བོད་ཡིག    |    རྒྱ་ཡིག

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བཀོད་གཏོང་ཞབས་ཕྱིའི་ལས་དོན་རྐྱེན་སྲོལ་གྱི2024ལོའི་ལས་དོན་འཆར་གཞི་དཔར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།

2024-12-18 15:04:44   |   66

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


བྱང་སྲིད་གཞུང་ལས་ཁང〔2024〕ཨང24པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར་དང་། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོར།

《མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བཀོད་གཏོང་ཞབས་ཕྱིའི་ལས་དོན་རྐྱེན་སྲོལ་གྱི2024ལོའི་ལས་དོན་འཆར་གཞི》ནི་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས45པའི་ཐོག་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་བ་བརྒྱུད། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པས། ལག་བསྟར་ནན་ཏན་བྱེད་རོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།
2024ལོའི་ཟླ4ཚེས15ཉིན།
ཡིག་ཆ་འདི་ཡོངས་བསྒྲགས་བྱེད་པ་ཡིན


མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བཀོད་གཏོང་ཞབས་ཕྱིའི་ལས་དོན་རྐྱེན་སྲོལ་གྱི2024ལོའི་ལས་དོན་འཆར་གཞི།

མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བའི་ཚོགས་ཆེན་དང་། ཞིང་ཆེན་ཡོངས་ཀྱིས་བཟོ་ལས་ཅན་གསར་པ་སྐུལ་འདེད་གཏོང་བ་དང་བཟོ་ལས་ལྗང་མདོག་ཅན་དུ་འགྱུར་བའི་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། བཟོ་ལས་དཔལ་འབྱོར་འཁོར་རྒྱུག་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་པ། བཟོ་ལས་དཔལ་འབྱོར་གྱི་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་ཡོང་བའི་གཞི་རྩའི་འགྲོ་ཕྱོགས་སྲ་བརྟན་དུ་གཏོང་བ། 2024ལོའི་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བཀོད་གཏོང་ཞབས་ཕྱིའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་པ་བཅས་ཀྱི་ཆེད་དུ། གཤམ་གྱི་ལས་དོན་འཆར་གཞི་འདི་བཟོས་པ་ཡིན།

དང་པོ། མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ལ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་དང་བླང་བྱ་ཁག་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་དམ་དུ་དམིགས་པ། འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། འཁོར་སྐྱོད་ཕྱོགས་བསྡུས་མཐུན་སྦྱོར་ཡོང་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ། གནད་སྨིན་ཤུགས་འདོན་དང་ཡུན་རིང་བྱས་རྗེས་འཇོག་པ་བཅས་བྱས་ནས། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

གཉིས་པ། ལས་དོན་དམིགས་འབེན།

2024ལོའི་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས3%ཡན་འཕར་བ་དང་། དེའི་ནང་གཞི་ཁྱོན་ཡན་གྱི་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་འཕར་ཚད་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད་ལས་མི་དམའ་བ་ཡིན་དགོས།

རྣམ་གྲངས་གལ་ཆེན་གྱི་སྣེ་ཁྲིད་འབུར་དུ་ཐོན་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་སྣེ་ཁྲིད་དམ་འཛིན་བྱས་ནས། འཇུ་ལག་རྫོང་གི་ལོ་རེའི་ཐོན་འབབ་ཏུན2000ཡིན་པའི་ནོར་གནག་ཐོན་ལས་སྦྲེལ་ཐག་གི་འཕེལ་རྒྱས་རྣམ་གྲངས་དང་། རྐང་ཚ་རྫོང་གི་སྟོང་ཝ་ཁྲི320ཡི་གློག་ཁུངས་དང་གློག་དྲ། ཐེག་རྩོལ། གསོག་ནུས་བཅས་གཞི་གཅིག་ཅན་གྱི་ཐེངས་གཅིག་ལ་ཀྲོ་ཝ120ཡི་འོད་ཤུགས་རྣམ་གྲངས། མདའ་བཞི་ཁུ་ཁུ་ནོར་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཕྱིར་གཏོང་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས། མདོ་ལ་རྫོང་གི་རྡོ་སོལ་སྔོག་འདོན་ཁུལ་གྱི་ཀྲོ་ཝ155ཡི་འོད་ཤུགས་རྣམ་གྲངས་སོགས་མུ་རུ་སྐྲུན་པ་དང་གསར་སྐྲུན་རྣམ་གྲངས་ཀྱི་འཛུགས་སྐྲུན་རྗེས་སྙེག་ཞབས་ཕྱི་ཁག་ཅིག་གཙོ་གནད་དུ་འཛིན་པ། ཐོན་ལས་འཕེལ་རྒྱས་གཏོང་བའི་དུས་སྐབས་ལེགས་པོ་དམ་འཛིན། ཁེ་ལས་ཀྱི་ཐོན་ལས་སྦྲེལ་ཐག་བཀོད་སྒྲིག་བྱེད་པའི་དུས་སྐབས་དམ་འཛིན་གྱིས་ཡིད་ཆེས་ཇེ་བརྟན་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕེལ་གནས་གསར་བར་སྐུལ་འདེད་གཏོང་དགོས།
གསར་དུ་འཕར་སྣོན་བྱུང་བའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས4ཡན་གསོ་སྐྱོང་བྱ་དགོས། དེའི་ནང་འཇུ་ལག་རྫོང་ལ1དང་། མདོ་ལ་རྫོང་ལ1དང་། མདའ་བཞི་རྫོང་ལ1དང་། རྐང་ཚ་རྫོང་ལ1བཅས་ཡིན། འཕེལ་བའི་རྣམ་པ་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ50 ཡན་གསོ་སྐྱོང་བྱ་དགོས། དེའི་ནང་འཇུ་ལག་རྫོང་ལ13དང་། མདོ་ལ་རྫོང་ལ12དང་། མདའ་བཞི་རྫོང་ལ13དང་། རྐང་ཚ་རྫོང་ལ12བཅས་ཡིན། ཞིང་ཆེན་རིམ་པའི་གསར་གཏོད་ཅན་ནམ་ཡང་ན་ཆེད་ལེགས་ཁྱད་གསར་ཡིན་པའི་ཁེ་ལས་འབྲིང་ཆུང2ཡན་གསོ་སྐྱོང་དང་ངོས་འཛིན་བྱ་དགོས།

