བོད་ཡིག    |    རྒྱ་ཡིག

མཚོ་བྱང་ཁུལ་གྱིས་“བྱ་དགའ་གཅིག་དང་གཟིགས་སྐྱོང་ལྔ། རིན་མེད་བཅུ”བཅས་ཐབས་མང་མཉམ་སྤྱོད་ཀྱིས་དགུན་དུས་ཀྱི་གནས་སྐོར་ཁྲོམ་རར་ཤུགས་བརྒྱབ་པ།

2024-12-03 11:22:40   |   218

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   བཤེར་འབེབས། རིན་ཆེན་ཚེ་རིང་།


    ཟླ་10ཚེས་29ཉིན། མཚོ་བྱང་ཁུལ་གྱིས་དགུན་དུས་གནས་སྐོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ“མགོ་རྩོམ་ས”བྱས་ཏེ། 2024ལོའི་མཚོ་བྱང་གི་དགུན་དུས་གནས་སྐོར་བྱེད་སྒོ་སྤེལ་མགོ་བརྩམས་པ་རེད། ད་ལོའི་དགུན་དུས་མཚོ་བྱང་གནས་སྐོར་བྱེད་སྒོས་མདོ་ལ་རིང་མོའི་རྒྱུད་ཀྱི་མེ་ལྷ་གངས་དཀར་ལ་འཛེག་པ།(འཇུ་ལག)--སྟོང་སོའི་གངས་དང་ནགས་ཀློང་ཉུལ་བ།(མདོ་ལ།)--འཁྱགས་པའི་བསྡམས་པའི་མཚོ་སྔོན་པོར་རོལ་བ།(རྐང་ཚ)--ཁ་བའི་ཁྲོད་ཀྱི་ཤྭ་ལུང་ཆུ་ཁོལ་ལ་འདུག་པ།(མདའ་བཞི།)--སྨོན་ལམ་མཐོན་པོའི་སྤྲིན་གྱི་རྒྱ་མཚོར་ལྟ་བ།(ནུབ་མཚོ)--ངོ་མཚར་སྟོང་གིས་ཕྱུག་པའི་རྡུལ་ཕྲན་གྲོང་ལ་བསྐྱོད་པ། (ནུབ་མཚོ)--མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་ཟས་རིགས་ལ་མྱོང་བ་(ཁུལ་ཡོངས)བཅས་ཀྱི་གནས་སྐོར་ལམ་ཐིག་རྩེ་གྲ་ཧུར་ཐག་གཏོད་པ་དང་།  “ལམ་ཐིག་རྩེ་གྲ་དང་རིག་གནས་གནས་སྐོར་བྱེད་སྒོ་ཟུང་འབྲེལ”ལ་དམིགས་ནས་ཡུལ་བབ་དང་བསྟུན་པ་དང་འཆར་འགོད་ཞིབ་ཚགས་བྱས་ཏེ“མགོ་རྩོམ་མཛད་སྒོ་གཅིག་དང་མུ་འབྲེལ་བྱེད་སྒོ་བརྒྱད།”“བྱ་དགའ་གཅིག་དང་གཟིགས་སྐྱོང་ལྔ། ཁས་ལེན་དྲུག”བཅས་ཀྱི་ཐོག་ནས་མཚོ་བྱང་ཁུལ་གྱི་དགུན་དུས་གནས་སྐོར་ཁྱོན་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཚོ་བྱང་གི་དགུན་དུས་ས་ཁོངས་ཧྲིལ་པོའི་གནས་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས།

