་དར་སྤེལ་ཅུ།

ལེགས་སྒྲུབ་དུས་ཚད།  རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

(གཉིས།)  མཛེས་སྡུག་ལྡན་ཞིང་འཆམ་མཐུན་མཉམ་གནས་ཀྱི་ཡུལ་གྲོང་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས།

ཡུལ་གྲོང་མཐུན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལག་བསྟར་བྱེད་པ་དང་། མཁར་གྲོང་ཅན་གསར་པ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་ཀྱི་འཁོར་ལོ་གཉིས་འཁོར་བ་ལ་སྡོམ་འགོད་བྱས་ཏེ། སྤུས་ཚད་མཐོ་ལ་སྡོད་པར་འཚམ་པའི་མཁར་གྲོང་ཅན་དུ་བསྐྲུན་པ་དང་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་རིམ་འཕར་རྣམ་པ་བསྐྲུན་ནས། ཡུལ་གྲོང་གི་འཚོ་བའི་སྤུས་ཚད་དང་། ཁོར་ཡུག་གི་སྤུས་ཚད། འཚོ་སྡོད་སྤུས་ཚད། མི་ཆོས་སྤུས་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། རང་སྐྲུན་མཛེས་སྡུག་ལ་རོལ་བའི་མཛེས་སྡུག་གི་ཁྱིམ་གཞིས་སྐྲུན་དགོས།

          5. མི་ལྟེ་བར་བྱེད་པའི་མཛེས་སྡུག་ལྡན་པའི་མཁར་གྲོང་ལ་སྐུལ་འདེད་གཏོང་དགོས།  ཞིང་ཆེན་དང་པུ་ཡིས་ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་དང་མཚོ་སྐོར་ས་ཁུལ་གྱི་མཁར་གྲོང་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟ་དམ་འཛིན་ནན་པོ་བྱས་ཏེ། མཁར་གྲོང་འཕེལ་རྒྱས་ཀྱི་ཁོར་ཡུག་ཚོད་འཛིན་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མཁར་གྲོང་གསར་སྤེལ་བྱེད་ཤུགས་གཏན་ཁེལ་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་པའི་བར་སྟོང་ལུགས་མཐུན་སྒོས་སྔོན་འཇོག་བྱེད་པ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཐུབ་པའི་བར་སྟོང་ལུགས་མཐུན་སྒོས་སྔོན་ཉར་དང་ནུས་ལྡན་ངང་འདེགས་སྐྱོར་བྱེད་པ། མཁར་གྲོང་བར་སྟོང་བེད་སྤྱོད་ལས་ཕྱོད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རང་བྱུང་ཚོད་འཛིན་ནུས་ལྡན་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་མཐུན་སྦྱོར། མི་འབོར་བཀོད་སྒྲིག་ལུགས་མཐུན་བཅས་ཀྱི་མཁར་གྲོང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཆགས་པ་བཅས་བྱས་ནས་འཚོ་བའི་སྤུས་ཚད་དང་འཚོ་བའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་། ཁུལ་གྲོང་གསེབ་དར་སྤེལ་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།

ལེགས་སྒྲུབ་དུས་ཚད། རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

            6. གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས།   རོང་འབྲོག་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། སྐྱེ་ཁམས་ནུས་པ་མཐོར་གཏོང་གི་ལས་འགུལ་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བྱས་ནས། གྲོང་གསེབ་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་གི་ནུས་པ་དང་བརྟན་ལྷིང་རང་བཞིན་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

  སྣེ་ཁྲིད་ལས་ཁུངས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་གྲོང་གསེབ་དར་སྤེལ་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན་ལ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།

         7. མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།  ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་རིམ་འཕར་གྱི་རྣམ་པ་གཏོད་དགོས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགུལ་ལག་བསྟར་བྱས་ཏེ། རྫོང་ཁོངས་ཀྱི་མཁར་གྲོང་དང་སྡེ་བ་འཆར་འགོད་འཛུགས་སྐྲུན་སྡོམ་འགོད་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། རོང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བྱེད་པ། “ལྗང་མདོག་དྭངས་གཙང་གི་མཚོ་བྱང”འཛུགས་སྐྲུན་བྱེད་པ། འགྱིག་བཟོ་འགོག་པ་ཚོད་ལྟ་ལག་བསྟར་བྱེད་པ། གད་སྙིགས་རིགས་དབྱེའི་ཚོད་ལྟ་བྱེད་པ། ཁོར་ཡུག་དག་ཐེར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི“ཕྱོགས་བཞི”སྔོ་ལྗང་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ། སྡེ་བའི་རྣམ་པར་བདག་གཅུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

  སྣེ་ཁྲིད་ལས་ཁུངས། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་གྲོང་གསེབ་དར་སྤེལ་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།