གསུམ་པ། རྩ་འཛུགས་ལས་ཁུངས།

རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར། མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བཀོད་གཏོང་ཞབས་ཕྱིའི་ལས་དོན་རྐྱེན་སྲོལ་གྱི་ལས་དོན་ཚན་ཆུང་བཙུགས་ཡོད་པ་སྟེ། 

ཚའོ་ཅི་ཆང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།

 ཧྲི་ཧྲེང་ལེན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།

ཀྲང་ཆི་ཧྥེང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའི་ཅུ་ཀྲང་།

ཁོངས་མི། ཧྲ་ཏེང་ཝུའུ། འཇུ་ལག་རྫོང་གི་རྫོང་དཔོན་གཞོན་པ།

ལིའུ་ཀྲེན་ཁྲོན། མདོ་ལ་རྫོང་གི་རྫོང་དཔོན་གཞོན་པ།

མ་ཅུན། རྐང་ཚ་རྫོང་གི་རྫོང་དཔོན་གཞོན་པ།

ཞུས་ཁའེ། མདའ་བཞི་རྫོང་གི་རྫོང་དཔོན་གཞོན་པ།

ཚེ་དབང་། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ནོར་བུ་རྒྱལ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའི་ཅུ་ཀྲང་གཞོན་པ།

ལི་ཞའོ་ནན། ཁུལ་ནོར་སྲིད་ཅུའི་ཅུ་ཀྲང་གཞོན་པ།

ཀྲང་ཀྲི་ཆིང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའི་ཅུ་ཀྲང་གཞོན་པ།

གདུགས་དཀར། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་ཅུ་ཀྲང་གཞོན་པ།

ཏུའུ་ཁྲེང་ཀྲུང་། ཁུལ་སྡོམ་རྩིས་ཅུའི་ཅུ་ཀྲང་གཞོན་པ།

སུའུ་ཁྲང་ཁྲུན། ཁུལ་ཁྲལ་དོན་ཅུའི་ཅུ་ཀྲང་གཞོན་པ།

ཐིང་ཧྲུན་ཞིན། མི་དམངས་དངུལ་ཁང་མཚོ་བྱང་ཡན་ལག་དངུལ་ཁང་གི་མགོ་འཛིན་གཞོན་པ།

ཀྲང་ཡུང་ཞང་། རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་སྤྱི་གཉེར་གྱི་སྤྱི་ཁྱབ་བདག་གཉེར་བ།

ལི་ཧུའེ་ལིང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའི་བཟོ་ལས་ཁག་གི་འགན་ཁུར་པ།

ལས་དོན་ཚན་ཆུང་གཞུང་ལས་ཁང་ནི་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་རུ་བཙུགས་ཡོད་ལ། གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་རྒྱལ་གྱིས་གཅིག་ལྕོགས་སུ་ཁུར་ནས་བཟོ་ལས་ཁྱབ་ཁོངས་ཀྱི་ལས་དོན་ཁག་གི་རྒྱུན་ལྡན་སྐུལ་འདེད་དང་མཐུན་སྦྱོར་ལས་ཀར་སྣེ་ཁྲིད་བྱས་ཏེ། དུས་ཐོག་ཏུ་བཟོ་ལས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གྲོས་གཞིར་དབྱེ་དགར་བྱེད་དགོས་ལ། ས་གནས་སྲིད་གཞུང་ལ་མཐུན་སྦྱོར་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་ཐག་གཅོད་བྱས་ནས། རྟོག་འདོམས་དང་ཞིབ་བཤེར་ཡག་པོ་བྱེད་དགོས། ལས་དོན་ཚན་ཆུང་གི་ཁོངས་མིར་འགྱུར་ལྡོག་བྱུང་ཚེ་རང་འགུལ་གྱིས་བརྗེ་སྒྱུར་བྱེད་དགོས་པ་དང་། ཟུར་དུ་ཡིག་ཆ་མི་སྤྲོད་པ་ཡིན།