ffc3da5744533d03058e5cb235e39f7.jpg

  • བྱ་དགའ་གཅིག

    《མཚོ་བྱང་ཁུལ་གྱི་རིག་གནས་དང་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་བྱ་དགའ་སྤྲོད་པའི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》བཏོན་པ་དང་། ཁུལ་རིམ་པའི་ནོར་སྲིད་ཀྱིས་བྱ་དགའི་མ་དངུལ་བཙུགས་ནས་གནས་སྐོར་ལས་དོན་ཁང་གི་ཚོགས་པ་རྩ་འཛུགས་དང་། རིག་གནས་དང་གནས་སྐོར་སྤུས་རྟགས་གཏོད་པ། སྒེར་གཉེར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་དང་ཚོང་གཉེར། འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་བཞིའི་ཐད་རོགས་སྐྱོར་དང་སྐུལ་ལྕག་བྱ་རྒྱུ་གཏན་འཁེལ་བྱས་ཡོད། དེའི་ནང་གནས་སྐོར་ལས་དོན་ཁང་གི་གནས་སྐོར་ཚོགས་པ་དང་། སྒེར་འཁོར་བཏང་ནས་གནས་སྐོར་དུ་སྐྱོད་པའི་ཚོགས་པ། གསར་བརྗེའི་གསོ་སྦྱོང་ཞིབ་འཇུག་ཚོགས་པ་བཅས་ལ་བྱ་དགའི་མ་དངུལ་སྒོར་ཁྲི་100བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཀྱི་3Aརིམ་པ་དང་དེའི་ཡན་གྱི་གནས་སྐོར་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གནས་སྐོར་སྤྲོ་གསེང་ཁུལ།(སྤྲོ་གསེང་ཁྲོམ་ཁུལ།)ཞིང་ཆེན་རིམ་པའི་སྐར་མ་བཞི་ཡན་གྱི་གྲོང་གསེབ་ཀྱི་གནས་སྐོར་སྣེ་ལེན་ས་ཚིགས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྒེར་འཁོར་གནས་སྐོར་སྒར་ས། སྐར་མ་བཞི་ཡན་གྱི་གནས་སྐོར་གསོལ་མགྲོན་ཁང་། གསེར་ཏིང་དང་དངུལ་ཏིང་རིམ་པའི་རིག་གནས་བརྗོད་དོན་གཙོ་བོའི་ཟ་ཁང་། རྒྱལ་ཁབ་ཀྱི་ཀ་ཁ་ག་རིམ་པའི་གནས་སྐོར་མགྲོན་ཁང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་གནས་སྐོར་དཔེ་སྟོན་མཛེས་ལྗོངས་ཁུལ་བཅས་ལ་རིགས་སྣ་ལྟར་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་དངུལ་སྤྲོད་རྒྱུ། སྨྱན་སྦྱོར་ལས་སྒོ་གཉེར་མཁན་ཁྲོམ་རའི་བྱེད་པོའམ་ཡང་ན་མི་སྒེར་ལ་རང་རང་སོ་སོའི་སྨྱན་སྦྱོར་སྟེགས་བུའི་ཨང་རྟགས་སམ་ཡང་ན་བརྙན་ཐུང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེགས་བུའི་ཨང་རྟགས་བརྒྱུད་དེ་(ཞེན་མི་ཁྲི་5ཡན་ཡོད་དགོས)མཚོ་བྱང་ཁུལ་གྱི་རིག་གནས་གནས་སྐོར་ཐོན་ཁུངས་དྲིལ་བསྒྲགས་ཁྱབ་གདལ་བཏང་བ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་མངོན་གསལ་དོད་པའི་བརྩམས་ཆོས་ལ་ཨང་རྟགས་གཉེར་སྐྱོང་བྱེད་པོར་དེ་མཚུངས་ཀྱི་བྱ་དགའ་སྤྲོད་རྒྱུ། རིག་གནས་གནས་སྐོར་ཁེ་ལས་ཀྱིས་མཚོ་བྱང་ཁུལ་གྱི་གནས་སྐོར་མཛེས་ལྗོངས་ཁུལ་དུ་རིག་རྩལ་འཁྲབ་སྟོན་དང་གཟུགས་མེད་རིག་གནས་རྒྱུ་ནོམ་འགྲེམས་འཁྲབ་སོགས་བྱས་པར་འཁྲབ་སྟོན་གྱི་དུས་ཚོད་དང་། འཁྲབ་སྟོན་གྱི་ཐེངས་གྲངས། མི་གྲངས་བཅས་ལ་གཞིགས་ནས་བྱ་དགའ་སྤྲོད་རྒྱུ་རེད།

