བོད་ཡིག    |    རྒྱ་ཡིག

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་ དཔར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།

2024-12-17 16:06:04   |   116

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


བྱང་སྲིད་གཞུང་ལས་ཁང〔2024〕ཨང23པ། 

རྫོང་ཁག་གི་མི་དམངས་སྲིད་གཞུང་དང་། མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ།

《མཚོ་བྱང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ》དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས45སྟེང་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་ཡིན་པས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།
2024ལོའི་ཟླ4ཚེས15ཉིན།
ཡིག་ཆ་འདི་ཡོངས་བསྒྲགས་སུ་ཁྱབ་བསྒྲགས་བྱས་པ།

མཚོ་བྱང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ།

ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་བཀོད་སྒྲིག་ཞབས་ཕྱིའི་ལས་དོན་ལེགས་པོར་སྒྲུབ་པ་དང་། བཟོ་ལས་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད《མཚོ་བྱང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ》གཏན་འབེབས་བྱས་པ་ཡིན།

དང་པོ། སློབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་དེ་བཞིན་ཁུལ་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན། མཚོ་སྔོན་ཞིང་ཆེན་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན། ཞིང་ཆེན་ཡོངས་ཀྱིས་བཟོ་ལས་ཅན་གསར་པ་དང་བཟོ་ལས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཚོགས་ཆེན་བཅས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱུ་རྐྱེན་འགན་སྲུང་ཞབས་ཕྱིར་ཤུགས་སྣོན་རྒྱག་པ་དང་། གདོས་བཅས་མ་གནས་དམའ་རུ་གཏོང་བ། བཟོ་ལས་ཀྱི་སྤྱི་འབོར་ཆེ་རུ་གཏོང་བ། བཟོ་ལས་རིགས་སྒྱུར་ལ་སྐུལ་འདེད་གཏོང་བ། བཟོ་ལས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ། བཟོ་ལས་ཀྱི་གདུང་འདེགས་ནུས་པ་འདོན་སྤེལ་བཅས་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

གཉིས་པ། སྤྱིའི་དམིགས་འབེན།

རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་ལ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་ཆེད། འབྲེལ་ཡོད་ས་ཁུལ་དང་འགན་ནུས་སྡེ་ཚན་ཁག་གིས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་དང་། ས་སྤྱོད། ནུས་གྲོན་སོགས་དཀོན་པའི་རྒྱུ་རྐྱེན་ཐོན་ཁུངས་དག་གཅིག་གྱུར་གྱིས་བསྡུ་སྒྲིལ་བྱས་ནས། ཁུལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་རྒྱུ་རྐྱེན་འགན་སྲུང་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། ཁེ་ལས་ཀྱི་གློག་སྤྱོད་དང་། རླངས་སྤྱོད། ཆུ་སྤྱོད། ལས་མི་སྤྱོད་པ། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་མ་གནས་ནུས་ལྡན་ངང་དམའ་རུ་ཕྱིན་པའམ་ཡང་ན་ལུགས་མཐུན་ངང་ཚོད་འཛིན་བྱེད་ཐུབ་དགོས་པ་དང་། རྒྱུ་རྐྱེན་སྡེ་ཚན་ཁག་གི་ཞབས་ཕྱི་དང་འགན་སྲུང་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། ཁེ་ལས་ཀྱི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། “རྒྱུ་རྐྱེན་ཁེ་ལས་ཀྱི་རྗེས་སུ་འབྲང་བ་དང་། ཞབས་ཕྱི་ཁེ་ལས་ལ་དམིགས་ནས་འཁོར་ཐུབ་པ”མངོན་འགྱུར་བྱུང་ཐུབ་དགོས།

གསུམ་པ། ལས་ཀའི་རྐྱེན་སྲོལ།

ཐོན་ཁུངས་ཀྱི་རྒྱུ་རྐྱེན་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་པོ་ནུས་ཤུགས་ཡོད་རྒུས་སྐྲུན་པ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད། ཁུལ་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས་མཚོ་བྱང་ཁུལ་བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་ལས་དོན་ཚན་ཆུང་བཙུགས་པ་གཤམ་གསལ་ལྟར། 

