བོད་ཡིག    |    རྒྱ་ཡིག

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།

2024-11-04 16:39:03   |   400

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན།


2023ལོའི་ཟླ7པ་ནས་ཟླ9པའི་བར།

ཟླ7ཚེས1ཉིན། སྐབས་བརྒྱད་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གྱི་ཕུལ་བྱུང་འགྲན་བསྡུར་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་ཞིང་། ཁལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཞིང་ཆེན་ལུས་རྩལ་ཅུའི་ཅུ་ཀྲང་ཝང་ཞ། ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་ཝང་ཡུང་ཁྲང་། སུའུ་བདུན་ཅུ། ཞོ་རོས་ཞིན་བཅས་མཛད་སྒོར་ཕེབས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་སོ་སོར་རྐང་ཚ་རྫོང་དང་མདའ་བཞི་རྫོང་དུ་བསྐྱོད་དེ། ཏང་ཡོན་རྒན་པ་དང་ཕུལ་བྱུང་ཏང་ཀྲི་པུའི་ཧྲུའུ་ཅི་ལ་འཚམས་འདྲི་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་བྱེད་སྒོར་ཞུགས།

ཉིན་དེར། 2023ལོའི་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་ལམ་ཕྱེད་མའི་མཱ་ལ་སུང་གི་རྒྱང་རྒྱུག་འགྲན་བསྡུར་དེ་ནུབ་མཚོ་གྲོང་རྡལ་དུ་སྤེལ་ཞིང་། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་སངས་འབུམ། བན་བཀྲ་ཤིས་དོན་འགྲུབ། ཧན་ཧྲི་བཅས་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མདོ་ལ་རྫོང་དུ་བསྐྱོད་དེ་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའམ་ཙོའུ་ཕིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་སྐོར་དང་བཅས་པར་ཕེབས་རོགས་བྱས་ནས་བརྟག་ཞིབ་གནང་།

ཟླ7ཚེས2ཉིན། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུར་ཞུགས།

ཟླ7ཚེས3ཉིན། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་ཚོགས་ཆེན་འཇུ་ལག་གནའ་མཁར་དུ་འཚོགས་ཤིང་། རྒྱལ་ཡོངས་དམངས་ཆེན་གྱི་མི་རིགས་ལས་དོན་ཨུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུའི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུའི་ལས་ཁུངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཉིའུ་ཞའོ་ཧྥེང་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། མཚོ་བྱང་ཁུལ་གྱི་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བཅས་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞུག་ཙུང་གིས་ཤིས་ཚིག་ཕུལ། ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཟི་ལིང་དུ་བསྐྱོད་དེ་མཚོ་སྔོན་གྱི་སྐབས་གཉིས་པའི་ངོགས་གཉིས་ཀྱི་ཁེ་ལས་པས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་འདོན་པའི་གླེང་སྟེགས་སུ་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ཚན་སྐོར་ལྔ་པར་ཕེབས་རོགས་བྱས་ནས་མཉམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི2023ལོའི་འགུལ་སྐྱོད་ལ་སྐུལ་ཁྲིད་དང་ཞིབ་བཤེར་གནང་།

ཟླ7ཚེས3ཉིན་ནས་ཚེས6ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་སྔར་གྱི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ་ལེ་ཅན་གོ་སྐོར་དང་བཅས་པར་ཕེབས་རོགས་བྱས་ནས། མཉམ་དུ་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་མཚོ་སྔོན་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་།

ཟླ7ཚེས4ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཞིང་ཆེན་གྱི་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཀྲི་ཀྲུང་དང་ཐའེ་ཝན་གྱི་ཏང་གསར་ཀྲུའུ་ཞི་ཝུའུ་ཁྲེང་ཏེན་སྐོར་དང་བཅས་པར་ཕེབས་རོགས་བྱས་ནས་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ལྟ་སྐོར་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཕྱོགས་བསྡུས་ལྟ་བཤེར་ཚན་སྐོར་ལྔ་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བསྐྱོད་དེ་སྐུལ་ཁྲིད་དང་ཞིབ་བཤེར་གནང་།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་འཇུ་ལག་རྫོང་དང་མདོ་ལ་རྫོང་དུ་བསྐྱོད་དེ་མཚོ་སྐོར་འགྲན་བསྡུར་གྱི་ལམ་ཐིག་ལ་ཞིབ་བཤེར་བྱས་པ་མ་ཟད་འབྲེལ་ཡོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཞིང་ཆེན་འབྲུ་རིགས་ཅུའི་ལས་དོན་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བསྐྱོད་དེ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མཚོ་སྔོན་གྱི་སྐབས་གཉིས་པའི་ངོགས་གཉིས་ཀྱི་ཁེ་ལས་བས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་གཞི་འདོན་པའི་གླེང་སྟེགས་ཀྱི་སྐུ་མགྲོན་ལ་ཕེབས་རོགས་བྱས་ནས་འཇུ་ལག་དང་མདོ་ལ་རྫོང་དུ་བསྐྱོད་དེ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་མཚོ་ཤར་གྲོང་ཁྱེར་དུ་བསྐྱོད་དེ་རྨ་ཙོང་ཆུའི་རིག་གནས་དུས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའི་འོས་མི་ཧན་ཧྲི་གློག་འཕྲིན་སྤྱི་གཉེར་དུ“བློ་མཐུན་ཀྲུའུ་ཀྲི་གོའི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུར”ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་སློབ་ཆེན་རྟོག་ཞིབ་ཚན་སྐོར་ལ་སློབ་གྲྭ་དང་ས་གནས་བར་གྱི་མཉམ་འབྲེལ་ལས་དོན་སྦྲེལ་མཐུད་བྱས།

ཟླ7ཚེས5ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མཚོ་སྔོན་གྱི་སྐབས་གཉིས་པའི་ངོགས་གཉིས་ཀྱི་ཁེ་ལས་བས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་གཞི་འདོན་པའི་གླེང་སྟེགས་ཀྱི་སྐུ་མགྲོན་མཚོ་བྱང་དུ་ཡོང་ནས་བརྟག་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་རྐང་ཚ་དང་མདའ་བཞི་རྫོང་དུ་བསྐྱོད་དེ་མཚོ་སྐོར་འགྲན་བསྡུར་གྱི་ལམ་ཐིག་ལ་ཞིབ་བཤེར་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཞའོ་དབྱིང་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱིEODརྣམ་གྲངས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་སློབ་མ་ཆུའི་ནང་ལྷུང་བ་སྔོན་འགོག་བྱེད་པའི་མཉམ་འབྲེལ་བྱ་བའི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་མ་ཟད། མདོ་ལ་རྫོང་དུ་བསྐྱོད་དེ་མདོ་ལ་རྫོང་གི་རིག་གནས་གནས་སྐོར་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོར་ཞུགས།

ཟླ7ཚེས6ཉིན། ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་བཀོད་གཏོང་ཚོགས་འདུ་ནུབ་མཚོ་གྲོང་རྡལ་ནས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ཨ་ཁྱུང་། ལི་ཞང་ཏུང་། ཁྲང་ལིན། མཱ་ཝུན་ཆོན་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་ཕྱོགས་ཀྱི་མངོན་གསལ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་ཨ་ཁྱུང་། ལི་ཞང་ཏུང་། ཚོ་ཅི་ཆང་བཅས་ཚོགས་འདུར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་ཆེད་དོན་ཚོགས་འདུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གནང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། མཱ་རུའུ་ཞང་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་གྱི་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ལམ་ཚོགས་ཁང་དུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གནོད་སྐྱོབ་ལས་དོན་བཀོད་གཏོང་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་ཡོངས་ཀྱི་བདེ་འཇགས་འཛུགས་སྐྲུན་བཀོད་གཏོང་ཚོགས་འདུར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་ལི་ཞང་ཏུང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་འཇུ་ལག་རྫོང་དུ་བསྐྱོད་དེ། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར70ལོན་པའི“ལོག་དཀར་མེ་ཏོག་འགྲམ་གྱི་ལྕགས་རྟར་ཞོན་པའི་བྱེད་སྒོའི”མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཁུལ་ཡོངས་ཀྱི་ནག་འཇོམས་ངན་སེལ་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པའི་འོས་མི་ཧན་ཧྲི་ཡིས་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་ཙོང་ཆུའི་བཞུར་རྒྱུན་གྱི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ལ་བརྟག་ཞིབ་གནང་།

ཟླ7ཚེས6ཉིན་ནས་ཚེས7ཉིན་བར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་ཤིང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཧའེ་ལུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་ཧན་ཧྲི་གཉིས་ཚོགས་འདུར་ཞུགས།

ཟླ7ཚེས7ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་རྐང་ཚ་རྫོང་དུ་བསྐྱོད་དེ་མཚོ་སྔོན་པོའི་གསེར་ཉའི་སྐྱེ་འཕེལ་ཚེ་ཐར་དང་སྐབས་བཅུ་དྲུག་པའི་ཉ་གཟིགས་དུས་ཆེན་གྱི་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མུ་རུའི་གཏེར་ཁུལ(སྤྱང་ཚང་གཏེར་དོང་དང་པོ)དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་གྱི་མངའ་ཁུལ་མཚོ་བྱང་གི་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་ཚོ་ཅི་ཆང་དང་མ་རུའུ་ཞང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་སྤྱི་བདེ་ཅུ་རུ་ཁུལ་ཡོངས་ཀྱི“ཁུལ་སྟོན་བསུ། ཁོར་ཡུག་སྲུང་།”ཞེས་པའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཐིང་རིམ་པ་གཉིས་པའི་སྐོར་ཞིབ་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྒྲིག་ཨུའི་ཧྲུའུ་ཅི་དབྱང་ཅི་ལིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གཉིས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ།

ཉིན་དེར། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས2023ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་མཚོ་བྱང་གི་འགྲན་མཚམས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་སྒྲིག་འཛུགས་བྱས་ནས་འཚོགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་མུ་རུའི་གཏེར་ཁུལ་གྱི་སྤྱང་ཚང་ཁྲོན་དོང་དང་པོ་དང་མདོ་ལ་རིང་མོའི་ལྷོ་འདབས་མཚོ་བྱང་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་དམངས་སྲིད་པུའི་གཞུང་ལས་ཐིང་གི་བརྟག་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་རྐང་ཚ་རྫོང་དུ་དམངས་སྲིད་ཆ་འཕྲིན་ཅན་གྱི་ལས་དོན་གནས་ཚུལ་ལ་བརྟག་ཞིབ་གནང་།

ཟླ7ཚེས7ཉིན་ནས་ཚེས8ཉིན་བར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོར་ཕེབས་རོགས་བྱས་ནས་རང་ཁུལ་གྱི་རྫོང་བཞི་བོར་བརྟག་ཞིབ་གནང་།