བཞི་པ། གཙོ་གནད་ལས་འགན།

རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱིས་བཏོན་པའི་དཔལ་འབྱོར་འཕེལ་རྒྱས་དང་། ཐོན་ལས་དར་རྒྱས། དཔྱ་ཁྲལ་ཆག་ཡང་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཇི་མ་ཇི་བཞིན་དུ་ཁེ་ལས་སུ་དོན་འཁྱོལ་དང་། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སྲིད་ཇུས་གཞི་རིམ་དུ་བསྒྲགས་པ་དང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བ། དྲིལ་སྒྲོག་དང་འགྲེལ་བཤད་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱིས་སྲིད་ཇུས་སྤྱོད་པར་མཛུབ་ཁྲིད་ཡག་པོ་བྱེད་དགོས། ཁེ་ལས་ཀྱིས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་བཟོ་ལས་རིགས་སྒྱུར་རིམ་སྤོར་སོགས་ཀྱི་ཆེད་དོན་མ་དངུལ་གྱི་རྣམ་གྲངས་སྙན་ཞུ་བྱེད་པར་རྩ་འཛུགས་བྱས་ཏེ། སྤྱད་རྗེས་རོགས་སྐྱོར་དང་དངུལ་བུན་སྐྱེད་གསབ། བྱ་དགའི་ཁ་གསབ་སོགས་ཀྱི་རྣམ་པའི་ཐོག་ནས་ཐོན་ལས་ཀྱི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། དོན་དངོས་དང་ལས་དོན་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་བ་ཟུང་འབྲེལ་བྱས་ཏེ། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་གསར་པ་མུ་མཐུད་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། སྲིད་ཇུས་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ཀྱི་སྔོན་དཔག་དང་ཡིད་ཆེས་ལ་འདེགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་དང་། བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པའི་ཁོར་ཡུག་ལེགས་སུ་གཏོང་ནས། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་དགོས། 

བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཆེ་བའི་གློག་ཤུགས་ཐོན་སྐྱེད་མཁོ་སྤྲོད་ལས་རིགས་དང་། མདོག་ལྡན་ལྕགས་རིགས་འདེམས་སྒྲུག་དང་བཙོ་སྦྱང་ལས་རིགས། རྫས་འགྱུར་རྒྱུ་ཆ་དང་རྫས་འགྱུར་བཟོ་ལས་ཀྱི་ཐོན་རྫས་བཟོ་སྐྲུན་ལས་རིགས་སོགས་ཀྱི་ལས་རིགས་གཙོ་གནད་དུ་དོ་ཁུར་བྱས་ཏེ། ཧའེ་ཞིན་གཏེར་ལས་དང་ཅིན་ཆི་ལེན་འོ་མའི་ལས་རིགས། ཧྭ་ཐི་སྣུམ་སྙིགས་སོགས་ཁེ་ལས་གཙོ་བོའི་རྗེས་འདེད་རྟོག་འཇལ་དབྱེ་ཞིབ་དམ་པོར་འཛིན་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལེགས་པར་བསྒྲུབ་སྟེ། གཙོ་གནད་ཁེ་ལས་ཀྱིས་གཙོ་གནད་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་ཡོང་བར་སྣེ་ཁྲིད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དཔལ་འབྱོར་འཕར་གནས་གསར་པ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་གྲབས་ཡོད་པ། ཁེ་ལས་ཀྱི་ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་ཇེ་ཉུང་དུ་བཏང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས། བཟོ་ལས་དཔལ་འབྱོར་གྱི་ཞིབ་ཐོ་གསུམ་བཟོས་ཏེ། བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གི་འཕེལ་ཕྱོགས་ལ་བརྡར་ཤ་ཡང་དག་གཅོད་པ་དང་། དུས་ཐོག་ཏུ་བཟོ་ལས་འཁོར་སྐྱོད་ཁྲོད་ཐོན་པའི་གནད་དོན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་སྔོན་ལ་ཞིབ་འཇུག་དང་ཁ་གཏད་འཇལ་ཐབས་སྤྱད་དེ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་དམ་འཛིན་ནན་པོ་བྱ་དགོས། གཞི་རིམ་དང་ཁེ་ལས་སུ་ཟབ་ཞུགས་བྱས་ནས། ལས་ཡུལ་དངོས་སུ་གནད་དོན་ཐག་གཅོད་བྱེད་པ་དང་། བཟོ་ལས་ཀྱི་འཕར་ཐང་བསྡུར་ཚད་ཅུང་ཆེ་བའི་འཇུ་ལག་དང་མདའ་བཞི་ས་ཁུལ་གྱི་ཟླ་རེའི་བཟོ་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་དམ་པོར་དམིགས་པ། གཙོ་གནད་དུ་མདོ་ལ་དང་རྐང་ཚ་ས་ཁུལ་གྱི་གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་གནས་ཚུལ་ལེགས་སྒྲིག་བྱས་ནས། ས་ཁུལ་ཁག་གི་ལོ་ཧྲིལ་པོའི་དམིགས་ཚད་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་དགོས།