ལས་དོན་ཚོན་ཆུང་གི་གཞུང་ལས་ཁང་ནི་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་རུ་འཛུགས་རྒྱུ་དང་། གཞུང་ལས་ཁང་གི་ཀྲུའུ་རིན་ནི་བློ་མཐུན་ཀྲང་ཆི་ཧྥེང་གིས་འགན་གཅིག་ལྕོགས་སུ་ཁུར་ནས་བཟོ་ལས་ཁེ་ལས་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་གྱི་རྒྱུན་ལྡན་སྐུལ་འདེད་དང་མཐུན་སྦྱོར་ལས་དོན་ལ་སྣེ་ཁྲིད་པ་དང་། བཟོ་ལས་ཁེ་ལས་གོང་དུ་སྤེལ་བའི་ཁྲོད་ཀྱི་གནད་དོན་དང་བསམ་འཆར་ཁག་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ། འབྲེལ་ཡོད་རྫོང་ཁག་དང་སྡེ་ཚན་ཁག་ལ་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱེད་དགོས། ལས་དོན་ཚོན་ཆུང་གི་ཁོངས་མིར་འགྱུར་ལྡོག་བྱུང་ན་རང་འགུལ་གྱིས་བརྗེ་སྒྱུར་བྱེད་དགོས་པ་ལས་ཡིག་ཆ་ལོགས་སུ་མི་སྤྲོད།

ཚན་གཙོ།  ཀྲང་ཧྲིང་ཡོན།    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན།

ཚན་གཙོ་གཞོན་པ།  ཨ་ཁྱུང་།  ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ།   

ཀརྨ་ཚེ་རིང་།    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།

 ཚའོ་ཅི་ཆང་།    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།

མ་རུའུ་ཞང་།    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།

ཧ་ཝུན་ཞུག    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།

ཧན་ཧྲི།    ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།

ཁོངས་མི།    ཧོ་ཏེ་ལུང་།   ཁུལ་སྲིད་གཞུང་གི་དྲུང་ཆེ།གཞུང་ལས་ཁང་གི་ཀྲུའུ་རིན།

མ་ཞའོ་ཧྥེང་།    འཇུ་ལག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན།

ཧོ་ཧྲེང་ཅེ།    མདོ་ལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན།

 སྟག་ལྷ།    རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན།

ཀྲང་ཧྲི་ཡིང་།   མདའ་བཞི་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན།ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཁུལ་སློབ་གསོ་ཅུའི་ཅུ་ཀྲང་།

ཀྲང་ཆི་ཧྥེང་།   ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའི་ཅུ་ཀྲང་།

སུའུ་ཙེང་ཝེ།    ཁུལ་ནོར་སྲིད་ཅུའི་ཅུ་ཀྲང་།

ཧྲེང་ཧྲའོ་རྨིན།   ཁུལ་མི་ཤུགས་འགན་སྲུང་ཅུའི་ཅུ་ཀྲང་།

ལུའོ་ཙེང་།    ཁུལ་རང་བྱུང་ཐོན་ཁུངས་ཅུའི་ཅུ་ཀྲང་།

ཝང་ཆིང་།    ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའི་ཅུ་ཀྲང་།ཁུལ་སྡོད་ཁང་དང་ཡུལ་གྲོང་འཛུགས་སྐྲུན་ཅུའི་ཅུ་ཀྲང་།

 ཀྲའོ་ཁྲང་མིང་།    ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའི་ཅུ་ཀྲང་།

 སྟག་རྩེ་རྒྱལ།    ཁུལ་ཆུ་བེད་ཅུའི་ཅུ་ཀྲང་།

 དཔའ་མཁར་ཚེ་རིང་།   ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་ཅུ་ཀྲང་།

མཱ་ཡུལ་ལྷ།    ཁུལ་ནགས་ལས་དང་རྩྭ་ཐང་ཅུའི་ཅུ་ཀྲང་།

ཝུའུ་ཁྲའོ་ཀྲུང་།   ཁུལ་སྡོམ་རྩིས་ཅུའི་ཅུ་ཀྲང་།

མའོ་སུང་པའོ།   ཁུལ་ཁྲལ་དོན་ཅུའི་ཅུ་ཀྲང་།

མེང་ཡུན་ལུང་།   རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་མཚོ་བྱང་ཡན་ལག་ཅུའི་ཅུ་ཀྲང་།

 ལིའུ་ལེ།   མི་དམངས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་གི་མགོ་འཛིན།

ཀྲང་ཡུང་ཞང་།   རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་སྤྱི་གཉེར་གྱི་སྤྱི་ཁྱབ་བདག་གཉེར།