ཟླ7ཚེས8ཉིན། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་ལ་ཕེབས་རོགས་བྱས་ནས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ12གྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་ཁྲིད་གནང་བ་མ་ཟད། མཚོ་ལྷོ་ཁུལ་གླང་ཆེན་མཆེ་བའི་ལྗོངས་ཁུལ་དུ་བསྐྱོད་དེ་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ7ཚེས10ཉིན། 2023ལོའི“རི་ཀླུང་བརྒལ་ནས་མགོ་ཁུངས་འཚོལ། རྨ་ཆུ་བརྒྱུད་ནས་རྒྱ་མཚོ་མཐོང”ཞེས་པའི་ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་ཕན་ཚུན་གནས་སྐོར་བརྗེ་རེས་དང“མི་འབུམ་གཉིས་ཀྱིས་མཚོ་བྱང་ལ་གནས་སྐོར་བྱེད་པའི”མུ་འབྲེལ་བྱེད་སྒོའི་མགོ་རྩོམ་མཛད་སྒོ་མཚོ་བྱང་ཁུལ་འཇུ་ལག་རྫོང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་སུན་ཞུག་ཙུང་དང་ལི་ཞུས་ཀྲེན། པའོ་ཀྲེང་ཆིང་བཅས་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ལམ་ཚོགས་ཁང་དུ་ཞིང་ཆེན་ཡོངས་ཀྱི་དོན་སྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཀྱི་ཆེད་དོན་གྲལ་བཤེར་བཅོས་སྒྲིག་གི་བརྙན་ལམ་བཀོད་གཏོང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་འཇུ་ལག་རྫོང་དུ་བསྐྱོད་དེ་མི་འབུམ་གཉིས་ཀྱིས་མཚོ་བྱང་ལ་གནས་སྐོར་བྱེད་པའི་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཞིང་ཆེན་ཚོང་དོན་ཐིང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུ་བཅས་སུ་བསྐྱོད་དེ་བྱ་བར་སྦྲེལ་མཐུད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་མདའ་བཞི་རྫོང་དུ་བསྐྱོད་དེ་མཚོ་སྐོར་འགྲན་བསྡུར་སྐབས་ཀྱི་ལས་དོན་ཁག་སྤེལ་བའི་གནས་ཚུལ་ལ་སྐུལ་ཁྲིད་དང་ཞིབ་བཤེར་གནང་།

ཟླ7ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་ནས2023ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་གྱི་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་ཁྲིད་དང་ཞིབ་བཤེར་གནང་། ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་ཉེ་ལམ་གཙོ་གནད་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུར་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ཀརྨ་ཚེ་རིང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཞིང་ཆེན་བཟོ་འཕྲིན་ཐིང་དུ་བསྐྱོད་དེ་གཞི་གྲངས་མཚོ་སྔོན་རོགས་སྐྱོར་ལས་དོན་གྱི་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་སྤྱི་བདེ་ཅུ་རུ་བསྐྱོད་དེ་ཁུལ་ཡོངས་ཀྱི“ཁུལ་སྟོན་བསུ། ཁོར་ཡུག་སྲུང”ཞེས་པའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་འགུལ་སྐྱོད་ཀྱི་བཀོད་སྒྲིག་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ལི་ཞང་ཏུང་ཚོགས་འདུར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་གྱི་ཙོང་ཆུའི་བཞུར་རྒྱུན་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་ཆུ་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་ནས་འཚོགས་ཤིང་། ཁུལ་དཔོན་གཞོན་པའམ་ཙོང་ཆུའི་ཁུལ་རིམ་པའི་འགན་འཁུར་ཆུ་དཔོན་ཀརྨ་ཚེ་རིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།
ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་རྨ་ཆུའི་བཞུར་རྒྱུན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་སྒོ་འབྱེད་སློབ་ཆེན་གྱི་བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་བརྟག་ཞིབ་གནང་།

ཟླ7ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པ་དང་། རྨ་ཆུའི་བཞུར་རྒྱུན་གྱི་ཞིང་ཆེན་དང་ལྗོངས་དགུ་ཡི་སྒོ་འབྱེད་སློབ་ཆེན་གྱི་ཞིབ་འཇུག་དང་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་སྒོ་བྱང་འགེལ་བ་དང་མིང་རྟགས་འགོད་པའི་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ལི་ཞི་ཀྲེན་དང་དབྱང་ཏེ་གཉིས་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་ཡོངས་ཀྱི“ཁུལ་སྟོན་བསུ། ཁོར་ཡུག་སྲུང”ཞེས་པའི་ཡུལ་དངོས་ནས་སྐུལ་ཁྲིད་བྱེད་པའི་ཆེད་དོན་བཅོས་སྒྲིག་ཟླ་བའི་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཁུལ་ཡོངས་ཀྱི་ཞོད་འགོག་ལས་དོན་གྱི་བརྙན་ལམ་ལེགས་སྒྲིག་ཚོགས་འདུར་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་མཚོ་བྱང་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་བྱ་བའི་སྙན་ཞུའི་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་མདོ་ལ་རྫོང་དུ་བསྐྱོད་དེ་མཚོ་སྐོར་འགྲན་བསྡུར་གྱི་འབྲེལ་ཡོད་ལས་དོན་ལ་སྐུལ་ཁྲིད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཞིང་ཆེན་གཙང་གསུམ་ཚོགས་པའི་ལས་འཛིན་དཔོན་མ་རུང་ཧྭ་འཁོར་དང་བཅས་པའི་ལས་དོན་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རུ་བརྟག་ཞིབ་གནང་།

ཟླ7ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་བརྟག་ཞིབ་གནང་།

ཉིན་དེར། ཁུལ་སྲིད་གྲོས་ཀྱིས་སྐབས་བཅོ་ལྔ་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཅོ་ལྔ་པ་འཚོགས་ཤིང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་ཧན་ཧྲི་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མདོ་ལ་རྫོང་དུ་བསྐྱོད་དེ་ཞོད་འགོག་ལས་དོན་ལ་སྐུལ་ཁྲིད་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་དང་མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཁོངས་གཏོགས་ཀྱི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཉིན་དེར། ཧྲན་ཏུང་གི་ཆེད་མཁས་ཚོགས་པ་མཚོ་བྱང་དུ་ཡོང་ནས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་བྱས་ཤིང་། ནུབ་མཚོ་གྲོང་རྡལ་ནས་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་མཚོ་སྔོན(མཚོ་བྱང)གྱི་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང“རང་རྒྱལ་གྱི་གཞི་གྲངས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་འཕེལ་ཕྱོགས”ཀྱི་འཆད་ཁྲིད་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཉེན་གཤིས་སློབ་གསོའི་རིམ་པའི་བཅུ་པའི་འཇོན་མིའི་ཕེབས་སྐྱེལ་ཚོགས་འདུར་ཞུགས།

ཟླ7ཚེས13ཉིན་ནས་ཚེས15ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་བསྐྱོད། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཝང་ཡུང་ཁྲང་རྟོག་ཞིབ་སློབ་སྦྱོང་ལ་ཞུགས།

ཟླ7ཚེས14ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མཚོ་བྱང་མགྲོན་ཁང་དང་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་། སྔར་གྱི་གཉིས་གཉིས་གཅིག་བཟོ་གྲྭའི་ཡན་ལག་བཟོ་གྲྭ་གསུམ་པ་བཅས་སུ་བསྐྱོད་དེ། ཡུལ་གནས་ནས་ཁུལ་སྟོན་གྱི་སྣེ་ལེན་དང་རྒྱབ་ཕྱོགས་འགན་ལེན་ཚན་ཐད་ཀྱིས་གྲ་སྒྲིག་བྱས་པར་སྐུལ་ཁྲིད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཧྲན་ཏུང་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་ཆེད་མཁས་པར་ཕེབས་རོགས་བྱས་ནས་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་།

ཟླ7ཚེས16ཉིན། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་གྱི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་དང་མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་དང་། ལས་དོན་ཚན་ཆུང་ཁག་གི་འགན་འཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས། མ་རུའུ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

ཟླ7ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་མཚོ་སྔོན་རོགས་སྐྱོར་ལས་ཤག་ཏུ་མཚོ་སྔོན་རོགས་སྐྱོར་དོ་དམ་ཚན་ཐད་ཀྱི་ཏང་ཨུའི་ཧྲུའུ་ཅིའི་གཞུང་སྒྲུབ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་བདེ་འཇགས་འཛུགས་སྐྲུན་གྱི་དུས་ཚིགས་ཀྱི་དཔྱད་དཔོག་གི་ལྡོག་ལན་གནད་དོན་གྱི་ཞིབ་འཇུག་བཀོད་སྒྲིག་གི་ངོ་འཕྲད་ཚོགས་འདུར་ཞུགས།

ཟླ7ཚེས18ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཡིས་ཁུལ་སྟོན་བྱེད་སྒོའི་ནང་དོན་གཙོ་བོ་ངོ་སྤྲོད་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས44པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་རུང་ཧུང་ཀྲི། ཨ་ཁྱུང་། ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རུ་ལྟ་སྐོར་དང་བརྟག་ཞིབ་གནང་།

ཉིན་དེར། པེ་ཅིང་རླངས་འཁོར་བཟོ་གྲྭས་མཚོ་བྱང་གི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུ་འགན་ལེན་གྱི་རླངས་འཁོར་ཞལ་འདེབས་འབུལ་བའི་མཛད་སྒོ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ནས་སྤེལ་ཞིང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ལི་ཞང་ཏུང་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་གྲོང་གསེབ་དར་སྤེལ་གྱི་གསོ་སྦྱོང་ཚོགས་འདུར་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཞིང་ཆེན་དམངས་ཆེན་དུ་བསྐྱོད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་བརྟག་ཞིབ་ཚན་སྐོར་མཚོ་སྔོན་དུ་ཡོང་བའི་འབྲེལ་ཡོད་སྣེ་ལེན་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུར་ཞུགས།