ས་གནས་བཞིར་འཛུགས་སྐྲུན་དང་ཁུལ་ཡོངས་ཀྱི243འཕེལ་རྒྱས་བཀོད་སྒྲིག་ལ་དམིགས་ཏེ།  དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་ཐོན་ལས་ཁག་གི་འབེན་དེ་ཁེ་ལས་ཀྱི་མཛོད་དང་དམིགས་ཚད་རྣམ་གྲངས་མཛོད་དུ་དམིགས་གཏད་ཡོད་པའི་དབྱེ་དགར་བྱེད་པ། མཚོ་བྱང་ཁུལ་གྱི་འཇུ་ལག་རྫོང་མ་གཏོང་འཛུགས་སྐྲུན་རྩེ་གྲའི་ཤ་རིགས་ལས་སྣོན་རྣམ་གྲངས་དང་། མཚོ་སྔོན་ནུབ་མཚོ་ས་མཐོའི་ནོར་གནག་འོ་མའི་ཐོན་རྫས་ལས་སྣོན་རྣམ་གྲངས། རྡོ་སོལ་སྔོག་འདོན་ཁུལ་གྱི་འོད་ཤུགས་རྣམ་གྲངས་སོགས་མ་འཇོག་བྱེད་ཚད་མཐོ་བ་དང་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་བ། ཚན་རྩལ་འདུས་ཚད་མཐོ་བ། ཐོན་ལས་སྦྲེལ་ཚད་མཐོ་བ་བཅས་ཀྱི་སྒུལ་འཕྲུལ་རང་བཞིན་ལྡན་པའི་རྣམ་གྲངས་ཁག་ཅིག་གནད་ཁེལ་གྱིས་འགུག་འདྲེན་བྱས་ཏེ། ཆ་སྒྲིག་དང་ཞབས་ཕྱིའི་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་དང་ཚོང་ལས་སྣ་ཚོགས་ཆེ་གྲས་ལ་བརྟེན་ནས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་འཛད་སྤྱོད་ཇེ་མཐོ་རིམ་འཕར་ལ་སྐུལ་འདེད་གཏོང་དགོས། ཚོང་འགུགས་རྣམ་གྲངས་དང་ལས་མགོ་གསར་དུ་བཙུགས་པའི་རྣམ་གྲངས། རྒྱུན་མཐུད་འཛུགས་སྐྲུན་རྣམ་གྲངས་བཅས་རིགས་དབྱེ་ཁྲིད་སྟོན་དང་བཀོད་གཏོང་བྱས་ནས། ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ནང་བཅུག་པའི་བཟོ་ལས་རྣམ་གྲངས་ལ་དམིགས་ནས་ས་ཞིང་དང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་པའི་དམིགས་ཚད་སོགས་འགན་སྲུང་རྒྱུ་རྐྱེན་གཙོ་བོ་སྔོན་ལ་དུས་བཀག་ནང་དོན་འཁྱོལ་བྱས་ཏེ། སྔ་ཙམ་ནས་བཟོ་ལས་དཔལ་འབྱོར་གྱི་འཕར་གྲངས་སུ་འགྱུར་བར་འགན་ལེན་བྱ་དགོས། གཙོ་གནད་དུ་ཁྲེན་ཁུན་ཟས་རིགས་དང་ཧེ་ཝོ་ཞིང་ཕྱུགས་སོགས་ཀྱི་ཐོན་ལས་འབྲེལ་ཐག་རིང་དུ་བསྲིངས་པའི་འཕེལ་རྒྱས་ཁེ་ལས་ལ་རྒྱབ་སྐྱོར་དང་། སྲོལ་རྒྱུན་ཐོན་ལས་ཀྱི་རིགས་སྣ་མང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། ཆ་ལག་ཚང་བ་བཅས་བྱས་ནས། རིམ་པ་མང་བའི་ལས་སྣོན་གྱི་གནས་ཐང་འཕར་རྒྱུ་མངོན་འགྱུར་བྱ་དགོས།