ནོར་བུ་རྒྱལ།   ཁུལ་བཟོ་ཚོང་དང་ཆ་འཕྲིན་ཅན་ཅུའི་ཅུ་ཀྲང་གཞོན་པ།

བཞི་པ། རྒྱུ་རྐྱེན་འགན་སྲུང་བྱེད་ཐབས།

གཅིག སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གོང་རིམ་གྱི་ཕན་བདེའི་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་བྱེད་དགོས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་རྣམ་གྲངས་ཇུས་འགོད་དང་གསོག་འཇོག་བྱེད་སྐབས་རང་འགུལ་ངང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱས་ཏེ། རྣམ་གྲངས་ཀྱི་མ་དངུལ་དགོས་མཁོ་ཐག་གཅོད་ཏན་ཏིག་བྱས་ནས་ཁེ་ལས་ཀྱི་ལུགས་མཐུན་དགོས་མཁོ་དང་ལེན་བྱེད་དགོས། ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་བརྟན་པོ་ཡོང་བར་འགན་སྲུང་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཐོན་སྐྱེད་དང་མཁོ་ཆས་སྦྲེལ་མཐུད་བྱེད་པའི་ལས་སྟེགས་འཛུགས་པ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཐབས་གཏན་འབེབས་བྱས་ཏེ། དམིགས་བསལ་གྱི་འཕེལ་རྒྱས་དུས་རིམ་འོག་གི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་ཀྱི་མི་འདང་ས་ནུས་ལྡན་ངང་ཁ་གསབ་བྱེད་དགོས། ཞིང་ཆེན་རིམ་པ་དང་རྫོང་རིམ་པའི་སྲིད་ཇུས་དང་ཁྱད་པར་ཅན་དང་བང་རིམ་རང་བཞིན་གྱི་རྒྱབ་སྐྱོར་མ་ལག་ཆགས་པར་བྱས་ནས་འཕེལ་རྒྱས་ཀྱི་དུས་རིམ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཁྱད་ཆོས་བཅས་མི་འདྲ་བ་ལྡན་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་སྔར་ལས་མང་བར་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་དུ་འཇུག་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་ཁྲལ་དོན་ཅུ། འགན་འཁྲིའི་སྡེ་ཚན། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

གཉིས། འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས། བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་ཁུལ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། གླིང་ཁུལ་གྱི་འཆར་འགོད་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ། མིག་སྔ་དང་མ་འོངས་པར་གཞིགས་ནས་ངེས་པར་དུ་ཐོན་སྐྱེད་ཁུལ་གྱི་གློག་སྤྱོད་དང་། ཆུ་སྤྱོད། རླངས་སྤྱོད། དྲོད་སྤྱོད། སྐྱེལ་འདྲེན་བཅས་ཀྱི་མཐའ་མའི་སྤྱི་ལེ་གཅིག་གི་གནད་དོན་ཐག་གཅོད་བྱས་ནས་གླིང་ཁུལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ཆ་རྐྱེན་མཐུན་པའི་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རིགས་ཁག་གི་ཁེ་ལས་དང་སྤྱི་ཚོགས་ཀྱི་མ་རྩ་སོགས་མ་འཇོག་བྱེད་པོ་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་སྡོད་ཁང་དང་ཡུལ་གྲོང་འཛུགས་སྐྲུན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། ཁུལ་ཆུ་བེད་ཅུ། འགན་འཁྲིའི་སྡེ་ཚན། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

གསུམ། བཟོ་ལས་ལ་མཁོ་བའི་ས་ཆའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཆ་སྤྱོད་པའི་དམིགས་ཚད་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ཚན་རིག་དང་མཐུན་པའི་རིགས་འབྱེད་དང་། ཁྱད་པར་ཡོད་པ། འགན་སྲུང་གནད་ལ་འཁེལ་བ་བཅས་ཀྱི་བསམ་ཕྱོགས་ལྟར་བཟོ་ལས་ཀྱི་རྣམ་གྲངས་གཙོ་བོར་རིམ་པ་དབྱེ་ནས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཁྲོད་བཟོ་ལས་ཐད་སྤྱོད་པའི་ས་ཆའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། ཚད་ཡོད་ཀྱི་གསར་དུ་འཕར་བའི་ས་ཆའི་དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་རྣམ་གྲངས་ནང་དབྱེ་ཕྲལ་བྱེད་དགོས། སྒོ་རྩར་ཞབས་ཕྱི་དང་། སྔོན་བརྒལ་ཞབས་ཕྱི། རང་འགུལ་ཞབས་ཕྱི། བརྒྱུད་རིམ་ཧྲིལ་པོར་ཞབས་ཕྱི་བཅས་ཞབས་ཕྱི་བཞིའི་འགན་སྲུང་རྐྱེན་སྲོལ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་མཆན་འགོད་རྩིས་ཐོ་དང་། སྒོ་རྩར་མཛུབ་སྟོན་བྱེད་པའི་ས་ཆའི་མཆན་འགོད་ལྷུ་ལག་སོགས་ཀྱི་ལས་དོན་སྤེལ་སྐབས། ས་ཆ་སྤྱོད་དཀའ་བ་དང་ས་ཆ་སྤྱོད་དལ་བ་སོགས་ཀྱི་གནས་ཚུལ་བྱུང་མི་ཆོག ནུས་ལྡན་ངང་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་ཕྱི་བྱེད་པ་དང་། ཕྱོགས་ཡོངས་ནས་ཆོག་མཆན་འགོད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་འགྲོ་བར་མངོན་འགྱུར་བྱུང་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་རང་བྱུང་ཐོན་ཁུངས་ཅུ། འགན་འཁྲིའི་སྡེ་ཚན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་སྡོད་ཁང་དང་ཡུལ་གྲོང་འཛུགས་སྐྲུན་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་ཆུ་བེད་ཅུ། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