ཟླ7ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་ཏང་སྲིད་དམག་གི་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ་སྔར་གྱི221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་གསུམ་པར་བསྐྱོད་དེ། རེས་སྐོར་སྦྱོང་བརྡར་གྱི་གྲ་སྒྲིག་ནང་ཞུགས་པའི་རྐང་འཛིན་ཡུལ་དམག་ལ་འཚམས་འདྲི་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལི་ཞང་ཏུང་བྱེད་སྒོར་ཞུགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་རྒྱལ་ཁོངས་མ་རྩའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི2023ལོའི་མཚོ་བྱང་ཁུལ་གྱི་རིག་ནུས་མཚོ་སྔོན་རོགས་སྐྱོར་དང་ཐོན་ལས་སྦྲེལ་མཐུད་བྱེད་སྒོའི་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་ཧ་ཝུན་ཞུག་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཁུལ་ཞིང་ཕྱུགས་དཔེ་སྟོན་གླིང་དུ2023ལོའི་མཚོ་བྱང་ཁུལ་གྱི་རིག་ནུས་མཚོ་སྔོན་རོགས་སྐྱོར་དང་ཐོན་ལས་སྦྲེལ་མཐུད་བྱེད་སྒོའི་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཞིང་ཆེན་ཞིང་ལས་འགན་སྲུང་སྤྱི་གཉེར་གྱི་ལས་འཛིན་དཔོན་སྐོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཟི་ལིང་དུ་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིང་གི་འབྲེལ་ཡོད་ལས་དོན་ལ་འབྲེལ་མཐུད་བྱེད་པར་བསྐྱོད།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའི་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས“བྱང་གསུམ”གཙོ་གནད་སྐྱེ་ཁམས་ལས་གཞིའི་ཁུལ་གྱི་ནགས་རྩྭར་གནོད་པའི་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱས་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་སློབ་གྲྭ་དང་ས་གནས་ཀྱི་འཐབ་ཇུས་མཉམ་ལས་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཞིང་ཆེན་སྲིད་གཞུང་གི་པེ་ཅིང་དུ་སྡོད་པའི་གཞུང་ལས་ཁང་དུ་བསྐྱོད་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་མངའ་ཁོངས་དང་ཡན་ལག་ཁུལ་གྱི་ཆེད་མཁས་པའི་རིགས་སྒྲུབ་ཚོགས་འདུར་ཞུགས།

ཟླ7ཚེས20ཉིན། སྐབས24པའི་ཀྲུང་གོའི·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་གཙོ་དོན་གླེང་སྟེགས་ཟི་ལིང་ནས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་མགོ་རྩོམ་མཛད་སྒོ་དང་གཙོ་དོན་གླེང་སྟེགས་སུ་ཞུགས་པ་མ་ཟད། མཚོ་བྱང་གི་འགྲེམས་སྟོན་ཁང་དུ་སོང་ནས་འགྲེམས་ཁང་ལ་སྐོར་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཚོ་ཅི་ཆང་བྱེད་སྒོར་ཞུགས།

ཉིན་དེར། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས24པའི་མ་འཇོག་གསལ་བཤད་ཚོགས་འདུ་དང་མཉམ་ལས་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཛད་སྒོར་ཞུགས་ནས་གན་རྒྱར་མིང་རྟགས་བཀོད། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་སྐབས་བཞི་པའི“རིག་ནུས་གཙང་གསུམ་འགོ་རུ་འཛོམས· མཚོ་སྔོན་གསར་པར་རམ་འདེགས་བྱེད”ཅེས་པའི་འཇོན་ཐང་མི་སྣའི་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་འཇུ་ལག་རྫོང་དུ་བསྐྱོད་དེ་ཞིང་ཆེན་ཡོངས་ཀྱི་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་རྒྱལ་ཁབ་མཁོ་ཚོང་མཉམ་འབྲེལ་ཁང་གི་སྤྱི་ཁྱབ་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་།

ཟླ7ཚེས21ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མངའ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས“མདོ་ལ་རིང་མོའི་རྩྭ་ར”ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་གསེར་དངུལ་ཐང་རྩྭ་ཐང་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་གིས་ཡོངས་བསྒྲགས་ཚོགས་འདུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ཝུའུ་ཞའོ་ཏུང་གིས་ཤིས་ཚིག་ཕུལ། ཁུལ་གྱི་མགོ་ཁྲིད་དབྱང་ཧའེ་ལུང་དང་པད་རྒྱལ་བཀྲ་ཤིས། ལའེ་མིང་། ཞུས་ཡུང་ཀུང་། ལི་ཞུས་ཀྲེན། བན་བཀྲ་ཤིས་དོན་འགྲུབ། ཀརྨ་ཚེ་རིང་། ཁྲང་ལིན། པའོ་ཀྲེང་ཆིང་། ཞོ་རོས་ཞིན་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཟི་ལིང་དུ་བསྐྱོད་དེ་གཞི་གྲངས་མཚོ་སྐྱོར་དང་གཞི་གྲངས་ཆེན་མོའི་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཀྱི་དབུ་ཚོགས་ལ་ཞུགས། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གསེར་དངུལ་ཐང་དུ་བསྐྱོད་དེ་སྐབས་དང་པོའི་མདའ་བཞིའི“སྲེག་ཟའི”དགའ་སྟོན་དུས་ཆེན་དང་ཙི་པོ་སྲེག་ཟས་རྩྭ་ཐང་དུ་ཐོན་ཞེས་པའི་གསེར་དངུལ་ཐང་གི་བྱེད་སྒོའི་མགོ་རྩོམ་མཛད་སྒོར་ཞུགས། ཕྱི་དྲོར། གསེར་དངུལ་ཐང་ནས“མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མངའ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུར”ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་སྤྱི་ཁྱབ་ཅུའི་བརྟག་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཟླ7ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཟི་ལིང་ནས་ཀྲུང་གོའི་ཀོང་ཏུང་ཉིང་རྡུལ་གློག་འདོན་ཚོགས་པའི་ནུས་རྒྱུ་གསར་པའི་མ་རྐང་ཚོད་འཛིན་སྤྱི་གཉེར་གྱི་སྤྱི་གཉེར་གཞོན་པ་ཏིང་ཡེ་ལེའང་འཁོར་དང་བཅས་པ་དང་མཉམ་དུ་མཚོ་བྱང་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་བཞུགས་མོལ་སྤེལ་རེས་གནང་། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་ཚོགས་འདུར་ཞུགས།

ཟླ7ཚེས22ཉིན་ནས་ཚེས23ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ནུབ་མཚོ་ལུས་རྩལ་ར་བ་དང་གསེར་དངུལ་ཐང་རྩྭ་ཐང་། དེ་སྔའི221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་དང་པོ། མཐོན་པོ་རིའི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་ཀྱི་ཡུལ་དངོས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་གཙོ་གནད་ལས་དོན་ལ་སྐུལ་ཁྲིད་དང་སྐུལ་འདེད་བཏང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་བྱེད་སྒོར་ཞུགས།

ཟླ7ཚེས24ཉིན། སྐབས24པའི་ཀྲུང་གོའི མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མཚོ་བྱང་ཁུལ་ཚོང་འགུག་མ་འདྲེན་རྣམ་གྲངས་ཀྱི་ཆེད་དོན་མིང་རྟགས་འགོད་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་མཛད་སྒོར་ཞུགས།

ཟླ7ཚེས25ཉིན། ཁུལ་ཨུའི་རྒྱུན་ཨུ་ཁང་གི(རྒྱ་སྐྱེད)ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་རུང་ཧུང་ཀྲི། ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རོང་འབྲོག་ཁུལ་གྱི་ལས་དོན་མགོ་ཁྲིད་ཚན་ཆུང་(ཁུལ་གྱི་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང)གི་ཚོགས་འདུ་དང་། འབྲེལ་མཐུད་ནུས་ལྡན་གྱི་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། “མཚོ་སྔོན་པོའི”རོལ་དབྱངས་དུས་ཆེན་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་གྱི་ཆེད་དོན་ཚོགས་འདུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཧན་ཧྲི་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དམག་དཔུང་དུ་བསྐྱོད་དེ་འཚམས་འདྲིའི་བྱེད་སྒོ་སྤེལ། ཁུལ་གྱི་མགོ་ཁྲིད་ལི་ཞང་ཏུང་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང2023ལོའི་ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པའམ་ཀྲུང་གོ་ཚན་རིག་གླིང་གི་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཆི་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་ཁུལ་གྱི་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་རྟོག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་སྐུལ་ཁྲིད་ཞིབ་བཤེར་ཀྱི་ལྟ་ཞིབ་ཚན་སྐོར་ལྔ་པར་ཕེབས་རོགས་བྱས་ནས་འཇུ་ལག་རྫོང་དུ་བརྟག་ཞིབ་དང་སྐུལ་ཁྲིད་གནང་།

ཟླ7ཚེས26ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའི(རྒྱ་སྐྱེད)ཚོགས་འདུ་ཐེངས40པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས(རྒྱ་སྐྱེད)ཚོགས་འདུ་ཐེངས36པ་འཚོགས། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་ནས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ནས་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུ་ཞང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་རྒྱལ་ཡོངས་དམངས་ཆེན་རྟོག་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་རྟོག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང2023ལོའི་ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའི་ཅུ་ཀྲང་གཞོན་པ་ཧྲི་ཙི་ཧའེ་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདོ་ལ་རྫོང་དུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ཚན་སྐོར་གྱི་ཚན་གཙོ་ཝང་ཐེན་ཡུང་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བྱ་བར་ཞིབ་བཤེར་གནང་།

ཟླ7ཚེས27ཉིན། ཁུལ་ཡོངས་ཀྱི་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས(རྒྱ་སྐྱེད)ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཞང་ཏུང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་། མཚོ་བྱང་ཡན་ལག་དམག་ཁུལ་ཁང་གི་བཀའ་བཀོད་པ་གཞོན་པ་དང་མཚོ་བྱང་ཁུལ་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མཱ་ཧྥུ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་རྒྱལ་ཁབ་ཆུ་བེད་པུའི་ཆུ་མཚོ་དོ་དམ་སིའི་སི་ཀྲང་གཞོན་པ་དབྱང་ཐའོ་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་རྐང་ཚ་རུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་འཇུ་ལག་རྫོང་དུ་བསྐྱོད་དེ2023ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་ལས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཕྱོགས་བསྡུས་འཕྲལ་བསྟུན་ནང་སྦྱོང་གི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའི་ཅུ་ཀྲང་གཞོན་པ་ཧྲི་ཙི་ཧའེ་འཁོར་དང་བཅས་པའི་བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདོ་ལ་རྫོང་དུ་བསྐྱོད་དེ་གཅིག་སྡུད་ཉོ་སྒྲུབ་བྱེད་པའི་ཐོན་རྫས་དོན་དངོས་ཐོག་བེད་སྤྱོད་བྱས་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་དུ་བསྐྱོད་དེ་མཚོ་སྔོན་པོའི་རྒྱུད་ཀྱི་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུའི་དུས་མགོའི་བྱ་བའི་འབྲེལ་མཐུད་ཚོགས་འདུར་ཞུགས།

ཟླ7ཚེས28ཉིན། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་འཇུ་ལག་རྫོང་དུ་བསྐྱོད་དེ2023ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་གནས་སྐོར་ལས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་ཕྱོགས་བསྡུས་འཕྲལ་བསྟུན་ནང་སྦྱོང་གི་བྱེད་སྒོར་ཞུགས།

ཟླ7ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྲིད་གཞུང་བཙུགས་ནས་ལོ་འཁོར70ལོན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཟི་ལིང་དུ་བསྐྱོད་དེ་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་ཀུན་སྤྱོད་དཔེ་བཟང་ཅན་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཆིང་ཏའོ་གྲོང་ཁྱེར་གྱི་ཚོང་བར་ཕེབས་རོགས་བྱས་ནས་མཚོ་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས།