 ལེགས་སྒྲུབ་དུས་ཚད།  རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

          8. ཁྱད་ལྡན་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱསསྐུལ་འདེད་གཏོང་དགོས།   རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས། གྲོང་གསེབ་ཀྱི་གནས་སྐོར་དེ་གྲོང་གསེབ་དར་སྤེལ་མ་ལག་ནང་བཅུག་སྟེ། “ཁྱད་ཆོས་མངོན་གསལ་དང་རྣམ་པ་རྒྱུན་འཁྱོངས། ཡུལ་བབ་དང་བསྟུན་པ” བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་གྲོང་གསེབ་ཀྱི་གནས་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་སྔོག་འདོན་དང་། གྲོང་གསེབ་ཀྱི་གནས་སྐོར་ཁོར་ཡུག་ལེགས་སུ་གཏོང་བ། གནས་སྐོར་བྱེད་སྟངས་གསར་གཏོད་བཅས་བྱས་ནས། གྲོང་གསེབ་ཀྱི་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུལ་མིའི་སྡོད་ཁང་དང་། ཡུལ་སྲོལ་གོམས་གཤིས། ཞིང་གྲོང་། རྩྭ་ཐང་སོགས་གྲོང་གསེབ་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། ཞིང་གྲོང་ལྟ་སྐོར་དང་སྔོ་ཚལ་འཐོག་པ། དམངས་སྲོལ་ཉམས་ལེན། དམངས་སྲོལ་སྤྲོ་གསེང་། རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་སོགས་གྲོང་གསེབ་ཀྱི་གནས་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱས་ནས། བརྗོད་དོན་མངོན་གསལ་དང་རང་རང་གི་ཁྱད་ཆོས་ལྡན་པ། སྤུས་ཀ་ལེགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་གཏོད་དགོས།

སྣེ་ཁྲིད་ལས་ཁུངས།  ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་གྲོང་གསེབ་དར་སྤེལ་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན་ལ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།

(གསུམ།)  གནམ་སྔོ་ས་གཙང་དང་ཆུ་དྭངས་རི་ལྗང་གི་མཚོ་བྱང་སྐྱེ་ཁམས་ཀྱི་མིང་བྱང་སྐྲུན་དགོས།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། སྐྱེ་ཁམས་སྤུས་ཚད་ལེགས་སུ་གཏོང་བ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འབྱུང་རྩ་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བཅས་གཏིང་ཟབ་ཏུ་སྤེལ་བ་དང་། བཙོག་བཅོས་གནད་འཁེལ་དང་ཚན་རིག་དང་མཐུན་པར་བཙོག་བཅོས་བྱེད་པ། ཁྲིམས་ལྟར་བཙོག་བཅོས་བྱེད་པ་བཅས་འབུར་ཐོན་ཡོང་བ་བྱས་ཏེ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁོངས་ལྗང་འགྱུར་སྤུས་ཚད་དང་ཁེབས་ཁྱོན་ཆེ་རུ་གཏོང་བའི་ལས་འགུལ་ནུས་ཤུགས་ཡོད་རྒུས་སྤེལ་བ། ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། གནམ་སྔོ་དབུགས་གཙང་དང་ཆུ་ལྗང་རི་སྔོའི་མཛེས་སྡུག་ལྡན་པའི་མཚོ་བྱང་གི་རི་མོ་མངོན་པར་བྱེད་དགོས།

          9. རླུང་ཁམས་ཆེན་པོའི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།   ནུབ་མཚོ་གྲོང་རྡལ་དང་རྫོང་སོ་སོའི་རྫོང་མཁར་དང་ཐོན་ལས་གླིང་ཁུལ་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རིལ་གཟུགས་དངོས་པོ་དང་དཀུ་དབྱང་། VOCsསོགས་སྦགས་བཙོག་དངོས་པོ་ཕྱིར་འབུད་ཉུང་གཏོང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་དགོས། སྦགས་བཙོག་གཙོ་གནད་ས་ཁོངས་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ལ། “འཐོར་ཟིང་བཙོག་གསུམ”གྱི་ཁེ་ལས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “རྡོ་སོལ་གློག་ཏུ་སྒྱུར་བ་དང་། རྡོ་སོལ་སོལ་རླངས་སུ་སྒྱུར་བའི” འཕེལ་རིམ་མགྱོགས་སུ་གཏོང་བ། “སྣུམ་ལམ་རླངས་འཁོར”བཅོས་སྐྱོང་སྡོམ་འགོད་བྱེད་པ། མཉམ་འགོག་མཉམ་བཅོས་དང་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ལ། བཟོ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་ཕྱོགས་ཡོངས་ནས་ཚད་དང་མཐུན་པའི་འབུད་སྐྱུར་འཆར་གཞི་ལག་བསྟར་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་སྤྱི་བདེ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུ།