བཞི། གློག་ཤུགས་དགོས་མཁོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། གླིང་ཁུལ་གྱི་གློག་ཤུགས་དགོས་མཁོ་དུས་ཐོག་ཏུ་ཁོང་དུ་ཆུད་དགོས་ཤིང་། གློག་དྲའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རང་ཁུལ་གྱི་གློག་དྲའི་གྲུབ་ཚུལ་ལེགས་སུ་གཏོང་བ། རིམ་པ་སོ་སོའི་གློག་དྲའི་ཐེག་ནུས་ཇེ་ཆེར་གཏོང་བ། གློག་འདོན་ནུས་པ་དང་གློག་འདོན་བློས་འགེལ་ཆོག་པའི་ནུས་པ་བཅས་སྔར་ལས་མཐོ་རུ་གཏོང་དགོས། གློག་སྤྱོད་ལས་སྒོ་སྒྲུབ་པའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། རྣམ་གྲངས་ཨར་ལས་ཀྱི་གློག་སྤྱོད་དང་གློག་ཤུགས་གློག་སྐུད་སྤོ་སྒྱུར་སོགས་ཀྱི་ཞབས་ཕྱི་ལེགས་པར་སྒྲུབ་པ་ལས། གློག་སྤྱོད་ལས་སྒོ་སྒྲུབ་གཉེར་དང་གློག་རིན་སྐོར་གྱི་སྲིད་ཇུས་ལག་བསྟར་ཚད་ལྡན་མིན་པ་དང་། ཆག་སྐྱོན་མྱུར་བཅོས་བྱེད་པའི་དུས་བཀག་ལས་བརྒལ་བ་སོགས་ཀྱི་གནས་ཚུལ་བྱུང་མི་ཆོག ངེས་པར་དུ་གློག་མཁོ་འདོན་གྱི་ནུས་པ་ཏན་ཏིག་ངང་ཆེ་རུ་བཏང་ནས་གླིང་ཁུལ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་དགོས། བཟོ་ལས་ཁེ་ལས་ཀྱིས་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་བྱེད་པར་བསྔགས་སྐུལ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་གཟིགས་སྐྱོང་སྲིད་ཇུས་རེ་ཞུ་བྱེད་པར་ཧུར་ཐག་གིས་རོགས་རམ་བྱེད་དགོས། གློག་སྤྱོད་ཚད་ཀྱི་ཐེག་ཚད་ཅུང་ཆེ་བའི་ནུས་ཁུངས་ཟད་གྲོན་ཆེ་བའི་ཁེ་ལས་ཀྱིས་སྔོན་ལ་ཁུལ་ནང་ཁུལ་གྱི་ལྗང་མདོག་གློག་བེད་སྤྱོད་བྱས་ནས་འཛད་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱས་ཏེ། ཁེ་ལས་འཕེལ་རྒྱས་གཏོང་བའི་མ་གནས་དམའ་རུ་གཏོང་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། འགན་འཁྲིའི་སྡེ་ཚན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། རྒྱལ་ཁབ་གློག་དྲའི་གློག་ཤུགས་མཚོ་བྱང་གློག་འདོན་སྤྱི་གཉེར། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