  • གཟིགས་སྐྱོང་ལྔ།
          གཅིག ཁུལ་ཐད་གཏོགས་ཀྱིས་མཚོ་བྱང་གི་ལྗོངས་ཁུལ་ལ་གནས་སྐོར་བྱེད་པའི་མཉམ་འབྲེལ་འཛིན་བྱང་(དུས་ཡུན་ལོ་གཅིག་ཡིན)དང་གཙོ་གནད་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་རིན་གོང་ཇེ་བདེར་གཏོང་བ་དང་ཡང་ན་མི་ལེན་པའི་གཟིགས་སྐྱོང་བྱེད་སྒོ་བཏོན་ཡོད།
        2024ལོའི་ཟླ་10ཚེས་1ཉིན་ནས་2025ལོའི་ཟླ་9ཚེས་30ཉིན་བར་མཚོ་བྱང་གི་མཛེས་ལྗོངས་ཁུལ་ལ་སྐོར་བའི་རིན་གོང་སྒོར་260ཡི་མཉམ་འབྲེལ་འཛིན་བྱང་(མ་གོང་སྒོར་540ཡིན།)སྤྲད་དེ་མཚོ་བྱང་གི་གནས་སྐོར་གནས་མཆོག་སོ་སོར་གནས་སྐོར་བྱས་ཆོག་སྟེ། འཇུ་ལག་གི་མདུན་རི་དང་ཀྱུ་ཡངས་ལུང་པ། ལེ་དབར་བརྒྱའི་ལོག་ཀར་མེ་ཏོག་གི་ལྗོངས་གཟིགས་སྟེགས་བུ། མདོ་ལའི་ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མའི་མཛེས་ལྗོངས་ཁུལ། རྐང་ཚའི་ཙོང་ཉའི་ཁྱིམ་གཞིས་དང་དགོ་དམར་ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེན་གཞི། མདའ་བཞིའི་གསེར་དངུལ་ཐང་--རྡུལ་ཕྲན་གྲོང་--སྨོན་ལམ་མཐོན་པོའི་མཛེས་ལྗོངས་ཁུལ་བཅས་ཚུད་ཡོད་པ་དང་། གནས་སྐོར་བས་འཛིན་བྱང་གཅིག་གིས་མཚོ་བྱང་གི་མཛེས་ལྗོངས་མི་འདྲ་བརྒྱད་ལ་མྱོང་རོལ་བྱེད་ཐུབ། བྱེད་སྒོ་སྤེལ་རིང་། གནས་སྐོར་བ་ཚོར་དམིགས་ཏེ“འཛིན་བྱང་ལྟར་རིན་གོང་ཇེ་བདེར་བཏང་”སྟེ། གནས་སྐོར་བ་བཅུ་ཡན་གྱིས་མཉམ་དུ་གནས་སྐོར་བྱེད་པར་འཇུ་ལག་གི་མདུན་རི་དང་རྐང་ཚའི་དགོ་དམར་ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་གསོའི་རྟེན་གཞི། མདའ་བཞི་གསེར་དངུལ་ཐང་--སྨོན་ལམ་མཐོན་པོ་མཛེས་ལྗོངས་ཁུལ་གྱི་ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་བཅས་ལ་ཆེད་ལས་འགྲེལ་བཤད་པས་འགྲེལ་བཤད་ཀྱི་ཞབས་ཞུ་ཐེངས་རེ་བྱེད་པ་དང་། གནས་སྐོར་བས་མཛེས་ལྗོངས་ཁུལ་གྱི་མཉམ་འབྲེལ་འཛིན་བྱང་ཉོས་ཡོད་པར་རིན་མེད་ངང་མེ་ལྷ་གངས་དཀར་དང་ཁེ་རམ་ཐང་མཛེས་ལྗོངས་ཁུལ་དུ་བསྐྱོད་ཆོག་པ་དང་འབྲེལ་ལྟ་སྐོར་རླངས་འཁོར་གྱི་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག(མི་རེར་སྒོར་20)