ཟླ7ཚེས29ཉིན་ནས་ཚེས30ཉིན་བར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྐྱོད་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོར་ཞུགས།

ཟླ7ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རྐང་ཚ་དང་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཟླ7ཚེས31ཉིན། ཧྲན་ཏུང་རོགས་སྐྲུན་གྱི་མཚོ་བྱང་ཁུལ་གློག་རྡུལ་སྲིད་དོན་མཐུན་སྦྱོར་གཞུང་ལས་མ་ལག་དང་། ཤོག་མིན་ཚོགས་འདུའི་མ་ལག་དང་དེའི་མཐའ་སྣེའི་སྒྲིག་ཆས་ཞལ་འདེབས་འབུལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས། ཁུལ་གྱི་མགོ་ཁྲིད་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན། རུང་ཧུང་ཀྲི། དབྱང་ཧའེ་ལུང་། ཝང་ཡུང་ཁྲང་། ཁྲང་ལིན་བཅས་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་ཤིང་། ཨ་ཁྱུང་གིས་མཛད་སྒོར་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཡན་ལག་དམག་ཁུལ་དང་ཁུལ་ཉེན་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་ཏུ་བསྐྱོད་དེ་ཁུལ་སྡོད་དམག་དཔོན་དང་ཉེན་ཟོན་འཐབ་བཀོད་པར་འཚམས་འདྲི་གནང་།

ཉིན་དེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་འོས་སྦྱོར་ཚོགས་འདུ་ནུབ་མཚོ་གྲོང་རྡལ་ནས་འཚོགས། ཁུལ་གྱི་མགོ་ཁྲིད་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན། རུང་ཧུང་ཀྲི། དབྱང་ཧའེ་ལུང་། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། སི་ཅི་ཧྲེང་། ཞུས་ཡུང་ཀུང་། ལི་ཞུས་ཀྲེན། བན་བཀྲ་ཤིས་དོན་འགྲུབ། ཝང་ཞིང་ཧུའེ། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མཱ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི། ཁྲང་ལིན། ཞོ་རོས་ཞིན་བཅས་ཚོགས་འདུར་ཞུགས།

ཟླ8ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་ཁུལ་སྟོན་གྱི་རྟེན་འབྲེལ་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ལེའོ་ཁྲེང་དང་ཝུའེ་ཧའེ་གྲོང་ཁྱེར་གྱི་ཚོང་བར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་མཚོ་སྔོན་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཞིང་ཆེན་ལས་ཁུངས་ལས་དོན་དོ་དམ་ཅུའི་བརྟག་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཟླ8ཚེས2ཉིན། 《རྫོགས་ལྡན་གྱི་གསེར་དངུལ་ཐང་》ཞེས་པའི་མི་རིགས་གླུ་གར་ཆེན་མོ་དེ་ནུབ་མཚོའི་གློག་བརྙན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་རུང་ཧུང་ཀྲི། ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཀྱིས་ལྟད་མོར་གཟིགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲུའུ་ལི་ཝེ་དང་བཅས་པར་ཕེབས་རོགས་བྱས་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་སྐྱོར་ལས་ཤག་ཏུ་རྟོག་ཞིབ་གནང་བ་མ་ཟད། མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་འཚམས་འདྲི་གནང་།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཐེན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུའི་ནན་ཁའེ་ཡན་ལག་ཅུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའི་བྱང་ཚད་མཐོ་བའི་ཉེན་རྟོག་གི་སྤེལ་རེས་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ8ཚེས3ཉིན། མཚོ་བྱང་ཁུལ་གྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི་བྱེད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་བྱེད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་བྱེད་སྒོར་ཞུགས།

ཉིན་དེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་ཁུལ་སྟོན་རྟེན་འབྲེལ་ཚོགས་ཆེན་ནུབ་མཚོ་ལུས་རྩལ་ར་བར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་རྟེན་འབྲེལ་བྱེད་སྒོར་ཞུགས།

ཉིན་དེར། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་འཚམས་འདྲིའི་འཁྲབ་སྟོན་བྱས་པ་དང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་རུང་ཧུང་ཀྲི། ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཀྱིས་ལྟད་མོར་གཟིགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཧྲན་ཏུང་ཞིང་ཆེན་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཐིང་དང་ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུའི་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ8ཚེས4ཉིན། “མཚོ་སྔོན་པོའི”རོལ་དབྱངས་དུས་ཆེན་གྱི་སྐབས་བཅུ་པའི་ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་མགོ་བརྩམས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་བ་དང་ཆབས་ཅིག་མཛད་སྒོ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཡིས་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཤ་བོ་སྐྱབས་དང་རུང་ཧུང་ཀྲི། ཨ་ཁྱུང་། ལི་ཞང་ཏུང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས

ཉིན་དེར། མཚོ་བྱང་ཁུལ་གྱི“ཐོན་ལས་དར་སྤེལ། ཚོང་རྟགས་འཛུགས་སྐྱོང་། འབབ་འཕར་སྐུལ་འདེད། དར་རྒྱས་སྐུལ་སྤེལ།”བཅས་ཀྱི་སྤུས་ལེགས་ཕྱུགས་རྒྱུད་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམས་སྟོན་དཔྱད་བསྡུར་བྱེད་སྒོ་གསེར་དངུལ་ཐང་རྩྭ་ཐང་དུ་མཇུག་སྒྲིལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བྱེད་སྒོར་ཞུགས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་བྱེད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་དབྱང་ཧའེ་ལུང་། པད་རྒྱལ་བཀྲ་ཤིས། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཨ་ཁྱུང་། སུན་ཞུག་ཙུང་། སངས་འབུམ། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་བཅས་བྱེད་སྒོར་ཞུགས

ཉིན་དེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་གཞི་གྲངས་ཆེན་མོའི་ཐོན་ལས་འོས་སྦྱོར་དང་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་ལ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་སུའུ་བདུན་ཅུ་དང་ཚོ་ཅི་ཆང་། ཁྲང་ལིན་བཅས་མཛད་སྒོར་ཞུགས།

ཟླ8ཚེས6ཉིན། མཚོ་སྔོན·མཚོ་བྱང་གི་སྐབས་གཉིས་པའི་མཚོ་སྔོན་པོའི་རྟ་རྒྱུག་སྤེལ་རེས་ཚོགས་ཆེན་དེ་མདའ་བཞི་རྫོང་ནུབ་མཚོ་ལུས་རྩལ་ར་བ་ནས་མཇུག་བསྡུས། ཁུལ་གྱི་མགོ་ཁྲིད་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན། ཝང་ཡུང་ཁྲང་། ཧན་ཧྲི། ཞོ་རོས་ཞིན་བཅས་བྱེད་སྒོར་ཞུགས།

ཟླ8ཚེས7ཉིན་ནས་ཚེས9ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་ཀན་སུའུ་དང་སི་ཁྲོན། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཀྱི་ཁུལ་གྲོང་དཔོན་གྱི་མཉམ་འབྲེལ་ཚོགས་འདུར་ཞུགས།

ཟླ8ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་དཔྱད་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མཚོ་སྔོན་དུ་ཡོང་ནས་ལོ་གཅིག་ལོན་པའི་གཅིག་སྡུད་དཔྱད་ཞིབ་ཀྱི་དམངས་གཙོའི་ཚད་ལེན་གྱི་དཔྱད་འདེམས་གྲོས་ཚོགས་སུ་ཞུགས།

ཟླ8ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ཁོངས་མིའི་སྣེ་ཁྲིད་དེ་ཁུལ་གྱི་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་ཁུལ་མི་རིགས་རྟེན་མཛོད་ཁང་། 221གི་རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་དང་པོ། ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གྲངས་འཛིན་ཅན་གྱི་འགྲེམས་ཁང་། ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཅས་སུ་བསྐྱོད་དེ་བརྟག་ཞིབ་ལྟ་སྦྱོང་གི་བྱེད་སྒོ་སྤེལ། ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་རུང་ཧུང་ཀྲི། དབྱང་ཧའེ་ལུང་། པད་རྒྱལ་བཀྲ་ཤིས། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། སངས་འབུམ། མ་ཁྲེང་ཀུའེ། བན་བཀྲ་ཤིས་དོན་འགྲུབ། ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི། པའོ་ཀྲེང་ཆིང་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཡོངས་ཀྱི་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་དང་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སི་ཅི་ཧྲེང་། བན་བཀྲ་ཤིས་དོན་འགྲུབ། ཚོ་ཅི་ཆང་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཡོངས་ཀྱི2023ལོའི་ལོ་སྟོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དང་ཁུལ་ཁོངས་གཏོགས་རྒྱལ་དབང་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་གྱི་དབྱེ་ཞིབ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་དང་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སི་ཅི་ཧྲེང་། བན་བཀྲ་ཤིས་དོན་འགྲུབ། ཚོ་ཅི་ཆང་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལྟ་སྐུལ་མཛུབ་ཁྲིད་ཚན་སྐོར་ལྔ་པར་ཕེབས་རོགས་གནང་ནས་འབྲེལ་ཡོད་ལས་དོན་སྤེལ།

ཉིན་དེར། ཁུལ་གྱི་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་ཁུལ་ཡོངས་ཀྱི་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་དང་། ཁུལ་གྱི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཟླ8ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་འབྲེལ་ཡོད་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་མཚོ་སྔོན་རོགས་སྐྱོར་ལས་བྱེད་འཇོན་མིར་འཚམས་འདྲི་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཞིང་ཆེན་གྱི་ཡོམ་འགོག་གནོད་སྐྱོབ་བཀོད་འདོམས་པུའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལྟ་སྐུལ་མཛུབ་ཁྲིད་ཚན་སྐོར་ལྔ་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་སྐུལ་ཁྲིད་དང་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་མཚོ་སྔོན་པོའི་ས་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར(མཚོ་བྱང་ཁུལ)གྱི་མཉམ་འབྲེལ་གྲོས་ཚོགས་དང་པོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཡིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་སྐུལ་ཁྲིད་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་དང་རྐང་ཚ་རུ་བྱེ་ཁུག་བཅོས་སྒྲིག་ལས་དོན་ལ་སྐུལ་ཁྲིད་གནང་།

ཟླ8ཚེས10ཉིན་ནས་ཚེས11ཉིན་བར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་ལྔ་པའི་གྲོས་ཚོགས་ཧྲིལ་བོར་ཟུར་ཞུགས་གནང་།

ཟླ8ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས49པར་གཙོ་སྐྱོང་གནང་ནས་འཚོགས། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་ཨ་ཁྱུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཁུལ་ཡོངས་ཀྱི་སྤྱོད་ཚུལ་ཕྱོགས་ཀྱི་གནད་དོན་འབུར་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་སྐུལ་འདེད་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་ཨ་ཁྱུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་ཆུ་བེད་ཐིང་གི་བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་པོད་ཧོ་ཐོ་རུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མདོ་ལ་རྫོང་དུ་བསྐྱོད་དེ2023ལོའི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འཕྲོད་བསྟེན་འཕྲལ་བསྟུན་རུ་དཔུང་གི་ཡུལ་དངོས་ཀྱི་མཉམ་འབྲེལ་གསོ་སྦྱོང་གི་ཚོད་ལྟའི་སྦྱོང་བརྡར་བྱེད་སྒོར་ཞུགས།