ལེགས་སྒྲུབ་དུས་ཚད།  2025ལོའི་ལོ་མཇུག་ཡིན།

           10.ས་རྒྱུའི་སྦགས་བཙོག་འགོག་བཅོས་སྐུལ་འདེད་གཏོང་དགོས། “ས་རྒྱུའི་དོན་ཚན་བཅུ”ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ས་རྒྱུའི་སྦགས་བཙོག་བདག་གཅུན་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་ཉམས་གསོའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པ། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ། སྲ་གཟུགས་ཟོག་རོའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱི་ཤུལ་ལུས་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྐོར་བྱང་ངོགས་དང་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་གི་སྐུལ་འདེད་མགྱོགས་སུ་གཏོང་དགོས། 2025ལོར་སླེབས་དུས། ཁུལ་ཡོངས་ཀྱི་སྦགས་བཙོག་ཕོག་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད90%ཡས་མས་ཟིན་པ་དང་། སྦགས་བཙོག་ཐེབས་པའི་ས་ཆ་བདེ་འཇགས་ངང་སྤྱོད་ཚད90% ཡན་ཟིན་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་འཕེལ་རྒྱས་དང་བཅོ་སྒྱུར་ཨུ་ཡོན་ལྷན་ཁང་། ཁུལ་རང་བྱུང་ཐོན་ཁུངས་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན།

         11.ཆུའི་ཁོར་ཡུག་བཅོས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་དགོས།“ཆུའི་དོན་ཚན་བཅུ”ལག་བསྟར་གཏིང་ཟབ་བྱས་ཏེ། ཆུའི་ཁོར་ཡུག་སྲུང་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོ། ཆུའི་སྦགས་བཙོག་བཅོས་སྐྱོང་བཅས་ལ་སྡོམ་འགོད་ཀྱིས་སྐུལ་འདེད་གཏོང་དགོས། ཆུ་ཁུངས་ཀྱི་ཆུ་དང་བཟོ་གྲྭ་ནས་ཐོན་པའི་ཆུ། མཇུག་སྣེའི་ཆུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། མཚོ་སྔོན་པོའི་འབབ་ཡུལ་དང་། བར་དམ་ཆུ་བོའི་འབབ་ཡུལ། ཙོང་ཆུའི་འབབ་ཡུལ་བཅས་ཀྱི་བཅོས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། འཐུང་ཆུའི་ཆུ་མགོ་སྲུང་སྐྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་བརྟན་པོའི་ངང་ཚད་གཞི་ལོན་པ་འགན་ལེན་བྱེད་དགོས། མཁར་གྲོང་གི་བཙོག་ཆུ་ཆ་སྒྲིག་སྦུག་དྲ་འཛུགས་སྐྲུན་དང་སྦུག་དྲ་རྙིང་པ། ཆར་ཆུ་དང་བཙོག་ཆུ་ཕྱོགས་བགོས་སྦུག་དྲ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས། མཁར་གྲོང་གི་བཙོག་ཆུ་བསྡུ་རུབ་དང་གཙང་བཟོ་བྱེད་ནུས་ཆེ་རུ་གཏོང་དགོས། བཟོ་ལས་གླིང་ཁུལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཡུལ་གྲོང་གི་བཙོག་ཆུ་གཙང་སྒྱུར་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། མཁར་གྲོང་གི་བཙོག་ཆུ་གཙང་སེལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་ལོ་གསུམ་ལས་འགུལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྫོང་རིམ་པའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཚད་གཞི་མཐོར་གཏོང་སྒྱུར་བཀོད་དང་ཆུ་རྒྱུད་འབབ་ཁུལ་རྒྱུད་ཀྱི་སྡེ་བའི་འཚོ་བའི་སྦགས་བཙོག་འབྱུང་ཁུངས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཁར་གྲོང་གི་འཚོ་བའི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ། རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་ལ་རིམ་པ་བཞིན་སྐུལ་འདེད་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་ཆུ་བེད་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ།