    5cfdd08aa305c7146e0a82fafeb7d30.jpg

    2c4f16caabad0ff0df23378c59d6072.jpg

    གཉིས། འཇུ་ལག་གིས་དགུན་དུས་གནས་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུའི་ཐོག་འཛད་སྤྱོད་གཟིགས་སྐྱོང་འཛིན་བྱང་སྤྲོད་པའི་གཟིགས་སྐྱོང་བྱེད་སྒོ་བཏོན་ཡོད།

    སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང(ཀླུ་ལུང་རི་བོ་དང་། ཆུ་དཀར་ལུང་བ། དགོན་ལུང་།)དང་། གངས་ལུང་བྲག་ཕུག གསེར་ཆེན་ལ་ལྗོངས་གཟིགས་ས་ཚིགས། ཧན་ཐའེ་ཡུལ་དམག་བརྒྱ་ཤོག་གི་ལོ་རྒྱུས་ཁང(2A)བཅས་རིན་མེད་ངང་སྒོ་མོ་འབྱེད་ཀྱིན་ཡོད།

953ed35531eded499a04d756ef45bd3.jpg

  གསུམ། མདོ་ལས“ལྷ་ཁམས་མདོ་ལའི་མཛེས་ལྗོངས་ཁུལ་གྱི་འཛིན་བྱང་གིས་ཉིན་གསུམ་ནང་ཅི་དགར་རོལ་མྱོང་བྱས་ཆོག་པ”དང“སྟོན་དུས་སུ་གནས་སྐོར་དུ་སྐྱོད་པར་དངུལ་ཁང་དང་སྲིད་གཞུང་གིས་ཁྱེད་ལ་གནམ་གྲུའི་འཛིན་བྱང་ཉོ་རོགས་བྱེད”ཅེས་པ། མཛེས་ལྗོངས་ཁུལ་ཁག་ཅིག་གི་འཛིན་བྱང་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་ཞག་སྡོད་རིན་གོང་ཕྱེད་ཀ་ཕབ་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད།
    ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་དུ་(5A)2024ལོའི་ཟླ་10ཚེས་10ཉིན་ནས་ཟླ་11ཚེས་1ཉིན་བར་འཛིན་བྱང་ཆ་ཚང་སྒོར་60.00ཡིན་པ་དང་རླངས་འཁོར་གྱི་འཛིན་བྱང་མི་དགོས་པ་མ་ཟད། འགན་མེད་གྲོས་མཐུན་བཞག་རྗེས་རང་གིས་རླངས་འཁོར་བཏང་ནས་གནས་སྐོར་དུ་བསྐྱོད་ཆོག 2024ལོའི་ཟླ་11ཚེས་1ཉིན་ནས་2025ལོའི་ཟླ་5ཚེས་1ཉིན་བར་འཛིན་བྱང་རིན་གོང་ཕྱེད་ཀ་ཕབ་ནས་སྒོར་30.00ཡི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་དང་། རླངས་འཁོར་གྱི་འཛིན་བྱང་མི་དགོས་ལ། འགན་མེད་གྲོས་ཡིག་བཞག་ནས་སྒེར་འཁོར་བཏང་ཏེ་གནས་སྐོར་དུ་བསྐྱོད་ཆོག   
    བཙུན་མོ་དམར་ཡག་མ་མཛེས་ལྗོངས་ཁུལ་དུ(4A)ཟླ་10ཚེས་10ཉིན་ནས་2025ལོའི་ཟླ་4ཚེས་10ཉིན་བར་མཛེས་ལྗོངས་ཁུལ་གྱི་འཛིན་བྱང་རིན་གོང་ཕྱེད་ཀ་ཕབ་ནས་མི་རེར་སྒོར་30ཡིན་པ་དང་། བར་སྐྱེལ་རླངས་འཁོར་ལ་རིན་མི་དགོས་པ་དང་སྒེར་འཁོར་བཏང་ནས་སྟེགས་བུ་གཉིས་པར་སྐྱོད་ཆོག
    མདོ་ལའི་གངས་ལྗོངས་ཆུ་ཁོལ་སྤྲོ་གསེང་ཁུལ་དུ་(2A)2024ལོའི་ཟླ་10ཚེས་20ནས་2025ལོའི་ཟླ་4ཚེས་20ཉིན་བར་འཛིན་བྱང་རིན་གོང་སྔོན་གྱི་སྒོར་90ནས་སྒོར་38.00བར་ཕབ་ཡོད།
    བློན་པོ་བྱ་རྒོད་མཛེས་ལྗོངས་ཁུལ་དུ་2024ལོའི་ཟླ་10ཚེས་10ཉིན་ནས་2025ལོའི་ཟླ་4ཚེས་10ཉིན་བར་འཛིན་བྱང་རིན་གོང་མི་རེར་སྒོར་70ཡིན་པ་དང་། རླངས་འཁོར་ལ་འཛིན་བྱང་མི་དགོས་ལ། འགན་མེད་གྲོས་ཡིག་བཞག་ནས་སྒེར་འཁོར་བཏང་སྟེ་གནས་སྐོར་དུ་བསྐྱོད་ཆོག་པ་རེད།