ཟླ8ཚེས13ཉིན། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཀོང་ཏུང་ཞིང་ཆེན་དམངས་སྲིད་ཐིང་དང་ཀོང་ཏུང་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཟླ8ཚེས14ཉིན། ཁུལ་ཨུས་དམག་དོན་གྲོས་བསྡུར་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ཝང་ཡུང་ཁྲང་། སུན་ཞུག་ཙུང་། སངས་འབུམ། ལའེ་མིང་། སི་ཅི་ཧྲེང་། ལིའུ་ཏུང་། ལི་ཞང་། ལི་ཞང་ཏུང་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུའི་སྤྱི་ཚོགས་སིའི་སི་ཀྲང་གཞོན་པ་སུན་ཀྲི་ཁྲེང་ལ་ཕེབས་རོགས་བྱས་ནས་མདོ་ལ་རྫོང་དུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་རྣམ་གྲངས་ཀྱི་འབྲེལ་ཡོད་ཚོགས་འདུ་ལ་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཞིང་ཆེན་གྱི་གསོ་རིག་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་སྐུལ་ཁྲིད་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲིས་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་སྐུལ་ཁྲིད་ཚན་སྐོར་ལ་ཕེབས་རོགས་བྱས་ནས་རྐང་ཚ་རྫོང་དུ་བརྟག་ཞིབ་དང་སྐུལ་ཁྲིད་གནང་།

ཟླ8ཚེས15ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ལ་སྤྱི་སྡོམ་གནང་བ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཨ་ཁྱུང་། སུན་ཞུག་ཙུང་། སངས་འབུམ། ལའེ་མིང་། སི་ཅི་ཧྲེང་། ལིའུ་ཏུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག  ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་ཞིང་ཆེན་ནུབ་མཚོ་རྡོ་སོལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཧའེ་ཐར་རྡོ་སོལ་གཏེར་ཁུལ་གྱི་ཐོན་སྐྱེད་བསྐྱར་གསོ་བྱེད་པའི་ཆེད་དོན་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ཚོ་ཅི་ཆང་། མ་རུའུ་ཞང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་སྤྱི་ཚོགས་སིའི་སི་ཀྲང་གཞོན་པ་སུན་ཀྲི་ཁྲེང་ལ་ཕེབས་རོགས་བྱས་ནས་ནུབ་མཚོ་གྲོང་རྡལ་དུ་བརྟག་ཞིབ་གནང་བ་མ་ཟད། 《རྒྱལ་ཁབ་ཆེན་པོའི་དམག་ཆས་གལ་ཆེན》རྣམ་གྲངས་ཀྱི་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་འཇུ་ལག་དང་མདོ་ལ་རྫོང་དུ་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཙུགས་པའི་གནས་ཚུལ་ལ་སྐུལ་ཁྲིད་དང་ཞིབ་བཤེར་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཁུལ་ཁྲིམས་འཛིན་ཅུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་སྒྲིག་འཛུགས་བྱས་ཏེ་པའོ་ཅན་ཐང་གི་འབྲེལ་ཡོད་དོན་དག་ལ་གྲོས་བསྡུར་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་རྐང་ཚ་རྫོང་དུ་ཕྱིན་ཏེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི2023ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གསུམ་པོ་གཞི་རིམ་དུ་སྐྱོད་པའི”གཅིག་སྡུད་དཔེ་སྟོན་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཞིང་ཆེན་གྱི་སྨན་བཅོས་སྒྱུར་བཅོས་ཟབ་གཏོང་མགོ་ཁྲིད་ཚན་ཆུང་གི་སྐུལ་ཁྲིད་ཚན་ཆུང་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་བརྟག་ཞིབ་གནང་།ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཀྲུང་དབྱང་དྲིལ་སྒྲོག་པུའི་“གསུམ་པོ་གཞི་རིམ་དུ་སྐྱོད་པའི”བརྟག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཟླ8ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཧོ་པེ་ཞིང་ཆེན་གྱི་ལང་ཧྥང་གྲོང་ཁྱེར་དུ་བསྐྱོད་དེ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བཟོ་གྲྭ་དྲུག་དགུ་གཅིག་དྲུག་པར་འཚམས་འདྲི་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། ཚོ་ཅི་ཆང་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་ཡོམ་འགོག་གནོད་སྐྱོབ་བཀོད་འདོམས་པུའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཀྲུང་གོའི“མདེལ་གཉིས་སྐར་གཅིག”གི་བསམ་བློའི་བརྗོད་དོན་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་རྣམ་གྲངས་ཀྱི་གྲོས་བསྡུར་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གི་མཉམ་འབྲེལ་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཧ་ཝུན་ཞུག་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་མདོ་ལ་དང་རྐང་ཚ་རུ་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཙུགས་པའི་གནས་ཚུལ་ལ་སྐུལ་ཁྲིད་དང་ཞིབ་བཤེར་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག“མཚོ་སྔོན་པོ་སྐོར་བ་རྒྱག་པའི་དབང་པོ་སྐྱོན་ཅན་གྱི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་སྐབས་དགུ་པའི”མགོ་རྩོམ་མཛད་སྒོར་ཞུགས།

ཟླ8ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་པེ་ཅིང་དུ་བསྐྱོད་དེ་ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཚོགས་པར་འཚམས་འདྲི་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། ཚོ་ཅི་ཆང་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་རུ་སྣེ་ཁྲིད་དེ་པེ་ཅིང་དུ་ཀྲུང་གོའི་ཧ་ཡང་ལས་རིགས་ཚོགས་པར་འཚམས་འདྲི་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། ཚོ་ཅི་ཆང་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་འབྲེལ་ཡོད་མི་སྣར་ཕེབས་རོགས་བྱས་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་བསྐྱོད་དེ་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའི“གསར་བརྗེའི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ལག་བསྟར་བྱས་ཚུལ་གྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ8ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་པེ་ཅིང་གྲོང་ཁྱེར་དུ་བསྐྱོད་དེ་ཀྲུང་གོའི་གཏེར་ལྔ་ཚོགས་པ་དང་ཀྲུང་གོའི་འབྲུ་རིགས་ཚོགས་པར་འཚམས་འདྲི་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སུན་ཞུག་ཙུང་། ཚོ་ཅི་ཆང་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་འབྲེལ་ཡོད་མི་སྣར་ཕེབས་རོགས་བྱས་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་དབྱར་སྟོན་ཐང་ནས་མཚོ་བྱང་ཁུལ་གྱི་སྐབས་གསུམ་པའི་ནཱ་ཏམ་དུས་ཆེན་དང་དཔལ་སྦྱིན་ཡུལ་ཚོའི་སྐབས་ལྔ་པའི་རྩྭ་ཐང་ན་ཏམ་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཟི་ལིང་དུ་བསྐྱོད་དེ་ཀྲུང་གོའི“མདེལ་གཉིས་སྐར་གཅིག”གི་བསམ་བློ་བརྗོད་དོན་ཡིན་པའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྣམ་གྲངས་ཀྱི་ཇུས་འགོད་ལས་དོན་ལ་སྐུལ་ཁྲིད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་རྒྱལ་ཁབ་ཡིག་སྒྱུར་ཅུའི་འབྲེལ་ཡོད་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཟླ8ཚེས18ཉིན་ནས་ཚེས19ཉིན་བར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དུ་བསྐྱོད་དེ་གཉན་པོ་གཡུ་རྩེའི་རིག་གནས་གནས་སྐོར་དུས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས།

ཟླ8ཚེས18ཉིན་ནས་ཚེས19ཉིན་བར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཡིས་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་སྤེལ་དང་ནུས་ལྡན་འབྲེལ་མཐུད་བྱེད་པའི་སྐུལ་ཁྲིད་ལས་དོན་ཚན་སྐོར་ལྔ་པར་ཕེབས་རོགས་བྱས་ནས་འཇུ་ལག་རྫོང་དུ་སྐྱོད་དེ་ལས་དོན་ལ་སྐུལ་ཁྲིད་དང་ཞིབ་བཤེར་གནང་།

ཟླ8ཚེས20ཉིན། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་འབྲེལ་ཡོད་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་འཇུ་ལག་རྫོང་དུ་སྐྱོད་དེ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོར་བརྟག་ཞིབ་གནང་།

ཟླ8ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2023ལོའི་ཁུལ་དཔོན་གྱི་ངོ་འཕྲད་ཚོགས་འདུ་ཐེངས་བཞི་པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་དང་ཞིང་ཕྱུགས་ཐིང་། བཟོ་ལས་དང་ཆ་འཕྲིན་ཅན་ཐིང་བཅས་སུ་བསྐྱོད་དེ་ལས་དོན་ལ་སྦྲེལ་མཐུད་གནང་། ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་མགོ་ཁྲིད་ཁུལ་སྤྱི་བདེ་ཅུ་རུ་ཡོང་ནས་བརྟག་ཞིབ་གནང་བར་ཕེབས་རོགས་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མཚོ་བྱང་ཁུལ་གཞོན་ནུའི་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པར་ཞུགས།

ཟླ8ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་ཐེངས་བཅུ་གཅིག་པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་རུང་ཧུང་ཀྲི། ཝང་ཡུང་ཁྲང་། ཨ་ཁྱུང་། ལའེ་མིང་། སི་ཅི་ཧྲེང་། ལི་ཞུས་ཀྲེན། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཝུའུ་ཧྲུའུ་རུང་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དང221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་གསུམ་པར་བསྐྱོད་དེ་བརྟག་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་མཁར་གྲོང་འཛུགས་སྐྲུན་གྱི་བརྟག་ཞིབ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་མ་ཟད། ཡུལ་དངོས་ཀྱི་ཚོགས་འདུ་འཚོགས། ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་དང་ཧན་ཧྲི་གཉིས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་མཚོ་སྔོན་རོགས་སྐྱོར་ལས་ཤག་ཏུ་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་རྩ་འཛུགས་པུའི་གསོ་རིག་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་རོགས་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱས།

ཟླ8ཚེས22ཉིན་ནས་ཚེས25ཉིན་བར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་དུ་སྐྱོད་དེ་འབྲི་གཡག་ཐོན་ལས་གྱི་འཕེལ་རྒྱས་ཚོགས་ཆེན་ལ་ཞུགས།

ཟླ8ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའི(རྒྱ་སྐྱེད)ཚོགས་འདུ་ཐེངས41པ་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས37པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ལི་ཞང་ཏུང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་འཆར་འགོད་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ཧན་ཧྲི་ཚོགས་འདུར་ཞུགས།