  ལེགས་སྒྲུབ་དུས་ཚད།  རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

          12. རྒྱལ་ཁོངས་ལྗང་སྒྱུར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།“བྱང་གསུམ”འགོག་སྲུང་ནགས་ཚལ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་བཟོ་སྐྲུན་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་རྩྭ་དང་མེ་ཏོག་ཟུང་འབྲེལ་དང་། བཟོ་སྐྲུན་དང་སྐྱེ་དངོས་བྱེད་ཐབས་ཕན་ཚུན་གཅིག་གྱུར་གྱི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལ་སྐུལ་མ་གཏོང་དགོས་ལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་སྔོ་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་བཏང་ནས། སྐྱེ་ཁམས་བཟོ་སྐྲུན་དང་མཐའ་འཁོར་གྱི་ཁོར་ཡུག་ཕན་ཚུན་ཆར་པ་ཆུ་གྲོགས་དང་རང་བྱུང་མཐུན་སྦྱོར་ཐུབ་པ་བྱེད་དགོས། 2025ལོའི་ལོ་མཇུག་ཏུ་སླེབས་དུས་ནགས་ཚལ་ཁྱབ་ཚད18% ཟིན་པར་བརྩོན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ལྗང་མདོག་བགྲོད་ལམ་མགྱོགས་མྱུར་དུ་བསྐྲུན་ནས་ནུབ་མཚོ་གྲོང་རྡལ་དང་རྒྱ་མདོ་གྲོང་རྡལ། བཙུན་མོ་གཞོང་གྲོང་རྡལ། འོམ་ཆུ་གྲོང་རྡལ་བཅས་ཀྱི་ཉེ་འཁོར་གྱི་གཞུང་ལམ་དང་མྱུར་བགྲོད་གཞུང་ལམ། ལྕགས་ལམ་བཅས་གཙོ་གནད་དུ་བྱས་ཏེ། བགྲོད་ལམ་མཐའ་འཁོར་གྱི་སྐྱེ་ཁམས་སླར་གསོ་དང་སྔོ་ལྗང་འཛུགས་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། མི་ཆོས་མཛེས་པ་དང་སྐྱེ་ཁམས་མཛེས་པའི་མཁར་གྲོང་གི་བགྲོད་ལམ་ཁོར་ཡུག་གཏོད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

གཞོགས་འདེགས་ལས་ཁུངས།  རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།

  ལེགས་སྒྲུབ་དུས་ཚད།  2025ལོའི་ལོ་མཇུག་ཡིན།

(བཞི།)  སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་བཀྲག་མདངས་སྣོན་དགོས། 

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་སྲ་བརྟན་རིམ་སྤོར་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་དམིགས་ནས། མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་མཐོ་ས་རྒྱུན་མཐུད་ངང་གཏིང་ཟབ་པོས་བཏོད་དེ། སྲོག་ལྡན་རྩྭ་རྩི་ཤིང་དང་རི་ཆུ་ཁྲི་སྟོང་ལ་ཕུགས་ཕན་སྲུང་སྐྱོང་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས། མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བརྟེན་ནས་མཛེས་པའི་མཚོ་བྱང་གི་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་ལས་སྟེགས་སྐྲུན་དགོས།

           13. རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས།  ཚད་གཞི་མཐོན་པོས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ། ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བཅས་བྱེད་དགོས། སྤྱི་གླིང་མཉམ་འགུལ་འཕེལ་རྒྱས་བཟོ་སྐྲུན་དང་སྤྱི་གླིང་གི་རྨང་གཞི་མཐོར་གཏོང་བཟོ་སྐྲུན། རྒྱལ་ཁབ་སྤྱི་གླིང་མཉམ་སྤྱོད་བཟོ་སྐྲུན་བཅས་ལག་བསྟར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་སྒྲིག་བཀོད་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཞིབ་འཇུག་གཙོ་བོར་བྱེད་པའི་དམིགས་བསལ་གནས་སྐོར་གཉེར་སྐྱོང་བྱེད་གནས་བཙུགས་ཏེ། སྐྱེ་ཁམས་དམངས་ཕན་དངོས་སུ་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས། རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྱུར་བསྡུ་སྒྲིལ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་འཚོལ་ཞིབ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས་མ་ལག་སྲུང་སྐྱོང་དང་ཉམས་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཕྱོགས་དྲུག་གི་ཐད་ཞིང་ཆེན་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

             14. སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།  མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་དང་སྲ་བརྟན་གྱི་གྲུབ་འབྲས་རྨང་གཞིར་བྱས་ཏེ། གཙོ་གནད་སྲུང་སྐྱོང་ནས་སྤྱི་ཡོངས་སྲུང་སྐྱོང་བྱེད་པར་སྒྱུར་བ་དང་། སྤྱང་ཚང་གཏེར་དོང་དང་པོ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི“ཁ་གསབ་གསུམ” དང་གཏེར་ལས་དབང་ཆ་ཐག་གཅོད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་རྨ་ཆུ་འབབ་ཡུལ་གྱི“ལུས་བཤེར”སོགས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་ལན་སྤྲད་པའི་གནད་དོན་གྱི་དག་ཐེར་ཨང་ཐོ་གསུབ་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། དུས་མཇུག་ཏུ་དོ་དམ་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། དག་ཐེར་བཅོས་སྐྱོང་ལས་དོན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་རང་བྱུང་ཐོན་ཁུངས་ཅུ་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།