e879d458851f342ccc123cefa8ec31a.jpg

བཞི། རྐང་ཚས་འབྲེལ་ཡོད་མཛེས་ལྗོངས་ཁུལ་གྱི་འཛིན་བྱང་རིན་གོང་ཕབ་པའི་གཟིགས་སྐྱོང་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་གཟིགས་སྐྱོང་བྱེད་སྒོ་བཏོན་ཡོད།
    ཙོང་ཉའི་ཁྱིམ་གཞིས་མཛེས་ལྗོངས་ཁུལ་དུ་(4A)2024ལོའི་ཟླ་11ཚེས་1ཉིན་ནས་2025ལོའི་ཟླ་3ཚེས་31ཉིན་བར་མཛེས་ལྗོངས་ཁུལ་གྱི་འཛིན་བྱང་ཉོ་མི་དགོས་པ་དང་བར་སྐྱེལ་རླངས་འཁོར་མེད་ལ། འཛད་སྤྱོད་རྣམ་གྲངས་ཐེངས་གཉིས་པར་རྒྱུན་གཏན་ངང་རིན་བསྡུ་རྒྱུ་རེད།     
    ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་2024ལོའི་ཟླ་11ཚེས་1ཉིན་ནས་2025ལོའི་ཟླ་3ཚེས་31ཉིན་བར་ལྟ་སྐོར་རླངས་འཁོར་གྱི་འཛིན་བྱང་སྲིད་ཇུས་ནི། 1.སློབ་མ་དང་། ལོ་60(ཚུད་པ)ཡན་གྱི་རྒན་རྒོན་གྱིས་གོ་ཆོད་ལག་ཁྱེར་ལ་བརྟེན་ནས་ལྟ་སྐོར་རླངས་འཁོར་གྱི་འཛིན་བྱང་རིན་གོང་ཕྱེད་ཀ་འབེབས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། 2. སྨི་1.2མན་གྱི་བྱིས་པར་ལྟ་སྐོར་འཛིན་བྱང་ཉོ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག 3.དངོས་ཞབས་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིས་ལྟ་སྐོར་རླངས་འཁོར་གྱི་འཛིན་བྱང་ཉོ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག 4.ཉེན་རྟོག་པ་དང་།  སྨན་པ། མེ་ཟོན་ལས་དོན་པ་བཅས་ཀྱིས་ལྟ་སྐོར་འཛིན་བྱང་ཉོ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག། 5.ཧྲན་ཏུང་ནས་ཡིན་པའི་གནས་སྐོར་བས་ལྗོངས་གཟིགས་རླངས་འཁོར་འཛིན་བྱང་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག
དགོ་དམར་ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་2024ལོའི་ཟླ་11ཚེས་1ཉིན་ནས་2025ལོའི་ཟླ་3ཚེས་31ཉིན་བར་རྟེན་གཞིའི་འཛིན་བྱང་ཉོ་མི་དགོས་ལ། ལྟ་སྐོར་རླངས་འཁོར་ཚོང་གཉེར་བྱེད་མཚམས་བཞག་ཡོད།    
    ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན(2A)གྱི་མཛེས་ལྗོངས་ཁུལ་ལ་དུས་ཡུན་རིང་པོའི་ནང་རིན་མེད་རེད།
    ནུབ་རིའི་གནའ་ཤུལ་སྤྱི་གླིང(2A)གི་མཛེས་ལྗོངས་ཁུལ་ལ་དུས་ཡུན་རིང་པོའི་ནང་རིན་མེད་རེད།