ཟླ8ཚེས23ཉིན་ནས་ཚེས24ཉིན་བར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་དུ་བསྐྱོད་དེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་གོམས་སྲོལ་བཅོས་སྒྱུར་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུར་ཞུགས།

ཟླ8ཚེས23ཉིན་ནས་ཚེས25ཉིན་བར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་རུ་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་ཀྲུའུ་ཧྲན་གྲོང་ཁྱེར་དུ་བསྐྱོད་དེ་རྟོག་ཞིབ་སློབ་སྦྱོང་གནང་།

ཟླ8ཚེས24ཉིན། ཙོང་ཆུའི་བཞུར་རྒྱུན་གྱི་གྲོང་ཁྱེར་དང་ཁུལ་བར་གྱི་མཉམ་འགོག་མཉམ་བཅོས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་དེ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལི་ཞུས་ཀྲེན། ལི་ཞང་ཏུང་། མ་རུའུ་ཞང་། དབྱང་ཏེ་བཅས་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཞིང་ཆེན་སྲིད་གཞུང་དུ་བསྐྱོད་དེ་ཞིང་ཆེན་ཡོངས་ཀྱི་གཏེར་རིའི་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་ནང་སྦྱོང་གི་བསྐྱར་ཐོན་དང་ཕྱོགས་སྡོམ་བཀོད་སྒྲིག་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དུ་བསྐྱོད་དེ་ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་བསམ་བློའི་རྒྱུན་འཛིན་རྣམ་གྲངས་ལ་སྦྲེལ་མཐུད་བྱས།

ཟླ8ཚེས25ཉིན། མཚོ་བྱང་ཁུལ་གྱི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་རྣམ་གྲངས་མ་འཇོག་གི་སྐུལ་འདེད་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མཚོ་བྱང་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱ་བའི་ཇུས་གཞིའི་ཞིབ་བཤེར་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མཚོ་སྔོན་གྱི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་བསྐྱོད་དེ“2023ལོའི་རྒྱུད་གཅིག་ལམ་གཅིག་གི(མཚོ་སྔོན)སློབ་གསོའི་སྒྲིག་ཆས་བཤམས་སྟོན་ཚོགས་འདུར”ཞུགས།

ཟླ8ཚེས26ཉིན། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཟི་ལིང་གྲོང་ཁྱེར་དུ་བསྐྱོད་དེ་རིམ་པ་བཅུ་གཅིག་པའི་སློབ་གསོའི་སྟབས་བསྟུན་ཤེས་ལྡན་པར་བསུ་བ་གནང་པ་མ་ཟད། རིམ་པ་བཅུ་གཅིག་པའི་སློབ་གསོའི་སྟབས་བསྟུན་ཤེས་ལྡན་མི་སྣར་དགའ་བསུ་དང་གསོ་སྦྱོང་བྱེད་པའི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས།

ཟླ8ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གཞུང་དུ་བསྐྱོད་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་གནད་དོན་འབུར་ཐོན་དག་ཐེར་གྱི་བཀོད་གཏོང་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཁུལ་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་ཨུ་ལྷན་གྱི་ཁྲིམས་སྲུང་ཁྲིམས་ཁྱབ་མཐུན་སྦྱོར་ཚན་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་དང“བརྒྱད་ལྔའི”ཁྲིམས་ཁྱབ་ཀྱི་དུས་དཀྱིལ་ཞིབ་བཤེར་དཔྱད་དཔོག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་རྒྱལ་ཁབ་ཁྲིམས་འཛིན་པུའི་འབྲེལ་ཡོད་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་རྐང་ཚ་དང་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་དམངས་སྲིད་པུའི་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱི་བརྟག་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཟླ8ཚེས29ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་རྟེན་འབྲེལ་བྱེད་སྒོར་ཕྱོགས་ཡོངས་ནས་སྤྱི་སྡོམ་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ལི་ཞང་ཏུང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་ཚོགས་འདུར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཀྲུང་གོའི་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། “རྣམ་པ་གསར་བའི་གློག་ཤུགས་འཁོར་སྐྱོད་མ་ལག”གི་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཀྲུང་གོའི་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཕན་ཧྥུང་གཉིས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་བྱེད་སྒོར་ཞུགས། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལི་ཞུས་ཀྲེན་མཛད་སྒོར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་དངུལ་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། མཚོ་སྔོན་དངུལ་ཁང་གི“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་མཚོ་སྔོན་དངུལ་ཁང་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་དཔོན་ཚའེ་ཧུང་རུའེ་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཧྲེང་ཡོན་དང་མཚོ་སྔོན་དངུལ་ཁང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧང་ཀྲང་དབྱིང་ཧའེ་ཕུང་གཉིས་ཀྱིས་ཕྱོགས་གཉིས་པོའི་ཚབ་བྱས་ནས《འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་གཙོ་སྐྱོང་གནང་བ་དང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལི་ཞུས་ཀྲེན་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་དང་ནན་ཅིང་གི་ཚོང་བར་ཕེབས་རོགས་བྱས་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཁུལ་ཐད་གཏོགས་སྡེ་ཁག་གི“བརྒྱད་ལྔའི”ཁྲིམས་ཁྱབ་ཀྱི་དུས་དཀྱིལ་ཞིབ་བཤེར་དཔྱད་དཔོག་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཞིང་ཆེན་སྲིད་གྲོས་ཀྱི“རྒྱལ་ཁབ་སྤྱི་གླིང་གི་རིག་གནས་སྐྱེད་སྲིང་ཤུགས་ཆེན་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་རམ་འདེགས་བྱེད་པའི”དྲ་ཐོག་སྲིད་གྲོས་ཀྱི་རྒྱང་གནས་གྲོས་མོལ་དང་ཟླ་བ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཟི་ལིང་དུ་བསྐྱོད་དེ་ཀྲུང་དབྱང་རྩ་འཛུགས་པུའི2023ལོའི་སྟོན་དུས་གསོ་སྦྱོང་འཛིན་གྲྭའི་སློབ་མའི་གསོ་སྦྱོང་མ་སྤེལ་གོང་གི་མཉམ་འདུས་གླེང་མོལ་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་སྲིད་གཞུང་དུ་བསྐྱོད་དེ་མཚོ་སྔོན་ཞིང་ཆེན་གྱི་འདེབས་འཛུགས་ལས་རིགས་དར་སྤེལ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ8ཚེས30ཉིན། ཀྲུང་གོའི་སྐབས་ལྔ་པའི་གྲོང་གསེབ་ཀྱི་དངུལ་རྩའི་མི30ཡི་གླེང་སྟེགས་ཀྱི་ཕུགས་འདུན་དད་སེམས་ཀྱི་སློབ་གསོའི་བྱེད་སྒོ་དེ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཀྲུང་གོའི་གྲོང་གསེབ་དངུལ་རྩའི་དུས་དེབ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲེ་ཀྲང་ཀྲུའུ་ཅིང་ཡོན་གཉིས་བྱེད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་བྱེད་སྒོར་ཞུགས། མཚོ་སྔོན་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་དཔོན་ཝང་ཞིང་ཡོན་གྱིས་བྱེད་སྒོར་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་གློག་འཕྲིན་སྤྱི་གཉེར་གྱི་བརྙན་ལམ་ཚོགས་ཁང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་བརྙན་འཕྲིན་ཁ་པར་ལམ་གྱི་ཚོགས་འདུ་ཐེངས་ལྔ་པར་ཞུགས། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཟི་ལིང་དུ་བསྐྱོད་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཁུལ་གྱི་ཤར་རྒྱུད་ཙོང་ཆུའི་བཞུར་རྒྱུན་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་གྱི་ཞིབ་བཤེར་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ལྡོག་ལན་གནད་དོན་དག་ཐེར་དང་རྨོ་ཞིང་སྲུང་སྐྱོང་བྱ་བའི་ཆེད་དོན་ཚོགས་འདུར་ཞུགས།

ཟླ8ཚེས30ཉིན་ནས་ཚེས31ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ལེའོ་ཁྲེང་གི་ཚོང་བ་དང་། ནན་ཅིང་སློབ་ཆེན་གྱི་ཕྱུགས་ལས་ཆེད་མཁས་བ། ཧྲན་ཏུང་ཞིང་ཆེན་མཁོ་ཚོང་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཀྲང་ཁྲོན་ཀྲུང་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་བྱེད་སྒོར་ཞུགས།

ཟླ8ཚེས31ཉིན། མཚོ་བྱང་ཁུལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་རུང་ཧུང་ཀྲི། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ཨ་ཁྱུང་། སངས་འབུམ། ལི་ཞུས་ཀྲེན། ཚོ་ཅི་ཆང་། མ་རུའུ་ཞང་། ཝུའུ་ཧྲུའུ་རུང་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྤྱི་བདེ་ཅུ་རུ་བརྟག་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ལི་ཞང་ཏུང་བྱེད་སྒོར་ཞུགས།

ཉིན་དེར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་མཚོ་བྱང་སྙན་ཞུའི་ཚོགས་འདུ་ཁུལ་མི་རིགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་འཚོགས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་མ་ཝེ་ཧྲེང་གིས་སྒྲོག་འགྲེལ་སྙན་ཞུ་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་མངོན་གསལ་གནད་དོན་དག་ཐེར་བྱ་བའི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་ཧན་ཧྲིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཁུལ་ཡོངས་ཀྱི་དངུལ་རྩའི་འཁོར་སྐྱོད་དབྱེ་ཞིབ་དང་དངུལ་རྩའི་ཉེན་ཁ་འགོག་སེལ་བྱ་བའི་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མའོ་ཞུའེ་རུང་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདོ་ལ་རྫོང་མུ་རུ་གྲོང་རྡལ་དུ་བསྐྱོད་དེ་རྒྱལ་ཁབ་རིམ་པའི་ཡུལ་མིའི་སྡོད་ཁང་རེ་ཞུ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་།

ཟླ9ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས50པ་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་རུང་ཧུང་ཀྲི། ཨ་ཁྱུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཉེན་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་ཏུ་བསྐྱོད་དེ་ཉེན་ཟོན་རོགས་སྐྱོབ་ལས་དོན་ལ་བརྟག་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་གྱི་མཁོ་ཚོང་མཉམ་ལས་བཞུགས་མོལ་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཀརྨ་ཚེ་རིང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཁུལ་དམག་ཁུལ་དུ་བསྐྱོད་དེ་ཞིང་ཆེན་དམག་ཁུལ་གྱི་འབྲེལ་ཡོད་ཆེད་དོན་སློབ་ཁྲིད་དུ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་ཉེན་འགོག་འགན་སྲུང་གི་ཆེད་དོན་ལས་དོན་བཀོད་གཏོང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཁུལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་མངོན་གསལ་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཚོགས་འདུར་ཞུགས།