གཞོགས་འདེགས་ལས་ཁུངས།  རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན།

            15. སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།  རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཀྱི་གཞི་དངོས་བརྟག་དཔྱད་དང་། རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་སྐྱོབ་པ་དང་སྲུང་སྐྱོང་། བཤེར་འཇལ་བཅས་བྱེད་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན། རྩ་ཆེ་ལ་དཀོན་ཞིང་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་མྱུར་སྐྱོབ་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་སྐྲུན་པ་མ་ཟད་མ་འཇོག་འཁོར་སྐྱོད་བྱེད་པ། མདོ་ལ་རིང་མོའི་གསའ་གཟིག་དང་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྒོ་དམར་སོགས་རྩ་ཆེ་ལ་དཀོན་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ། མཚོ་སྔོན་པོའི་ཉ་དང་འདབ་ཆགས་ཀྱི་ཐོན་ཁུངས་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་གྲངས་རྟོག་འཇལ་ས་ཚིགས་འཛུགས་སྐྲུན་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཁུལ་སྤྱི་བདེ་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན།

(ལྔ།)  སྐྱེ་ཁམས་ཀྱི་ལེགས་ཆ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་དམངས་ཕྱུག་ཐོན་ལས་སུ་སྒྱུར་དགོས། 

ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ནས “སྐྱེ་ཁམས་སྔོན་ལ་འཇོག་པའི”རྨང་གཞིའི་ཐོག“སྐྱེ་ཁམས་ནི་ཁྱད་ཆོས”དང“སྐྱེ་ཁམས་ནི་རིན་ཐང”ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ནས། སྲུང་སྐྱོང་དང་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བའི་བྱེད་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ་དང་། ཐཱན་རྩེར་སླེབས་དང་ཐཱན་བཏང་སྙོམས་ཀྱི་དམིགས་ཚད་ལ་དམིགས་ཏེ་ཐཱན་ཉོ་ཚོང་གི“ཐབས་ལམ”འཚོལ་ཞིབ་བྱེད་པ། དམངས་ཕན་འབབ་འཕར་གྱི་སྲིད་ཇུས་དང་བྱེད་ཐབས་གོ་རིམ་ལྡན་པའི་ངང་བཏོན་ནས། སྔར་ལས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་རི་སྔོ་ཆུ་གཙང་དང་གསེར་རི་དངུལ་རིར་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་བྱང་ཁུལ་ནི“རི་བོ་གཉིས་ཀྱི་གཞུང་ལུགས”ལག་ལེན་རྟེན་གཞིར་བསྐྲུན་ནས“རི་བོ་གཉིས་སྨྲ་བར” སྒྱུར་བའི་ལག་ལེན་རྟེན་གཞིར་གཏོད་པ་བརྩོན་ལེན་བྱེད་དགོས།

             16. ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོ་རུ་གཏོང་དགོས། “སྐྱེ་ཁམས་མཚོ་བྱང་དང་ལྗང་མདོག་ཞིང་ཕྱུགས”འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་སྒྲིག་གཞིའི་བཀོད་པ་ལེགས་སྒྲིག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། ཐོན་ལས་ཐོན་སྐྱེད་གཉེར་སྐྱོང་མ་ལག་མགྱོགས་པོར་འཛུགས་དགོས་ལ། མཚོ་བྱང་གི་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ལ་དམ་པོར་དམིགས་པ་དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ཁྱད་ལྡན་ཕྱུགས་ལས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་འཁོར་རྒྱུག་ལས་རིགས། སྤྲོ་གསེང་ཞིང་ལས་སོགས་གཙོ་གནད་ཀྱིས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རི་སྐྱེས་ཕྱེད་ཙམ་གྱི་ཤྭ་བ་དང་གོང་མོ། བོད་ལུག  ནོར་གནག་སོགས་ཁྱད་ལྡན་གསོ་ཚགས་དང་། གྲོ་མ་དང་ལོག་དཀར། སྟར་བུ། ནས། སྡོང་ཕྲུག་སོགས་ཁྱད་ལྡན་འདེབས་འཛུགས་སྐུལ་འདེད་གཏོང་བ་མགྱོགས་སུ་གཏོང་དགོས། དེ་དང་ཆབས་ཅིག“ནོར་སྟོང”དང “ལུག་ཁྲི”ཡི་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྐྱེ་ཁམས་ཞིང་ཕྱུགས་ཀྱི་ལེགས་ཆ་རང་སར་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས། གཞི་ཁྱོན་ཅན་དང་ཚད་ལྡན་ཅན། ལེགས་བསྡུས་ཅན། སྤུས་མཐོ་ཅན། སྤུས་རྟགས་ཅན་བཅས་ཀྱི་མཚོ་བྱང་གི་ཁྱད་ལྡན་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ཤིག་ཆགས་པ་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།