དངུལ་རྩའི་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། གོང་ནས་ཡིད་རྟོན་དངུལ་བུན་གཏོང་བའི་སྲིད་ཇུས་དང་དངུལ་རྩའི་ཐོན་ཁུངས་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། དངོས་གཞིའི་དཔལ་འབྱོར་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་བསྡོམས་འབོར་ཆེ་རུ་གཏོང་བ། བཟོ་ལས་ཁེ་ལས་ལ་དངུལ་བུན་གཏོང་བའི་བསྡུར་ཚད་མཐོ་རུ་གཏོང་བ། ཚོང་ར་བཟང་བ་དང་ཐོན་རྫས་ལེགས་པ། འཚར་ལོངས་རང་བཞིན་ཆེ་བ་བཅས་ཀྱི་བཟོ་ལས་ཁེ་ལས་ལ་དུས་ཐུང་དངུལ་བུན་གཏོང་ཚད་མང་དུ་གཏོང་བ་བཅས་བྱས་ནས། འཁོར་རྒྱུག་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱ་དགོས། དངུལ་ཁང་དང་དངུལ་རྩའི་ལས་ཁུངས་ཀྱིས་ཁེ་ལས་དང་མཉམ་ལས་དམ་ཟབ་བྱེད་པར་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་། སྟེགས་བུ་བསྐྲུན་ནས་རྣམ་པ་སྣ་ཚོགས་ཀྱི་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་བྱས་ཏེ། ཁེ་ལས་ཀྱི་མ་དངུལ་དགོས་མཁོ་ཧུར་ཐག་གིས་བསྐང་དགོས། “པེ་རུན་གྱིས་མ་དངུལ་བསྡུ་རོགས”དང་ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་ཞབས་ཕྱི་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། འབྲེལ་ཡོད་དངུལ་རྩའི་སྲིད་ཇུས་དང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། སྲོལ་རྒྱུན་གྱི་དངུལ་རྩའི་ཞབས་ཕྱིའི་ལས་སྒོའི་བརྒྱུད་རིམ་ཁྱོན་ཡོངས་ནས་ལེགས་སུ་བཏང་སྟེ། རང་ཁུལ་གྱི་གཙོ་གནད་ཐོན་ལས་དང་རྣམ་གྲངས་གལ་ཆེན་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 

གཞི་ཁྱོན་ཡན་གྱི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཆུང་བ་ནས་ཆེ་བར་འགྱུར་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁུལ་ནང་ཁུལ་གྱི་གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་གདམ་གསེས་བྱེད་པ། ལས་གཉེར་ཡོང་འབབ་སྒོར་ཁྲི1500ནས་ཁྲི2000 བར་གྱི་གཞི་ཁྱོན་ལ་ཉེ་བའི་བཟོ་ལས་ཁེ་ལས་དང་། ལས་གཉེར་ཡོང་འབབ་སྒོར་ཁྲི1500མན་གྱི་འཚར་ལོངས་རང་བཞིན་ཆེ་བའི་བཟོ་ལས་ཁེ་ལས་གཙོ་གནད་གསོ་སྐྱོང་བྱ་ཡུལ་དུ་བཅུག་ནས། གཞི་ཁྱོན་ཁེ་ལས་གསོ་སྐྱོང་མཛོད་ཆགས་པ་བྱ་དགོས། གཙོ་གནད་ཐོག་རྐང་ཚ་རྫོང་རྒྱལ་ཁབ་ནུས་རྒྱུ་གསར་པ་དང་། འཇུ་ལག་རྫོང་ཧའེ་ཝོ་ཞིང་ཕྱུགས། མདའ་བཞི་རྫོང་ཧུང་ཙེ་རྒྱུ་ཆ་གསར་པ་སོགས་སྐྱེད་སྲིང་བྱེད་གྲབས་ཡོད་པའི་ཁེ་ལས་ལ་དམིགས་ནས། རྗེས་སྙེག་ཞབས་ཕྱི་དང་གཙོ་གནད་རྟོག་འཇལ་ལ་ཤུགས་སྣོན་དང་། འགུལ་རྣམ་ཅན་གྱི་དོ་དམ་ལག་བསྟར་བྱེད་པ། ཁེ་ལས་གཞི་ཁྱོན་ནང་ཚུད་པའི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་དང་རྗེས་སྙེག་ཞབས་ཕྱིའི་མཛུབ་ཁྲིད་ལས་དོན་ཡག་པོ་བསྒྲུབས་ནས། དུས་ཐོག་ཏུ་གཞི་ཁྱོན་ཡན་གྱི་ཁེ་ལས་སུ་གསོ་སྐྱོང་བྱེད་པ་འགན་ལེན་བྱ་དགོས། སྡོམ་རྩིས་དང་ཁྲལ་དོན་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ས་གནས་ཡུལ་དངོས་སུ་ཆེད་ལས་མཛུབ་ཁྲིད་དང་། ས་གནས་ས་ཐོག་ཏུ་གཞི་ཁྱོན་འཕར་རྩིས་ཡོད་པའི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ལྟ་ཞིབ། ཁེ་ལས་ཀྱི་རེ་ཞུའི་ཆ་རྐྱེན་ལ་ཞིབ་བཤེར་བྱེད་པ། ཁེ་ལས་ལ་འབྲེལ་ཡོད་དཔྱད་གཞི་འཐུས་ཚང་དུ་གཏོང་རྒྱུར་གཞོགས་འདེགས་བཅས་བྱས་ནས། དུས་ཐོག་ཏུ་གཞི་ཁྱོན་འཕར་ནས་མ་ལག་ཁྲོད་འཇུག་པ་འགན་ལེན་བྱ་དགོས། 