ལྔ། བཟོ་ལས་ཀྱི་ཆུ་སྤྱོད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས“བུ་རྫིའི་རྣམ་པའི”ཞབས་ཕྱི་མཁོ་འདོན་བྱས་ཏེ། དམངས་འཚོའི་ཆུ་སྤྱོད་འགན་སྲུང་བྱེད་པའི་རྨང་གཞིའི་ཐོག་ཆུ་སྤྱོད་སྙན་སེང་ཞུ་བ་དང་སྒྲིག་སྦྱོར་སོགས་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། ཆུ་ལེན་ཆོག་པའི་ཆོག་འཐུས་འགོད་པའི་དུས་ཚད་ཉུང་དུ་གཏོང་བ། འགོར་འགྱངས་སོགས་ཀྱི་སྣང་ཚུལ་བྱུང་མི་ཆོག་པ། གཙོ་གནད་ཁེ་ལས་དང་རྣམ་གྲངས་གལ་ཆེན་གྱི་ཆུ་སྤྱོད་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས། མདོང་དྲ་ཤར་གཏོང་གནས་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། གློག་དྲའི་ཆད་ཚད་ཉུང་དུ་གཏོང་བ་དང་། ཐོན་སྐྱེད་ཀྱི་མ་གནས་དམའ་རུ་གཏོང་དགོས། ཆ་རྐྱེན་མཐུན་པའི་ཁེ་ལས་ཀྱིས་ཆུ་གྲོན་ཆུང་གི་ལག་རྩལ་བསྒྱུར་བཀོད་དང་བསྐྱར་སྐྱེས་ཆུ་རེས་འཁོར་བེད་སྤྱོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་བྱེད་ཐུབ་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་ཆུ་བེད་ཅུ། ཁུལ་སྡོད་ཁང་དང་ཡུལ་གྲོང་འཛུགས་སྐྲུན་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། འགན་འཁྲིའི་སྡེ་ཚན། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

དྲུག ལས་མི་སྤྱོད་པའི་དགོས་མཁོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་ལས་མི་སྤྱོད་པའི་རྒྱུ་རྐྱེན་འགན་སྲུང་ལས་དོན་གྱི་ཆེད་སྦྱོང་འཛིན་གྲྭ་བཙུགས་ཏེ། རྒྱུན་གཏན་གྱི་འབྲེལ་གཏུག་ལ་བརྟེན་ནས་བཟོ་ལས་ཁེ་ལས་དང་གལ་ཆེའི་བཟོ་ལས་རྣམ་གྲངས་ཀྱི་ལས་མི་སྤྱོད་པའི་རེ་འདུན་དུས་ཐོག་ཏུ་ཁོང་དུ་ཆུད་དགོས་ཤིང་། རིགས་དབྱེ་ནས་དགོས་མཁོའི་གསལ་ཐོ་དང་གནད་དོན་གསལ་ཐོ་བཟོ་དགོས་པ་མ་ཟད། “དཔྱིད་རླུང་བྱ་འགུལ”གྱི་ས་གནས་གདན་ཞུའི་བྱེད་སྒོ་དང“གཅིག་གཏད་གཅིག” གི་དྲ་ཐོག་ངོ་རྒྱུགས་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཁེ་ལས་ཀྱི་དགོས་མཁོ་མགྱོགས་མྱུར་ངང་ཐག་གཅོད་བྱེད་དགོས། ཁུལ་ནང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་དགོས་མཁོ་དང་ལས་ཞུགས་མདུན་ལྗོངས་ལ་དམིགས་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ལས་སྟེགས་དང་གོ་སྐབས་འཚོལ་ཞིབ་བྱེད་པ་དང་། ཆེད་ལས་བཀོད་སྒྲིག་ལེགས་སུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་རྩལ་ནུས་གསོ་སྦྱོང་བྱེད་པ། “མངགས་ཐོའི་རྣམ་པ”དང“ཁ་ཕྱོགས་གཏན་འཁེལ་རྣམ་པའི”གསོ་སྐྱོང་རྒྱ་ཁྱབ་སྤེལ་ཏེ། ཁེ་ལས་ཀྱི་ལས་མི་སྤྱོད་པའི་དཔུང་ཁག་གི་དམིགས་སའི་རང་བཞིན་དང་། གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། འགན་འཁྲིའི་སྡེ་ཚན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་སློབ་གསོ་ཅུ། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