   གཞོགས་འདེགས་ལས་ཁུངས།  རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་གྲོང་གསེབ་དར་སྤེལ་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན་ལ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།

                17. རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་ནུས་ཤུགས་ཡོད་རྒུས་གཏོད་དགོས།  རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་པར་བརྟེན་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཚན་རྩལ་ཁྱབ་སྤེལ་ཁང་དང་དོ་དམ་སྲུང་སྐྱོང་ས་ཚིགས། གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་ལས་སྟེགས་ཀྱི་ལེགས་ཆ་གང་ལེགས་སྒོས་སྤྱད་དེ། རང་བྱུང་སློབ་གསོ་དེ་སྐྱེ་ཁམས་གནས་སྐོར་གྱི་ཆ་ཤས་ཤིག་ཏུ་སྒྱུར་བ་དང། “དག་སྣང་གི་མཚོ་བྱང”དང“མཛེས་པའི་མཚོ་བྱང”གི་སྐྱེ་ཁམས་གནས་སྐོར་གྱི་སྤུས་རྟགས་གཏོད་དགོས། ཡུལ་བབ་དང་བསྟུན་པ་དང་། སྡོམ་འགོད་བཀོད་སྒྲིག  ལུགས་མཐུན་གསར་སྤེལ་བཅས་བྱས་ཏེ། མདོ་ལ་རིང་མོ་དང་མཚོ་སྔོན་པོ། དེ་བཞིན་རྩྭ་ཐང་དང་གངས་རི། གངས་ཞོ་བླུགས། མེ་ལྷ་གངས་དཀར། འདམ་ས། བྱེ་ཐང་། ཆུ་ཚན། རི་སྐྱེས་སྲོག་ཆགས། གསར་བརྗེའི་རིག་གནས་སོགས་རྒྱུ་རྐྱེན་གཙོ་བོའི་སྤྱི་ཡོངས་འཆར་འགོད་ཡག་པོ་བྱས་ཏེ། མདའ་བཞིའི་བྱེད་ནུས་ལེགས་སུ་གཏོང་བ་དང་། ད་ཡོད་ཀྱི་ལྗོངས་ཁུལ་དང་མཛེས་གནས་སྟོབས་ཆེར་དང་སྲ་བརྟན། མཐོར་འདེགས་བཅས་སུ་གཏོང་དགོས་ལ། མདུན་ལམ་བཟང་ལ་ཁྱད་ཆོས་གསལ་བའི་ལྗོངས་གནས་མིང་གྲགས་ཅན་མང་པོ་བསྐྲུན་ནས། མཚོ་བྱང་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་དེ་བརྟན་པོའི་ངང་མགོ་རྩོམ་པར་སྐུལ་འདེད་གཏོང་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

 གཞོགས་འདེགས་ལས་ཁུངས། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་འཕེལ་རྒྱས་དང་ བཅོས་སྒྱུར་ཨུ་ལྷན། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན།

            18. ཐཱན་གཉིསཀྱི་དམིགས་ཚད་གཏན་ཁེལ་བྱས་ནས་ལྗང་མདོག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།   ཞིང་ཆེན་ཡོངས་ཀྱི“ཐཱན་གཉིས”ལས་དོན་གྱི་ཇུས་འགོད་དང་བཀོད་སྒྲིག་ལ་བརྟེན་ནས། ཐཱན་རྩེར་སླེབས་འགུལ་སྐྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དྲོད་ཁང་རླངས་གཟུགས་འབུད་ཚད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་ལ། ཐཱན་རྩེར་སླེབས་དང་ཐཱན་བཏང་སྙོམས་ཀྱི“ཐཱན་གཉིས”དམིགས་ཚད་ཁྲིད་སྟོན་དུ་བྱས་ཏེ། སྡོམ་འགོད་སྙོམས་གཟིགས་དང་། སྤྱི་ཡོངས་ཇུས་བསྟར། མཐུན་སྦྱོར་མཉམ་འགུལ་གྱི་སྒོ་ནས་སྲིད་གཞུང་གི་གཙོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཐཱན་རྩེར་སླེབས་ཀྱི་བགྲོད་ལམ་ཕྱོགས་ཡོངས་ནས་འཆར་འགོད་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་།