ཁུལ་རིམ་པའི་མགོ་ཁྲིད་ཀྱི“1+10”ཡི་གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་གྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། ཁེ་ལས་དང་ཚོང་འགུགས་རྣམ་གྲངས་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་དང་འགག་གནས། ན་ཟུག་བཅས་ཀྱི་གནད་དོན་སྔར་བས་ཐག་གཅོད་ཡག་པོ་བྱས་ནས། ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་དགོས། རྒྱུན་གཏན་གྱི་འབྲེལ་གཏུག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་བཅར་འདྲི་དང་རེ་འདུན་བསྡུ་རུབ་ཐོ་འགོད་ལས་དོན་ཡག་པོ་བསྒྲུབས་ནས། “གཅིག་གཏད་གཅིག”གི་གནད་སྨིན་ཞབས་ཕྱི་ལག་བསྟར་བྱ་དགོས། ཁེ་ལས་ལ་རོགས་རམ་བྱེད་པ་རྒྱུན་རྣམ་ཅན་གཏིང་ཟབ་ཏུ་སྤེལ་ནས། ཡུལ་དངོས་སུ་བརྟག་ཞིབ་དང་འདྲི་ཤོག་བརྟག་དཔྱད། ཁ་པར་སྤེལ་རེས་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ། རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་འགན་ལེན་དང་སྲིད་ཇུས་ཞབས་ཕྱི། དངུལ་བསྡུ་དངུལ་བུན་གཏོང་བ། ལས་མི་སྤྱོད་པའི་འགན་སྲུང་། ཐོན་རྫས་ཕྱིར་འཚོང་སོགས་ལ་དམིགས་ནས། གཙོ་གནད་ཁེ་ལས་ཀྱི་གནད་དོན་ཞིབ་ཐོ་བཟོས་ཏེ། ལྟ་སྐུལ་དང་ཨང་གསུབ་པའི་རྐྱེན་སྲོལ་ལག་བསྟར་ནན་པོ་བྱ་དགོས།  ཆེད་ལས་སྒྲིག་ཚན་ལ་མངགས་བཅོལ་བྱས་ནས་ཁུལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤྱི་ཚོགས་ཡོངས་དང་ལས་རིགས་ཁག་གི་ནུས་རྒྱུ་ཟད་གྲོན་གནས་ཚུལ་ཞིབ་ཕྲ་ཞིབ་རྩིས་བྱས་ཏེ། ནུས་རྒྱུ་ཟད་གྲོན་དང་ཚོད་འཛིན་གཉིས་དང་བཟོ་ལས་འཕེལ་རྒྱས་ཐད་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བསམ་འཆར་དང་གྲོས་གཞི་མཁོ་འདོན་བྱ་རྒྱུ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་རྣམ་གྲངས་ཀྱི་ནུས་རྒྱུ་གྲོན་ཆུང་ཞིབ་བཤེར་མཉམ་འབྲེལ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། དུས་རབས་ཨའོ་ཁའེ་ནུས་རྒྱུ་གྲོན་ཆུང་ཞིབ་བཤེར་མྱུར་ཚད་མགྱོགས་སུ་བཏང་སྟེ། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་གང་མགྱོགས་གཏང་དགོས།  《མཚོ་བྱང་ཁུལ་གྱི་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དོ་དམ་བྱ་ཐབས》གཞིར་བཟུང་། བཟོ་ལས་ཁྱབ་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་རྣམ་གྲངས་མཛོད་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། བྱ་དགའ་དང་ཁ་གསབ་ལག་བསྟར་ཞིབ་སྲོལ་ཞིབ་ཕྲ་བཟོ་བ། བཟོ་ལས་ཁྱབ་ཁོངས་ཀྱི་ཆེད་དོན་མ་དངུལ་རྣམ་གྲངས་སྙན་ཞུའི་ཕྱོགས་སྟོན་བཟོ་བ་དང་ཁྱབ་བསྒྲགས། རྣམ་གྲངས་ཐོག་མའི་ཞིབ་བཤེར་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་སྲུང་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་དངུལ་འགྱངས་ཆད་གཙང་བཤེར་བྱེད་པའི་ལས་དོན་མུ་མཐུད་སྤེལ་བ་དང་། ཞུ་གཏུག་གི་ཁུངས་སྣེའི་གནད་དོན་ཞིབ་དཔྱད་དང་ཐག་གཅོད་ནན་ཏན་བྱས་ཏེ། དོན་དངོས་ཐོག་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་དགོས།   ཁུལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ལྟ་སྦྱོང་ཚོགས་འདུ་འཚོགས་ནས་བཟོ་ལས་ཁེ་ལས་ཀྱི་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཕན་འབྲས་ཁྱོན་ཡོངས་ནས་མངོན་པ་དང་། ཁུལ་ནང་ཁུལ་གྱི་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཁེ་ལས་ཀྱི་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱ་དགོས། 

བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བྱེད་པ་དང་། བདེ་འཇགས་ཀྱི་ཉེན་ཁའི་བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱིས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་དང་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། བཟོ་ལས་ཀྱི་འཕྲལ་བསྟུན་འགན་སྲུང་མ་ལག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས། བཟོ་ལས་ཀྱི་འཕྲལ་བསྟུན་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། དུས་བཀག་མེད་པར་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོར་ཟབ་འཇུག་བྱས་ནས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་བྱུར་རྐྱེན་ལ་གྲལ་བཤེར་དང་ཐོ་འགོད། བཅོས་སྒྲིག སྐུལ་འདེད། ཨང་གསུབ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པ་དང་། དུས་ཐོག་ཏུ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ཏེ། རྒྱུན་རྣམ་མཐོང་བ་དང་ཕུགས་ཕན་དོན་གཉེར་བྱེད་པའི་ཐད་སླར་ཡང་ཟབ་འཇུག་བྱ་དགོས། རྒྱུན་རྣམ་ཅན་གྱི་ལས་རིགས་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་དབར་གྱི་འཕྲལ་བསྟུན་ཆ་འཕྲིན་འབྲེལ་གཏུག་རྐྱེན་སྲོལ་བཙུགས་ནས། ཐོལ་བྱུང་གནས་ཚུལ་ཐོན་སྐབས་ཡང་དག་པའི་སྒོ་ནས་གོང་ཞུ་དང་ཚན་རིག་དང་མཐུན་པའི་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས། དམངས་འབར་དངོས་རྫས་ཕྱིར་འཚོང་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་དང་བརྟན་ལྷིང་ཡོང་བར་འགན་ལེན་བྱ་དགོས།

ལྔ་པ། ལས་དོན་རྐྱེན་སྲོལ། 

“ཉིན་བཅུ་རེའི་བཀོད་གཏོང་དང་ཟླ་རེའི་ཚོགས་གྲོས། དུས་ཚིགས་རེའི་དབྱེ་ཞིབ”+“འབད་བརྩོན་ཧུར་ལེན་དང་འདྲི་རྩད་མང་བྱེད། འགན་ལེན་ཤུགས་ཆེན”བཅས་ཀྱི་ལས་དོན་རྐྱེན་སྲོལ་གསར་གཏོད་དང་གསར་འཛུགས་བྱས་ཏེ། གསང་སྡོམ་དང་གནད་ལ་འཁེལ་བའི་སྒོ་ནས་བཀོད་གཏོང་བྱས་ཏེ། བཀོད་གཏོང་གྲུབ་འབྲས་དེ་དཔལ་འབྱོར་དམིགས་ཚད་ཐོག་དོན་འཁྱོལ་དང་། གྲངས་གཞི་འཕར་བའི་སྟེང་ནུས་པ་ཐོན་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཐོག་མངོན་པ་བཅས་བྱེད་དགོས། 

ཁུལ་དང་རྫོང་གི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཁོར་སྐྱོད་བཀོད་གཏོང་དང་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་དང་བཟོ་ལས་ཀྱི་གློག་སྤྱོད་གྲངས། གསར་དུ་འཕར་བའི་གཞི་ཁྱོན་ཡན་གྱི་ཁེ་ལས་གྲངས་འབོར། གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་ཐོན་ཚད་དང་རིན་གོང་སོགས་དམིགས་ཚད་ཀྱི་རྟོག་འཇལ་བཀོད་གཏོང་ཞབས་ཕྱིའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ལ། ཐོལ་བྱུང་རང་བཞིན་གྱི་གནད་དོན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡ་གཏོང་བ་དང་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། དམིགས་གཏད་རང་བཞིན་གྱི་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གསར་འདོན་བྱེད་པ་དང་། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་དེ་དོན་རྗེས་སྙོམས་སྒྲིག་བྱེད་པ་ནས་སྔོན་ལ་ཚོད་འཛིན་བྱེད་པའི་ཕྱོགས་སུ་འགྱུར་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། 

སྡེ་ཁག་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་སྦྲེལ་མཐུད་ཡག་པོ་བྱེད་པ། དུས་བཀག་མེད་པར་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ནས། གཙོ་གནད་ས་ཁུལ་དང་གཙོ་གནད་ཁེ་ལས་ལ་རྟོག་འདོམས་བརྟག་ཞིབ་བྱེད་པར་བསྐྱོད་པ། ཚོང་རའི་གཙོ་གཟུགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དོན་དངོས་དང་མཐུན་པའི་སྒོ་ནས་ཤེས་རྟོགས་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་དང་སྤྱི་ཁོག་མྱོང་ཚོར། ཐོན་སྐྱེད་རྒྱུ་རྐྱེན། སྲིད་ཇུས་ཀྱི་རེ་འདུན་སོགས་ཕྱོགས་མང་པོའི་ཐད་ཀྱི་ཁེ་ལས་ཀྱི་འགྱུར་ལྡོག་དམ་འཛིན་བྱེད་པ། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་ཁེ་ལས་ཀྱི་ཉེན་ཁ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་བཅས་བྱེད་དགོས། ཐོལ་བྱུང་གནས་ཚུལ་ལམ་ཡང་ན་རྒྱུན་ལྡན་མིན་པའི་འཕར་ཆག་བྱུང་ཚེ། དུས་ཐོག་ཏུ་ཁུལ་སྲིད་གཞུང་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུའི་སྙན་སེང་ཞུ་དགོས། 