བདུན། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་རྒྱ་ཆེར་གཏོང་དགོས། “པེ་རུན་མ་དངུལ་བསྡུ་རོགས”ཞེས་པའི་དྲ་ཐོག་ཞབས་ཕྱི་ལས་སྟེགས་དང་། པེ་རུན་རྒྱལ་ཁབ་མ་དངུལ་བསྡུ་སྒྲིལ་འགན་ལེན་ཚད་ཡོད་སྤྱི་གཉེར་གྱི་ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་སྒྲིལ་གྱི་ཚབ་གཉེར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བཟོ་ལས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་ངལ་སྔར་བས་ཆུང་དུ་གཏོང་དགོས། སྲིད་གཞུང་དང་དངུལ་ཁང་ཁེ་ལས་བཅས་ཀྱི་ཆ་འཕྲིན་སྦྲེལ་མཐུད་ལས་སྟེགས་བསྐྲུན་ནས། དངུལ་རྩའི་སྒྲིག་གཞིས་དངུལ་བུན་གྱི་དུས་བཅད་ཇེ་རིང་དུ་གཏོང་བ་དང་། སྐྱེད་ཀ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་འཕར་མ་སྤྱད་དེ་བཟོ་ལས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཁེ་ལས་ཀྱིས་ཁ་དན་ཚིག་གནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་ཁྲིད་སྟོན་བྱས་ཏེ། ཡིད་རྟོན་རིམ་པ་མཐོ་རུ་གཏོང་བ་དང་། གསོག་འཇོག་རྒྱུ་ནོར་ཧུར་ཐག་གིས་བེད་སྤྱོད་བྱེད་པ། དངུལ་བུན་གཏའ་འཇོག་བྱེད་ནུས་ཆེ་རུ་གཏོང་བ། གཉེར་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ཐོན་སྐྱེད་ཀྱི་མ་གནས་དམའ་རུ་གཏོང་བ། མ་དངུལ་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་བ། མ་དངུལ་བཟུང་སྤྱོད་ཇེ་ཉུང་དུ་གཏོང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་ནོར་སྲིད་ཅུ།དངུལ་རྩའི་གཞུང་ལས་ཁང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་མཚོ་བྱང་ལྟ་སྐུལ་དོ་དམ་ཡན་ལག་ཅུ། མི་དམངས་དངུལ་ཁང་མཚོ་བྱང་ལྟེ་བའི་ཡན་ལག་དངུལ་ཁང་། འགན་འཁྲིའི་སྡེ་ཚན། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

བརྒྱད། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས། “ཕྲན་གཅིག་སྣེ་གཅིག” དང་། སྲིད་ཇུས་ལེགས་སྒྲིག ཁེ་ལས་དངོས་སུ་སོང་ནས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་ཁེ་ལས་ལ་ཕན་པའི་ཆ་འཕྲིན་གསར་ཤོས་དག་མཁོ་སྤྲོད་བྱེད་དགོས། ཁེ་ལས་དང་ཕན་ཚུན་བསམ་བློ་མཐུན་སྦྱོར་ངང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཕྱོགས་ཀྱི་སྲིད་ཇུས་དགོས་མཁོ་ཐག་གཅོད་བྱེད་དགོས་པ་དང་། ཁེ་ལས་ཀྱི་ཚན་རྩལ་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་སློང་བྱས་ཏེ། ལག་རྩལ་ནུས་པ་གསོག་འཇོག་དང་མཐོར་འདེགས་ཇེ་མགྱོགས་སུ་གཏོང་དགོས། ཞིབ་འཇུག་གསར་སྤེལ་གྱི་རྣམ་གྲངས་དང་ལག་རྩལ་བསྒྱུར་བཀོད་གཞི་རྟེན་དུ་བྱས་ནས། བཟོ་ལས་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་ཚན་རྩལ་ཅན་གྱི་ཁེ་ལས་དང་། ཆེད་ལས་སྤུས་ལེགས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་། ལག་རྩལ་མཐོ་གསར་ཅན་གྱི་ཁེ་ལས་སོགས་ཚན་རྩལ་རྣམ་གྲངས་རེ་ཞུ་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ་དང་། ཁེ་ལས་གསར་གཏོད་དང་འཕེལ་རྒྱས་ལ་རོགས་རམ་དང་། ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་གསུམ་པའི་ཚན་རྩལ་ཞབས་ཕྱིའི་སྒྲིག་གཞི་དང་མཉམ་འགུལ་ཞབས་ཕྱིའི་རྐྱེན་སྲོལ་འཛུགས་པ་དང་། ཁེ་ལས་ནང་ཟབ་ཞུགས་བྱས་ནས“གཅིག་གཏད་གཅིག”གི་ཚན་རྩལ་ཟུར་ཁྲིད་ཞབས་ཕྱི་སྤེལ་བ། སྲིད་ཇུས་ལག་བསྟར་དོན་འཁྱོལ་གྱི་ཟུར་ཁྲིད་སྤེལ་བ་བརྟེན་ནས་ཁེ་ལས་ལ་སྲིད་ཇུས་དངོས་སུ་ལག་བསྟར་བྱེད་པའི་ཁེ་ཕན་ལོངས་སུ་སྤྱོད་དུ་འཇུག་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། འགན་འཁྲིའི་སྡེ་ཚན། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཁུལ་ནོར་སྲིད་ཅུ། ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