47ced843faabfaf2ee1f5ba0b9e29eb.jpg

ལྔ། མདའ་བཞིས་གནས་སྐོར་མཛེས་ལྗོངས་ཁུལ་ཁག་ཅིག་ལ་འཛིན་བྱང་ཉོ་མི་དགོས་པ་དང་། མཛེས་ལྗོངས་ཁུལ་ཁག་ཅིག་གི་འཛིན་བྱང་རིན་གོང་ཕྱེད་ཀ་མ་གཏོགས་མི་ལེན་པ། སྐར་མ་རིམ་པའི་མགྲོན་ཁང་དང་། མདའ་བཞིའི་ཆུ་ཁོལ་མགྲོན་ཁང་།  མདའ་བཞི་རྒྱལ་སྤྱིའི་མགྲོན་ཁང་བཅས་ལ་རིན་གོང་འབེབས་པའི་གཟིགས་སྐྱོང་བཏོན་ཡོད།
མདའ་བཞིའི་ཆུ་ཁོལ་མཛེས་ལྗོངས་ཁུལ་དུ་(2A)2024ལོའི་ཟླ་10ཚེས་16ཉིན་ནས་2025ལོའི་ཟླ་10ཚེས་16ཉིན་བར་བྲག་ཐོ་དམར་ལྡིང་རིན་མེད་ངང་རླངས་འཁོར་བཞག་ཆོག་པ་དང་། མགྲོན་ཁང་དུ་དུས་ཚོད་༢༤དྲོད་རླངས་མཁོ་འདོན་བྱེད་ཅིང་། ཆུ་ཁོལ་ལ་བསྡད་ན་རིན་མེད་དུ་ཁྲུས་རས་མཁོ་སྤྲོད་བྱེད་བཞིན་ཡོད།      
    གསེར་དངུལ་ཐང་རྡུལ་ཕྲན་གྲོང་མཛེས་ལྗོངས་ཁུལ་དུ་(4A)2024ལོའི་ཟླ་10ཚེས་15ཉིན་ནས་2025ལོའི་ཟླ་4ཚེས་15ཉིན་བར་རིན་གོང་འཛིན་བྱང་རིན་གོང་ཕྱེད་ཀ་ལས་སྤྲོད་མི་དགོས།     
    སྨོན་ལམ་མཐོན་པོ་རུ་(2A)2024ལོའི་ཟླ་10ཚེས་15ཉིན་ནས་2025ལོའི་ཟླ་6ཚེས་20ཉིན་བར་སྒར་འདེབས་རྟེན་གཞིའི་སྒུལ་ཤུགས་མེད་པའི་རོལ་རྩེད་སྒྲིག་ཆས་རིན་མེད་ངང་རྩེད་ཆོག་པ་དང་། གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་འགྲེམས་ཁང་དུ་ལྟ་སྐོར་དང་འགྲེལ་བཤད་རིན་མེད་ཡིན་ལ། རླངས་འཁོར་རིན་མེད་ངང་བཞག་ཆོག་པ་དང་ཚོགས་པའི་བྱེད་སྒོ་སྤེལ་ཡུལ་དུ་རིན་གོང་ཕབ་ཆ་ལྔ་གཅོག་པ།  KTVརིན་མེད་ངང་མཁོ་སྤྲོད་བྱེད་པ། མཚོ་བྱང་རང་ས་གནས་ཀྱི་འགྲུལ་པར་ཁང་གླ་ཕབ་ཆ་ལྔ་གཅོག་པ། འཚིག་ཇ་དང་འོ་ཇ། ཇ་ནག དཔེ་ཁང་སོགས་རིན་མེད་ཡིན་པ། གློག་བརྙན་རིན་མེད་ངང་ལྟ་བ། འབྲོག་རའི་སྲོག་ཆགས་ཆུང་གྲས་ལ་རིན་མེད་ངང་ལྟ་བ། བསྲེགས་ཟས་མཁོ་ཆས་དང་རྐུབ་སྟེགས། གུར་དང་ཕྱི་རོལ་གྱི་ཉི་གདུགས་རིན་མེད་ངང་སྤྲོད་པ། དགུན་དུས་ཀྱི་མཁའ་དབྱིངས་སྡོད་ཁང་དུ་མཁའ་རླུང་སྙོམས་ཆས་དང་གློག་གི་དྲོད་ཆས། ས་འོག་དྲོད་ཆས། གློག་གདན་སོགས་རིན་མེད་ངང་མཁོ་འདོན་བྱེད་པ་བཅས་གཟིགས་སྐྱོང་མང་པོ་ཡོད།