ཟླ9ཚེས1ཉིན་ནས་ཚེས2ཉིན་བར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཧྲན་ཏུང་ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲང་ཁྲོན་ཀྲུང་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདའ་བཞི་དང་རྐང་ཚ་རྫོང་དུ་མཁོ་ཚོང་འབྲེལ་མཐུད་ལས་དོན་ལ་རྟོག་ཞིབ་གནང་།

ཟླ9ཚེས1ཉིན་ནས་ཚེས10ཉིན་བར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཞིང་ཆེན་ཏང་གི་སློབ་གྲྭར་སྐྱོད་དེ་སྐབས9པའི་གསར་དུ་བསྐོ་གཞག་བྱས་པའི་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཞུགས།

ཟླ9ཚེས2ཉིན་ནས་ཚེས3ཉིན་བར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་མཚོ་སྔོན་ཡན་ལག་ཁང་གི་ཧྲེ་ཀྲང་ཧོ་ཡུང་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་མདོ་ལ་དང་འཇུ་ལག་དུ་བརྟག་ཞིབ་གནང་།

ཟླ9ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་རླངས་འཁོར་སྐྱེལ་འདྲེན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་དཔོན་མ་ཡུང་པིན་འཁོར་དང་བཅས་པས་མཉམ་དུ་ནུབ་མཚོ་རྡོ་སོལ་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་ཐེངས་རྗེས་མའི་འཕེལ་རྒྱས་འཆར་འགོད་དང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་ཐད་སྤེལ་རེས་གཏིང་ཟབ་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ཚོ་ཅི་ཆང་བྱེད་སྒོར་ཞུགས།

ཉིན་དེར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིང་གཉིས་ཀྱི་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན་གྱི་མཛད་སྒོ་དང་། མཚོ་སྔོན་ཞིང་ཆེན་རྩིས་བཤེར་ལས་ཁུངས་ཀྱི་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཞིང་ཆེན་རྩིས་བཤེར་ཐིང་གི་ཏང་ཙུའི་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཀའོ་ཡུང་དང་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གཉིས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་བྱིས་སྐྱོང་ཁང་དང་འཕྲོད་བསྟེན་ཁང་དུ་བསྐྱོད་དེ་སྐུལ་ཁྲིད་དང་ཞིབ་བཤེར་གནང་པ་མ་ཟད། “1+10”ཡི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་རྐང་ཚ་རྫོང་དུ་བསྐྱོད་དེ་སྟོན་དུས་སློབ་སྐབས་ཀྱི“སློབ་མགོ་ཚུགས་པའི་སློབ་ཚན་དང་པོའི”སློབ་ཁྲིད་བྱེད་སྒོ་སྤེལ།

ཟླ9ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་ཐེངས12པར་གཙོ་སྐྱོང་གནང་ནས་འཚོགས། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་ཨ་ཁྱུང་། ཚོ་ཅི་ཆང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་མཐོ་སྒང་ཁྱིམ་གཞི་དང་ཁུལ་ཕྱུགས་ལས་ཐོན་ལས་གླིང་དུ་བསྐྱོད་དེ་བརྟག་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ཚོ་ཅི་ཆང་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཧྲན་ཏུང་དམངས་འཚོ་ཚོགས་པ། ལེའོ་ཁྲེང་གི་ཚོང་བ་བཅས་ལ་ཕེབས་རོགས་བྱས་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་ལ་སྦྲེལ་མཐུད་བྱས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཞིང་ཆེན་མ་འཇོག་ཚོགས་པའི་སྤྱི་གཉེར་གྱི་ཏང་ཨུའི་འགན་འཁུར་བ་འཁོར་དང་བཅས་པར་ངོ་འཕྲད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོར་བསྐྱོད་དེ“ལང་ཚོར་རོལ་མྱོང་དང་འཚར་ལོངས་སྲུང་སྐྱོང”གི་ལུས་ཁམས་ཤེས་བྱའི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་གནང་།

ཟླ9ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཟི་ལིང་དུ་བསྐྱོད་དེ“མདེལ་གཉིས་སྐར་གཅིག”གི་བསམ་བློ་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུ་ཤེས་ལྡན་པའི་གླེང་སྟེགས་སུ་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་རྐང་ཚ་རྫོང་དུ་བསྐྱོད་དེ་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུའི་མཚོ་སྔོན་ཅུ་ལ་ཕེབས་རོགས་བྱས་ནས་ལས་དོན་ལ་ཞིབ་བཤེར་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་འཇུ་ལག་རྫོང་དུ་བསྐྱོད་དེ་རྒྱ་མདོ་གྲོང་རྡལ་གྱི་མཐོ་རིམ་སློབ་འབྲིང་བཙུགས་པ་དང་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།

ཟླ9ཚེས6ཉིན་ནས་ཚེས7ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་འཇུ་ལག་དང་མདོ་ལ་རྫོང་དུ་བསྐྱོད་དེ་བརྟག་ཞིབ་གནང་། ཁུལ་གྱི་མགོ་ཁྲིད་ཧ་ཝུན་ཞུག་བྱེད་སྒོར་ཞུགས།

ཟླ9ཚེས6ཉིན་ནས་ཚེས7ཉིན་བར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་འཇུ་ལག་དང་མདོ་ལ་རྫོང་དུ་བསྐྱོད་དེ་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ལ་ཕེབས་རོགས་བྱས་ནས“སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཐད་ཀྱི”གཙོ་གནད་གྲོས་གཞིའི་བརྟག་ཞིབ་བྱེད་སྒོ་སྤེལ།

ཟླ9ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཧྲན་ཏུང་དམངས་འཚོ་ཚོགས་པ་དང་ལེའོ་ཁྲེང་གི་ཚོང་བར་ཕེབས་རོགས་བྱས་ནས་མཉམ་དུ་མཚོ་སྔོན་རོགས་སྐྱོར་ལས་དོན་ལ་སྦྲེལ་མཐུད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཧྲན་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ལིའུ་ཀུའེ་ཀང་འཁོར་དང་ལྷན་དུ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་མཚོ་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་མ་ཟད། མདའ་བཞི་རྫོང་དུ་ཕེབས་རོགས་བྱས་ནས་བརྟག་ཞིབ་གནང་།

ཟླ9ཚེས8ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཡིད་རྟོན་ཁག་ཐེག་ཚོགས་པས་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ《འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་མ་ཟད། “ཕུགས་འདུན་དད་སེམས་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་ཡིད་རྟོན་སྲུང་སྐྱོང་ཚོགས་པའི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་དཔོན་དབྱིན་མའོ་ཝུན་གཉིས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཞུས་ཡུང་ཀུང་། ཁྲང་ལིན་བཅས་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ནུབ་མཚོ་གྲོང་རྡལ་ནས་དགེ་རྒན་དུས་ཆེན་མ་ཐོན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཚེ་ཐར་རྡོ་སོལ་གཏེར་ཁུལ་གྱི“8.14”བྱེ་འདམ་གྱི་དོན་རྐྱེན་ཚབས་ཆེན་གྱི་བརྟག་དཔྱད་ཐག་གཅོད་ཀྱི་དཔྱད་དཔོག་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་བརྟག་ཞིབ་དང་རྟོག་ཞིབ་ཚན་སྐོར་ལ་ཕེབས་རོགས་བྱས་ནས་མཉམ་དུ་མདའ་བཞི་རྫོང་ནས་བརྟག་ཞིབ་གནང་།

ཟླ9ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་མཚོ་སྔོན་གློག་ཤུགས་ཚད་ཡོད་སྤྱི་གཉེར་དང་མཚོ་སྔོན་ཞིང་ཆེན་མ་འཇོག་ཚོགས་པའི་ཚད་ཡོད་སྤྱི་གཉེར་ལ་བསྐྱོད་དེ་ཕྱོགས་གཉིས་ཀའི་མཉམ་ལས་སྤེལ་རེས་ཇེ་ཟབ་ཏུ་གཏོང་རྒྱུའི་ཐད་ལ་འབྲེལ་མཐུད་དང་གྲོས་མོལ་བྱས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཐོ་སྒང་ཁྱིམ་གཞིས་དང་ཁྱད་ལྡན་ཚོང་ཟོག་ཉམས་ལེན་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས།

ཉིན་དེར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུ། མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལས་རིགས་མཐུན་ཚོགས་བཅས་ཀྱི“མཚོ་སྔོན་ཞིང་ཆེན་གྱི་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྱོང་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་རྡུལ་ཕྲན་མཁར་གྱི་དྲན་གསོ་ཁང་དུ་སྤེལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའི་ཏང་ཨུའི་ཨུ་ཡོན་དང་ཅུ་ཀྲང་གཞོན་པ་ཡུས་པིང་གཉིས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་སུའུ་བདུན་ཅུ་དང་ཁྲང་ལིན་གཉིས་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པ་མཚོ་བྱང་དུ་ཡོང་ནས་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་བྱེད་སྒོའི་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རིག་དངོས་གནའ་ཤུལ་འགྲེམས་སྟོན་གྱི་འགྲེམས་རྫས་འཚོལ་བསྡུ་དང་ལེགས་སྒྲིག་བྱ་བའི་བཀོད་སྒྲིག་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས།

ཉིན་དེར། ཁུལ་དཔོན་གཞོན་པ་དང་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཞིང་ཆེན་ཡོངས་ཀྱི“བརྒྱད་ལྔའི”ཁྲིམས་ཁྱབ་འཆར་འགོད་ཀྱི་དུས་དཀྱིལ་ཞིབ་བཤེར་དང་དཔྱད་དཔོག་གི་ཚོགས་འདུར་ཞུགས།

ཟླ9ཚེས11ཉིན་ནས་ཚེས13ཉིན་བར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་བསྐྱོད་དེ་རྒྱལ་ཡོངས་མི་རིགས་རང་སྐྱོང་ས་གནས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུར་ཞུགས།

ཟླ9ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོ་ནས་སྨན་ཁང་འཛུགས་སྐྲུན་གཉེར་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་རིམ་པ་དང་པོའི་ཕྱོགས་སྡོམ་དང་རིམ་པ་གཉིས་པའི་བཀོད་སྒྲིག་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་མདོ་ལ་རྫོང་དུ་བསྐྱོད་དེ་ཆུ་ནག་བཞུར་རྒྱུན་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མནའ་འབྲེལ་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཟི་ལིང་དུ་བསྐྱོད་དེ་ཧྲན་ཏུང་ཀྲུང་ཡང་ཚོགས་པ་དང་མཉམ་དུ་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་གྲུབཆ་ཁ་གསབ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱས།