དགུ། མཁོ་སྤྲོད་སྦྲེལ་མཐུད་ལས་སྟེགས་འཛུགས་དགོས། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་འབྲེལ་ཁེ་ལས་ལྟ་སྐུལ་མཛུབ་ཁྲིད་རོགས་སྐྱོར་རྐྱེན་སྲོལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་རྫས་མཁོ་སྤྲོད་མཚམས་སྦྱོར་ལས་སྟེགས་སྐྲུན་པ་དང་། དུས་བཀག་མེད་པར་སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། ཁེ་ལས་ཀྱིས་ཐོན་རྫས་མངོན་པ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ནས་ཐོན་རྫས་དང་ཁྲོམ་ར་ཕན་ཆུན་ཆ་འགྲིག་ཡིན་པའི་བཟོ་ལས་དང་ཁེ་ལས་ཀྱི་ཐོན་རྫས་འབྲེལ་མཐུད་འོས་སྦྱོར་དྲིལ་བསྒྲགས་བྱེད་སྒོར་སྤེལ་དགོས། རང་ཁུལ་གྱི་བཟོ་ལས་ཁེ་ལས་དེ་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་གྲོས་མོལ་ཚོགས་འདུ་དང་། སྐྱེ་ཁམས་དངོས་མང་སྟོན་ཚོགས། དེ་བཞིན་ཞིང་ཆེནརང་སྐྱོང་ལྗོངསདང་གྲོང་ཁྱེར་ཁག་གི་མཉམ་ལས་སྤེལ་རེས་སོགས་འགྲེམ་ཚོགས་ཀྱི་བྱེད་སྒོ་ཞུགས་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཀྱི་ཐོན་རྫས་ཕྱིར་འཚོང་ལམ་བུ་ཤར་གཏོང་བྱེད་པ་དང་། བཟོ་ལས་ཁེ་ལས་ཀྱིས་ཁྲོམ་ར་གསར་འབྱེད་ལ་རོགས་རམ་བྱེད་པ། ཁྱབ་ཁོངས་ནང་གི་ཐོན་རྫས་མཁོ་འདོན་གྱི་སྦྲེལ་ཐག་ཤར་གཏོང་བྱེད་པ། བཟོ་ལས་ཁེ་ལས་ཀྱི་ཁྲོམ་ར་རྒྱ་བསྐྱེད་དང་ནུས་རིམ་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། འགན་འཁྲིའི་སྡེ་ཚན། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་།ཁུལ་ཁ་གཏད་རོགས་སྐྲུན་གཞུང་ལས་ཁང་།ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་སྡོད་ཁང་དང་ཡུལ་གྲོང་འཛུགས་སྐྲུན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

བཅུ། བཟོ་ལས་ནུས་ཁུངས་ཟད་གྲོན་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། འཛུགས་སྐྲུན་བྱེད་བཞིན་པ་དང་བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཀྱི་ལས་མགོ་བརྩམས་པའི་དུས་ཚོད་དང་ནུས་ཁུངས་ཟད་གྲོན་འཕར་ཚད་ཀྱི་དགོས་མཁོ་དུས་ཐོག་ཏུ་ལེགས་སུ་གཏོང་བ་དང་། ས་ཁུལ་གྱི་ལོ་འཁོར་ནུས་ཁུངས་སྤྱོད་པའི་དམིགས་ཚད་འགུལ་རྣམ་ལེགས་སུ་གཏོང་དགོས། ནུས་ཁུངས་གྲོན་ཆུང་གི་མི་མངོན་པའི་ནུས་ཤུགས་སྔོག་འདོན་གཏིང་ཟབ་དང་། ཧྲི་ཅི་ཨའོ་ཁའེ་དང་ཐང་ཧུའུ་གློག་ཁང་སོགས་གཙོ་གནད་ནུས་ཁུངས་ཟད་གྲོན་ཆེ་བའི་ཁེ་ལས་ཀྱི་ནུས་ཁུངས་གྲོན་ཆུང་དང་བསྒྱུར་བཀོད་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་དགོས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་རྣམ་གྲངས་ཀྱི་ནུས་ཁུངས་གྲོན་ཆུང་ཞིབ་བཤེར་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ཏེ། ནུས་སྤྱོད་སྔོན་རྩིས་དོ་དམ་གྱི་བླང་བྱ་ལྟར་ལོ་འཁོར་གྱི་ནུས་སྤྱོད་འཆར་གཞི་གཏན་འབེབས་དང་། རྒྱུ་རྐྱེན་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ནུས་ཁུངས་ཟད་གྲོན་དམིགས་ཚད་ཀྱིས་ ཐོག་མར་ཟད་གྲོན་ཆུང་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་རྣམ་གྲངས་དང་། སྤུས་ལེགས་ཐོན་ལས། སྤུས་ལེགས་ཁེ་ལས་བཅས་ལ་འགན་སྲུང་བྱེད་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། འགན་འཁྲིའི་སྡེ་ཚན། རྫོང་སོ་སོའི་མི་དམངས་སྲིད་གཞུང་སོགས།