30b9ef51fff6961d278a5534c9cd00c.jpg

  • རིན་མེད་བཅུ།
    གཅིག དངོས་མང་བཤམས་སྟོན་ཁང་དང་འགྲེམས་སྟོན་ཁང་རིན་མེད་ཡིན་པ།    
    གཉིས། རླངས་འཁོར་འཇོག་ས་རིན་མེད་ཡིན་པ།     
    གསུམ། གཟུགས་མེད་རིག་གནས་རྒྱུ་ནོམ་གྱི་འགྲེམས་སྟོན་དང་འགྲེམས་འཁྲབ་ལ་རིན་མེད་ངང་བལྟས་ཆོག་པ།
    བཞི། ལོ་གསར་བསུ་བ་དང་། དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ། རྒྱ་ལོའི་བཅོ་ལྔའི་དུས་ཆེན་ལ་རོལ་བ་སོགས་ཀྱི་རིག་རྩལ་འཁྲབ་སྟོན་ལ་རིན་མེད་ངང་བལྟས་ཆོག་པ།     
    ལྔ། རྟ་རྒྱུག་དང་། གཟེབ་གྲུག  UFC   འཇུ་རེས་སོགས་འགྲན་སྡུར་བྱེད་སྒོར་རིན་མེད་ངང་བལྟས་ཆོག་པ།     
    དྲུག གངས་འཁྱགས་བརྐོས་མའི་བཟོ་སྐྲུན་ཚོགས་ལ་རིན་མེད་ངང་ལྟ་སྐོར་བྱེད་ཆོག་པ།     
    བདུན། གངས་འཁྱགས་རོལ་རྩེད་རྣམ་གྲངས་ཁག་ཅིག་རིན་མེད་ངང་ཉམས་ལེན་བྱེད་ཆོག་པ།
    བརྒྱད། ཁྱད་ལྡན་དཔལ་འབྱོར་སྲོག་ཆགས་ལ་རིན་མེད་ངང་ལྟ་སྐོར་བྱེད་ཆོག་པ།     
    དགུ། མཚོ་བྱང་ས་ཁོངས་ཀྱི་Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ(མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དྲུག)ལ་རིན་མེད་ངང་ལྟ་སྐོར་བྱེད་ཆོག་པ།
    བཅུ། རིག་རྩལ་བྱེད་སྒོར་རིན་མེད་ངང་ཞུགས་ཆོག་པ། (རྐང་བགྲོད་དང་རི་འཛེག ཉི་ཤར་ལ་ལྟ་བ། པར་ལེན་འགྲན་སྡུར་སོགས།)


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་མཚོ་བྱང་ཁུལ་གྱི་བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུའི་ཐད་ཀྱི་ཐག་བཅད།
སྐབས་རྗེས་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་མཚོ་བྱང་ཁུལ་གྱི་བཟོ་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་འགན་སྲུང་རྐྱེན་སྲོལ་ དཔར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར།
མཉམ་སྤྱོད།