ཟླ9ཚེས13ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་ཏང་ཙུའི(རྒྱ་སྐྱེད)ཚོགས་འདུ་ཐེངས42པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ལི་ཞུས་ཀྲེན། ཚོ་ཅི་ཆང་། ཧན་ཧྲི། ཁྲང་ལིན་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་བའི་སྐུལ་འདེད་ཚོགས་འདུར་གཙོ་སྐྱོང་གནང་ནས་འཚོགས། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་ལི་ཞུས་ཀྲེན། ཚོ་ཅི་ཆང་། ཧན་ཧྲི། ཁྲང་ལིན་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཟི་ལིང་དུ་བསྐྱོད་དེ“སྐབས26པའི་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོའི་བྱེད་སྒོར”ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲིས་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ལ་ཕེབས་རོགས་བྱས་ནས་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་།

ཟླ9ཚེས14ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཞའོ་དབྱིང་གཉིས་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་དབྱང་ཧའེ་ལུང་། པད་རྒྱལ་བཀྲ་ཤིས་བཅས་མཛད་སྒོར་ཞུགས། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ནུབ་མཚོ་གྲོང་རྡལ་གྱི “བློ་སེམས་སྒྲིལ་ནས་སློབ་གསོ་ལ་རོགས་རམ་བྱེད་པའི”སྤྱི་ཕན་བྱེད་སྒོའི་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ནང་སོག་ཨེར་ཏན་གཡང་ལུག་སྤྱི་གཉེར་དང་པེ་ཅིང་ནུས་རྒྱུ་གཙང་མའི་གློག་ཤུགས་སྤྱི་གཉེར་གྱི་འབྲེལ་ཡོད་འགན་འཁུར་བ་དང་ཞལ་འཛོམས་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་བསྐྱོད་དེ《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་རིགས་འགོག་བཅོས་སྲོལ་ཡིག》དྲིལ་སྒྲོག་ལག་བསྟར་གྱི་མགོ་རྩོམ་མཛད་སྒོ་དང་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་ཀྱི་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སོལ་རླངས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་མཚོ་བྱང་གི་སྐུལ་ཁྲིད་ཚན་སྐོར་གྱི་ཡུལ་དངོས་སྐུལ་ཁྲིད་ཞིབ་བཤེར་སྙན་ཞུའི་ཚོགས་འདུར་ཞུགས་པ་མ་ཟད། མདའ་བཞི་རྫོང་དུ་བསྐྱོད་དེ་བརྟག་ཞིབ་གནང་།

ཟླ9ཚེས14ཉིན་ནས་ཚེས15ཉིན་བར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་བརྟག་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་འཇུ་ལག་དང་མདོ་ལ་རྫོང་དུ་བརྟག་ཞིབ་གནང་།

ཟླ9ཚེས15ཉིན། ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་དང་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་སྐུལ་ཁྲིད་ཚན་སྐོར་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་གཉིས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ཀརྨ་ཚེ་རིང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས51པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་རུང་ཧུང་ཀྲི། ཨ་ཁྱུང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན2023ལོའི“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོ་དང་བརྗོད་དོན་གླེང་སྟེགས་སུ་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་སྒྲིལ་བྱ་བའི་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་སློབ་གསོའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་བྱ་བའི་ཆེད་དོན་བཀོད་སྒྲིག་ཚོགས་འདུར་ཞུགས།

ཟླ9ཚེས16ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་སློབ་ཆེན་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པ་དང“མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་སློབ་སྦྱོང་ལག་ལེན་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཡིས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་དབྱང་ཧའེ་ལུང་དང་ཁྲང་ལིན་མཛད་སྒོར་ཞུགས།

ཟླ9ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་གཙོ་སྐྱོང་གནང་ནས་འཚོགས། ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲན་དང་རུང་ཧུང་ཀྲི། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ལའེ་མིང་། སི་ཅི་ཧྲེང་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གི་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་ནས་དངོས་སུ་མགོ་བརྩམས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་། ཞིང་ཆེན་སྲིད་གཞུང་གི་གྲངས་ཉུང་མི་རིགས་སྐད་ཡིག་ཡིག་སྒྱུར་ཁང་གི་ཀྲུའུ་རིན་ཚེ་རིང་མཚོས་གསུང་བཤད་གནང་།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་མདའ་བཞི་རྫོང་དུ་བསྐྱོད་དེ་ནོར་ལུག་ཕྱིར་འཚོང་དང་སྟོན་འབྲུ་བསྡུ་བ། དེ་བཞིན་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི“ཡོང་འབབ་གཉིས”ནུས་ལྡན་གོང་འཕར་གཏོང་བ་དང“འཛད་སྤྱོད་དབུལ་སྐྱོར”སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་ཁྲིད་དང་ཞིབ་བཤེར་གནང་། ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་བྱེད་སྒོར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་འཇུ་ལག་རྫོང་དུ་བསྐྱོད་དེ་རླུང་འཚུབ་དང་སེར་བའི་གནོད་འཚེར་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་སྤེལ།

ཟླ9ཚེས19ཉིན། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་སྐོར་གྱི(རྒྱ་སྐྱེད)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཚོ་བྱང་ཁུལ་གྱི་ཚོགས་འདུ་ལྟེ་གནས་སུ་སློབ་མགོ་ཚུགས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་སྐུལ་སློང་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་ཁྲིད་སྦྱོང་གནང་།

ཉིན་དེར། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་ཐེངས43པར་གཙོ་སྐྱོང་གནང་བ་དང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཐུག་འཕྲད་ཚོགས་འདུ་ཐེངས་ལྔ་པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་ཚོགས་འདུར་ཞུགས།

ཟླ9ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཀྲུང་དབྱང་རྩ་འཛུགས་པུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སློབ་གསོ་པུ་བཅས་ཀྱིས་སྒྲིག་འཛུགས་བྱས་ནས་འཚོགས་པའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི(བརྙན་ལམ)ཚོགས་འདུར་ཞུགས།

ཟླ9ཚེས22ཉིན། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་ཁུལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གཅིག་སྡུད་བཅོས་སྒྲིག་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་འགོག་སྲུང་སྒྲིག་བཀོད་ལེགས་སུ་གཏོང་བ། དོན་རྐྱེན་ནུས་ལྡན་ངང་ཉུང་དུ་གཏོང་བའི“ཉིན་བརྒྱའི་འགུལ་སྐྱོད”ཀྱི་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་མཚོ་བྱང་ཁུལ་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན(རྨ་ཙོང་ཆུ)གྱི་སྐབས་བརྒྱད་པའི་ཞིང་ལས་ཐོན་རྫས་ཀྱི་འགྲེམས་ཚོང་ཚོགས་འདུར་ཞུགས།

ཟླ9ཚེས25ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་ཐེངས44པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཚོ་ལྷོ་ཁུལ་དུ་བསྐྱོད་དེ་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོང་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་ཚོགས་འདུར་ཞུགས།

ཟླ9ཚེས26ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པ་དང“མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱི་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་གྱི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའི་ཏང་ཙུའི་ཧྲུའུ་ཅིའམ་ཅུ་ཀྲང་ཀྲང་ཞིན་ཝུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་དབྱང་ཧའེ་ལུང་དང་མ་རུའུ་ཞང་། ཞོ་རོས་ཞིན་བཅས་མཛད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་ཡོངས་ཀྱི་ཚད་ལྡན་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འོས་སྐུལ་འོས་འགུག་ལས་དོན་ལ་བཅོས་སྒྲིག་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན“རྒྱང་སྐྱོད་ལམ་བུ་གསར་པའི་མཚོ་སྔོན་གསར་པ”ཞེས་པའི་བརྙན་ཐུང་འགྲན་བསྡུར་གྱི་བྱ་དགའ་གནང་བའི་དགོང་ཚོགས་དང་མཐོན་པོ་སྒང་གི་མཛེས་ལྗོངས་རོལ་བའི་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དུས་ཚིགས་གསུམ་པའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཟི་ལིང་དུ་བསྐྱོད་དེ་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་པས་བཟའ་བཅའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭར་ཞུགས།

ཟླ9ཚེས27ཉིན། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་སྐོར་གྱི(རྒྱ་སྐྱེད)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་མཇུག་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཀྲང་ཧྲིང་ཡོན་མཇུག་སྒྲིལ་མཛད་སྒོར་ཞུགས་ནས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་སྐུལ་ཁྲིད་ཚན་སྐོར་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སི་ཅི་ཧྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཨ་ཁྱུང་། ལི་ཞང་ཏུང་། ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་རྒྱལ་ཁབ་རིག་གནས་གནས་སྐོར་པུའི་བརྟག་ཞིབ་ཚན་སྐོར་འཁོར་དང་བཅས་པར་ཕེབས་རོགས་བྱས་ནས་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་།

ཟླ9ཚེས27ཉིན་ནས་ཚེས29ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཀྲེ་ཅང་ཧང་ཀྲུའུ་རུ་བསྐྱོད་དེ་མཚོ་སྔོན་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི“འབྲེལ་འདྲིས་གསུམ”གྱི་ལས་དོན་སྤེལ་རེས་ཚོགས་འདུ་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས།

ཟླ9ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ཨུ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས52པར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་ཨ་ཁྱུང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ངོ་བཅར་མང་ཚོགས་ལ་སྣེ་ལེན་བྱས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཧན་ཧྲི་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཁུལ་ཡོངས་ཀྱི་ཞོད་འགོག་ལས་དོན་གྱི་ཕྱོགས་སྡོམ་ཚོགས་འདུ་དང་ཁུལ་ཡོངས་ཀྱི་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཚོགས་འདུ། ཁུལ་ཡོངས་ཀྱི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་རིང་གི་བདེ་འཇགས་དོགས་ཟོན་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་བཅས་ལ་ཞུགས། ཁུལ་གྱི་མགོ་ཁྲིད་ཧ་ཝུན་ཞུག་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མཚོ་སྔོན་ཟློས་གར་ཁང་ཆེན་མོར་བསྐྱོད་དེ་མཚོ་ལྷོ་ཁུལ་གྱི་གླིང་སྒྲུང་འཁྲབ་སྟོན་གྱི་འཁྲབ་ཚན་ཐོག་མའི་བྱེད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་ཞིང་ཆེན་ནོར་སྲིད་ཐིང་དུ་བསྐྱོད་དེ་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ཀྱི་འགྲན་རྩོད་རང་བཞིན་གྱི་རྩོད་ལན་ཚོགས་འདུར་ཞུགས།

ཟླ9ཚེས30ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་མདའ་བཞི་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་དེ་རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཐེངས་བཅུ་པའི་སྤྱི་མཆོད་བྱེད་སྒོར་ཞུགས། ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲེང་དང་ཝང་ཞིན་ཧུའེ། ཝུའུ་ཧྲུའུ་རུང་བཅས་བྱེད་སྒོར་ཞུགས།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བློ་མཐུན་བློ་གྲོས་ཀྱི་གོ་གནས་བསྐོ་འཐེན་བྱས་པའི་ཐད་ཀྱི་བརྡ་སྦྱོར།
སྐབས་རྗེས་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་མཚོ་བྱང་ཁུལ་གྱི་བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུའི་ཐད་ཀྱི་ཐག་བཅད།
མཉམ་སྤྱོད།