ལྔ་པ། ལས་ཀའི་བླང་བྱ།

གཅིག བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས། རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བཟོ་ལས་དཔལ་འབྱོར་གྱི་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་ཡོང་བའི་གཞི་རྩའི་འགྲོ་ཕྱོགས་སྲ་བརྟན་གཏོང་བ་དང་། བརྟན་པོའི་ངང་འཁོར་སྐྱོད་ཡག་པོ་བྱེད་པར་སྐུལ་འདེད་མགྱོགས་མྱུར་གཏོང་བའི་གལ་ཆེའི་དམ་འཛིན་བྱེད་ས་ཞིག་ཡིན་པས། ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དང་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱུ་རྐྱེན་འགན་སྲུང་ཞབས་ཕྱི་དམ་འཛིན་བྱ་རྒྱུ་དེ་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།

གཉིས། མཐུན་སྦྱོར་རྐྱེན་སྲོལ་འཛུགས་དགོས། བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་ལས་དོན་ཚོགས་ཆུང་གཞུང་ལས་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས་ཀྱིས་ཡར་ཞུ་བྱེད་པའི་རྒྱུ་རྐྱེན་འགན་སྲུང་དང་ཞབས་ཕྱི་སོགས་ཀྱི་གནད་དོན་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ཁག་ལ་སྤྲད་ནས་དུས་བཅད་ལྟར་ལན་འདེབས་པ་དང་། དུས་བཀག་ལྟར་ཐག་གཅོད་བྱ་དགོས། རྒྱུ་རྐྱེན་འགན་སྲུང་གི་གནད་དོན་གལ་ཆེན་རྣམས་དུས་ཐོག་ཏུ་ལས་དོན་ཚོགས་ཆུང་ལ་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས།

གསུམ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚནཚན་པགྱིས་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་རྒྱུ་རྐྱེན་འགན་སྲུང་ལས་དོན་གྱི་ནང་དོན་གཙོ་བོར་བརྩིས་ནས་ལས་སྟེགས་དང་སྨྱན་སྦྱོར་སྣ་ཚོགས་ལ་བརྟེན་ནས་རྒྱུ་རྐྱེན་འགན་སྲུང་གི་སྲིད་ཇུས་དང་བྱ་ཐབས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་ཏེ། སྲིད་ཇུས་ཀྱི་ཤེས་རྟོགས་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་བཏང་ནས་བཟོ་ལས་ཁེ་ལས་ཀྱིས་འབྲེལ་ཡོད་སྲིད་ཇུས་གང་ལེགས་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས། ཁེ་ལས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་རྒྱུ་རྐྱེན་འགན་སྲུང་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས།

མཁའ་འགྲོ་མཚོས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་གྱིས་“བྱ་དགའ་གཅིག་དང་གཟིགས་སྐྱོང་ལྔ། རིན་མེད་བཅུ”བཅས་ཐབས་མང་མཉམ་སྤྱོད་ཀྱིས་དགུན་དུས་ཀྱི་གནས་སྐོར་ཁྲོམ་རར་ཤུགས་བརྒྱབ་པ།
སྐབས་རྗེས་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི་བཟོ་ལས་དཔལ་འབྱོར་བཀོད་གཏོང་ཞབས་ཕྱིའི་ལས་དོན་རྐྱེན་སྲོལ་གྱི2024ལོའི་ལས་དོན་འཆར་གཞི་དཔར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།
མཉམ་སྤྱོད།