ཟླ་ཚད་འཁོར་སྐྱོད་བཀོད་གཏོང་ཚོགས་གྲོས་ཞིབ་གཅོད་རྐྱེན་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ། རྫོང་སོ་སོའི་བཟོ་ལས་དང་ཆ་འཕྲིན་སྡེ་ཁག་རྩ་འཛུགས་བྱས་ནས་ལས་དོན་བཀོད་གཏོང་ཚོགས་འདུ་འཚོག་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་དང་དཔལ་འབྱོར་དམིགས་ཚད་ལེགས་འགྲུབ་བྱས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་པ། ལས་དོན་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་གཙོ་བོར་བཟུང་ནས་ཐག་གཅོད་བྱ་དགོས་པ་མ་ཟད། དངོས་དོན་གཉེར་བའི་བྱེད་ཐབས་ཀྱང་བཏོན་ཏེ། དམིགས་ཚད་འཁོར་སྐྱོད་དང་མ་དངུལ་འཇོག་པའི་ལས་འགན་ལ་བཀོད་གཏོང་ཞབས་ཕྱི་བྱེད་པ་དང་། ཟླ་རེ་རེས་དུས་ཚིགས་རེར་འགན་ལེན་ཐུབ་པ་བྱ་དགོས།

 མིག་སྔའི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དམིགས་ནས་གནསས་བབ་དབྱེ་ཞིབ་བྱས་ཏེ། བཟོ་ལས་དཔལ་འབྱོར་དམིགས་ཚད་དུས་ཚིགས་སུ་ལེགས་གྲུབ་བྱུང་ཚུལ་ཁྱབ་བསྒྲགས་བྱེད་པ་དང་། རྫོང་བཞི་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་འཕེལ་ཕྱོགས་ལ་ཚོགས་གྲོས་དང་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོ་ལེགས་གྲུབ་བྱུང་ཚུལ་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་དབར་གྱི་ཧེ་བག་དང་ཞན་ཆ་གསེད་བཀྲོལ་བྱེད་པ། མིག་སྔའི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཐད་གནས་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་བྱེད་པ། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ། “དུས་ཚིགས་རེ་རེས་ལོ་འཁོར་འགན་ལེན་ཐུབ་པ”འགན་ལེན་བྱེད་དགོས། 

དྲུག་པ། ལས་དོན་བླང་བྱ། 

རྫོང་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་བཟོ་ལས་དཔལ་འབྱོར་གྱི་གལ་ཆེའི་རང་བཞིན་དང་མིག་སྔའི་བཟོ་ལས་དཔལ་འབྱོར་ལ་འཕྲད་པའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ། “རང་འགན་རང་འཁུར་དང་རང་ལས་རང་སྒྲུབ”ཀྱི་རྩ་དོན་གཞིར་བཟུང་། ལས་འགན་དམིགས་ཚད་དོན་འཁྱོལ་དང་། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དོན་འཁྱོལ། སྐུལ་འདེད་རྐྱེན་སྲོལ་དོན་འཁྱོལ་བྱེད་པ་བཅས་བྱེད་པ་དང་། བཟོ་ལས་འཁོར་སྐྱོད་དང་རྣམ་གྲངས་མ་འཇོག་ཁྲོད་འཕྲད་པའི་དཀའ་གནད་གནད་དོན་ལ་དམིགས་ཏེ། ཆེད་དོན་ལས་དོན་རྐྱེན་སྲོལ་བཙུགས་ནས་ཞབས་ཕྱི་དང་ཐག་གཅོད་བྱེད་དགོས་ལ། གནད་དོན་གལ་ཆེན་དུས་ཐོག་ཏུ་ཆེད་དོན་ཚན་ཆུང་ལ་སྙན་སེང་ཞུ་དགོས། 

རྫོང་སོ་སོའི་སྲིད་གཞུང་གིས་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་རྟོག་འཇལ་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་གཏོང་རྟོག་འཇལ་དང་སྔོན་དཔག་དབྱེ་ཞིབ་ནུས་པ་ཆེ་རུ་གཏོང་དགོས་ལ། ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་དང་། གསར་འཕར་གཞི་ཁྱོན་ཡན་གྱི་ཁེ་ལས་གྲངས་འབོར། འཚར་ལོངས་རྣམ་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གསོ་སྐྱོང་སོགས་དམིགས་ཚད་ཀྱི་རྟོག་འཇལ་དང་བཀོད་གཏོང་ཞབས་ཕྱིའི་ལས་དོན་གཙོ་གནད་དུ་དམ་འཛིན་བྱས་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བཟོ་ལས་ཁོར་ཡུག་བསྐྲུན་པ་དང་བཟོ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཟོ་ལས་སྟོབས་ཤུགས་བཀོད་སྒྲིག་དང་སྟོབས་ཤུགས་ཆེ་རུ་གཏོང་བ། བཟོ་ལས་ཐོན་ཁུངས་འདང་ངེས་སྤྲོད་པ། བཟོ་ལས་ཁོར་ཡུག་ལེགས་པོ་གཏོད་པ། བཟོ་ལས་མཉམ་ཤུགས་གཅིག་སྡུད་བཅས་བྱས་ནས། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྔོན་དཔག་དམིགས་ཚད་མངོན་འགྱུར་ཡོང་བ་འགན་ལེན་བྱ་དགོས། 

    ཀླུ་མོ་མཚོས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་ དཔར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།
སྐབས་རྗེས་མ། མེད།
མཉམ་སྤྱོད།