 གཞོགས་འདེགས་ལས་ཁུངས།  རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན།

             19. ཐཱན་འདུས་ཉོ་ཚོང་རྣམ་གྲངས་མཚོ་བྱང་དུ་དོན་འཁྱོལ་ཐུབ་པར་འཚོལ་ཞིབ་བྱེད་དགོས།  ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་ཉོ་ཚོང་རྣམ་གྲངས་རྨང་གཞིར་བྱས་ཏེ། ཐཱན་འདུས་གསར་སྤེལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་འཚོལ་ཞིབ་བྱེད་པ་དང་། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་ལུགས་མཐུན་ངང་སྤྱོད་པ། ཐཱན་ཉོ་ཚོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་འོས་འཚམ་གཏོང་བ། རང་བྱུང་ཐོན་ཁུངས་ལ་རྟོག་དམ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཀྱི“གསུམ་ཕན”མངོན་འགྱུར་འབྱུང་ཆེད་ཐབས་ལམ་ནུས་ལྡན་མཁོ་འདོན་བྱེད་དགོས།

སྣེ་ཁྲིད་ལས་ཁུངས། ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

  གཞོགས་འདེགས་ལས་ཁུངས རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན།

            20. སྐྱེ་ཁམས་ཁ་གསབ་དང་དོ་དམ་སྲུང་སྐྱོང་ལམ་སྲོལ་རྒྱུན་མཐུད་ངང་དོན་འཁྱོལ་བྱེད་དགོས།   སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་འཚོལ་ཞིབ་དང་། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རྩྭ་ཐང་དང་ནགས་ཚལ། ཆུ་མཚེའུ། འདམ་ས། ཐང་རྒོད་སོགས་སྐྱེ་ཁམས་ཁ་གསབ་དང་སྲུང་སྐྱོང་ཡོངས་སུ་ཁྱབ་པར་བརྩོན་ལེན་ཧུར་ཐག་བྱེད་དགོས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་ལས་གནས་མུ་མཐུད་དུ་དོན་འཁྱོལ་བྱས་ནས་གླ་ཆ་ལུགས་མཐུན་ངང་འཕར་བའི་ལམ་སྲོལ་བཙུགས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་དཔུང་ཁག་རིམ་བཞིན་བརྟན་པོའི་ངང་སྟོབས་ཆེར་གཏོང་དགོས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འབབ་འཕར་ཕྱུག་འགྱུར་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཕན་མངོན་འགྱུར་འབྱུང་བ་འགན་ལེན་བྱེད་དགོས།

སྣེ་ཁྲིད་ལས་ཁུངས།  ཁུལ་ནགས་ལས་དང་རྩྭ་ཐང་ཅུ།

གཞོགས་འདེགས་ལས་ཁུངས རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་ཆུ་བེད་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།

ལེགས་སྒྲུབ་དུས་ཚད། 2025ལོའི་ལོ་མཇུག་ཡིན།

བཞི། འགན་སྲུང་བྱེད་ཐབས། 

           (གཅིག) རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དགོས།  མཛེས་པའི་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“བཟོ་སྐྲུན་ཨང་དང་པོ”རུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ནགས་རྩྭ་དཔོན་ལམ་ལུགས་དང་ཆུ་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱེད་དགོས། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་སྒྲུབ་དང་གཞོགས་འདེགས་དམ་ཟབ། གོང་འོག་མཉམ་འགུལ་བཅས་བྱས་ནས་མཉམ་དུ་སྐུལ་འདེད་གཏོང་དགོས། སྣེ་ཁྲིད་ལས་ཁུངས་སོ་སོ་དང་གཞོགས་འདེགས་ལས་ཁུངས་གྱི་འགན་འཁྲི་ལས་བགོས་དོན་འཁྱོལ་བྱས་ཏེ། མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་བླང་བྱ་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྫོང་སོ་སོས་ས་ཁུལ་དེ་གའི་ལས་བགོས་ཇུས་གཞི་ཞིབ་ཕྲ་བཟོས་ནས་ལག་བསྟར་བྱས་ཏེ། མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་འབྲེལ་ཡོད་དམིགས་ཚད་དང་ལས་འགན་ལག་བསྟར་བྱ་རྒྱུ་དེ་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ནང་དོན་ནང་འཇུག་དགོས།

          (གཉིས) མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།  མཛེས་པའི་མཚོ་བྱང་འཛུགས་སྐྲུན་དེ་ནོར་སྲིད་གཏོང་སྒོའི་གཙོ་གནད་ཁྱབ་ཁོངས་སུ་བརྩི་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་མ་དངུལ་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་མ་འཇོག་ལ་བརྩིས་ནས་གཙོ་གནད་ཐོག་འགན་ལེན་བྱས་ཏེ། མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་ལས་འགན་དང་ཕན་ཚུན་མཐུན་པ་འགན་ལེན་བྱེད་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་དངུལ་མཛེས་པའི་མཚོ་བྱང་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན། འགུག་ཐབས་བཅས་བྱེད་དགོས། གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་ནས། མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་གཙོ་གནད་བཟོ་སྐྲུན་གྱི་རྣམ་གྲངས་དེ་ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཆར་འགོད་དང་རྣམ་གྲངས་ཀྱི་མཛོད་དུ་སྔོན་ལ་བཅུག་ནས། ཁྲིད་སྟོན་རང་བཞིན་དང་སྣེ་ཁྲིད་རང་བཞིན། མཚོན་རྟགས་རང་བཞིན་བཅས་ཀྱི་བཟོ་སྐྲུན་གལ་ཆེན་ཁག་ཅིག་རིམ་པ་ལྟར་ལག་བསྟར་དང་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

           (གསུམ) རྒྱ་ཁྱབ་ཏུ་དྲིལ་སྒྲོག་སྐུལ་སློང་བྱེད་དགོས། རྣམ་པ་མང་བ་དང་ཐབས་ལམ་མང་པོའི་ཐོག་ནས་མཛེས་པའི་མཚོ་བྱང་དྲིལ་སྒྲོག་དང་ཁྱབ་གདལ་ཡག་པོ་གཏོང་དགོས། མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མཛེས་པའི་མཚོ་བྱང་དེ་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་གནས་སྐོར་བཅས་ཀྱི་ཁྲོད་དུ་ཁྱབ་པ་བྱས་ཏེ། དག་སྣང་གི་མཚོ་བྱང་དང་མཛེས་པའི་མཚོ་བྱང་། སྐྱེ་ཁམས་སྲུང་སྐྱོང་བཅས་དྲིལ་སྒྲོག་བྱེད་པའི་འབྲེལ་གཏུག་དང་དྲིལ་སྒྲོག་སྤེལ་རེས་ལས་སྟེགས་བསྐྲུན་ནས། མི་དམངས་མང་ཚོགས་ཀྱིས་རང་བྱུང་ལ་བརྩི་མཐོང་དང་རང་བྱུང་སྲུང་སྐྱོང་། རང་བྱུང་ལ་དགའ་ཞེན་བཅས་བྱེད་པའི་སྐྱེ་ཁམས་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། རྒྱུན་ཆད་མེད་པར་སྐྱེ་ཁམས་ཆེན་པོ་དང་ཁོར་ཡུག་སྲུང་སྐྱོང་ཆེན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

            (བཞི) ཚོད་ལྟའི་དཔེ་སྟོན་བྱེད་དགོས།  རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དང་ལས་ཁུངས་གྱིས་མཛེས་པའི་མཚོ་བྱང་འཛུགས་སྐྲུན་དང་འབྲེལ་བའི་རིགས་སྣ་ཚོགས་ཀྱི་དཔེ་སྟོན་ཚོད་ལྟའི་གནས་སྙན་ཞུ་འབུལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། མཛེས་པའི་མཚོ་བྱང་རིམ་པའི་དཔེ་སྟོན་གསར་གཏོད་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་མཛེས་པའི་མཁར་གྲོང་དང་མཛེས་པའི་གྲོང་གསེབ། མཛེས་པའི་ཆུ་མཚོ། ལྗང་མདོག་ཐཱན་ཉུང་། ནུས་རྒྱུ་གཙང་མ་གསར་སྤེལ། སྐྱེ་ཁམས་མཚོ་བྱང་གནས་སྐོར་སོགས་ཚོད་ལྟའི་གནས་ཀྱི་དཔེ་སྟོན་ལས་འགུལ་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། མཛེས་པའི་མཚོ་བྱང་འཛུགས་སྐྲུན་གྱི་དཔྱད་དཔོག་བླང་བྱར་དམ་པོར་དམིགས་ནས། གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཁྱད་ལྡན་བཀྲག་མདངས་འཚེར་ས་དུས་ཐོག་ཏུ་ཕྱོགས་སྡོམ་གྱིས་ཁུལ་ཡོངས་སུ་ཁྱབ་གདལ་དང་བེད་སྤྱོད་གཏོང་དགོས།

            (ལྔ) ལྟ་སྐུལ་སློབ་སྟོན་དང་དོན་འཁྱོལ་བྱེད་པར་ཤུགས་སྣོན་དགོས། 

ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མཛེས་པའི་མཚོ་བྱང་གི་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་སྲིད་གཞུང་ལྟ་སྐུལ་ཁང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ། དུས་བཅད་ལྟར་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། རྫོང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་དགོས། སྣེ་ཁྲིད་ལས་ཁུངས་སོ་སོས་འབྲེལ་ཡོད་ལས་དོན་དོན་འཁྱོལ་བྱས་ཚུལ་དུས་ཚིགས་རེའི་དུས་མཇུག་ཏུ་ཁུལ་སྲིད་གཞུང་ལ་ཆེད་དོན་སྙན་སེང་འབུལ་དགོས། 



本期证报PDF文件