བོད་ཡིག    |    རྒྱ་ཡིག

​མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི་ལས་དོན་གཙོ་གནད》དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

2025-04-18 11:26:32   |   327

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


བྱང་སྲིད་གཞུང2024ཨང29པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོར།

《མཚོ་བྱང་ཁུལ་གྱི་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི་ལས་དོན་གཙོ་གནད》དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས54པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས།

2024ལོའི་ཟླ10པའི་ཚེས15ཉིན། 

ཡིག་ཆ་འདི་ཡོངས་བསྒྲགས་བྱས།


མཚོ་བྱང་ཁུལ་གྱི་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི་ལས་དོན་གཙོ་གནད།

ཐོན་ལས་གསུམ་པས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་པར་ནུས་པ་གལ་ཆེན་ཐོན་ཡོད། 《མཚོ་བྱང་ཁུལ་གྱི་ཐོན་ལས་གསུམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི2024ལོ་ནས2026ལོ་བར》ཡི་བཀོད་སྒྲིག་གཞིར་བཟུང་ནས་ལོ་འཁོར་གྱི་ལས་ཀའི་འགན་ཁུར་ཞིབ་ཚགས་ངང་དོན་འཁྱོལ་བྱས་ཏེ་ཐོན་ལས་གསུམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལས་ཀའི་གཙོ་གནད་འདི་བཟོས་པ་ཡིན།

དང་པོ། དམིགས་ཡུལ་གཙོ་བོ།

(གཅིག) འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། 2025 ལོར་སླེབས་སྐབས་མཚོ་བྱང་ཁུལ་གྱི་ཐོན་ལས་གསུམ་པའི་འཕར་ཐང་གི་འཕར་ཚད6%ཡན་ཟིན་རྒྱུ་བརྩོན་ལེན་བྱ་རྒྱུ་དང་། ཐོན་ལས་གསུམ་པའི་གཏན་འཇགས་རྒྱུ་ནོར་ལ་སྒོར་དུང་ཕྱུར33ལས་བརྒལ་བའི་མ་དངུལ་བཏང་ནས་འཕར་ཚད་དྲང་འཕར་ཡོང་བར་མངོན་འགྱུར་བྱུང་དགོས། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར་འཕར་ཚད་བརྒྱ་ཆ5ཡན་ཟིན་པ་དང་། ཁུལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད6%ཡན་ཟིན་པ། མཁར་གྲོང་གི་ལས་ཞུགས་མི་གྲངས2000ཡན་གསར་དུ་འཕར་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི5ཡན་ཟིན་པ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད3.55%ནང་ཚོད་འཛིན་ཐུབ་པ་བཅས་བྱེད་དགོས།

(གཉིས) འཕར་སྒྲིག་དོ་དམ་གཅིག་གྱུར་དམ་འཛིན་བྱེད་དགོས། 2025ལོར་སླེབས་སྐབས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས8དོ་དམ་གཅིག་གྱུར་གྱི་ཆ་རྐྱེན་འཛོམས་ཐུབ་པ་བྱེད་དགོས།

(གསུམ) ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་དགོས། 2025 ལོར་སླེབས་སྐབས་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་རྣམ་པ་གསར་པ་བཅས་ཀྱི་ཁྱབ་ཁོངས་སུ་ཞབས་ཞུའི་ལས་རྣམ་གསར་པ་རྒྱ་ཆེར་གཏོང་བ་དང་། དམངས་ཕན་ཞབས་ཞུ་གསར་པ་དང་། དེང་རབས་སིལ་ཚོང་ཞབས་ཞུ། དེང་རབས་ཚོང་དོན་ཞབས་ཞུ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཞབས་ཞུ། གསར་གཏོད་ལས་གཏོད་ཞབས་ཞུ། ཞིབ་འཇུག་གསར་སྤེལ་ཞབས་ཞུ་ཐད་ཀྱི་ལས་རྣམ་རིགས10ཡན་གསར་སྣོན་བྱེད་ཐུབ་དགོས།

(བཞི) ཚོང་འགུག་མ་འདྲེན་རྒྱ་སྐྱེད་གཏོང་དགོས། 《མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་གྱི་བྱ་དགའ་སྤྲོད་ཐབས》དང་ཟུང་འབྲེལ་བྱས་ཏེ། ཐོན་ལས་གསུམ་པའི་འབྲེལ་ཐག་ཧྲིལ་པོར་ཚོང་འགུག་བྱས་ནས་ཚན་རྩལ་འདེགས་སྐྱོར་དང་། གྲངས་འཛིན་དཔལ་འབྱོར། དེང་རབས་ཟོག་འགྲུལ། རིག་གནས་སློབ་གསོ། ལྗང་མདོག་དངུལ་རྩ་སོགས་ཐོན་ལས་རྣམ་གྲངས་ཀྱི་ཚོང་འགུག་ཐད་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསུམ་པའི་ཚོང་འགུག་མ་འདྲེན་རྣམ་གྲངས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་གྱིས་སྤྱིའི་དམིགས་སར་འབྱོར་བའི་མ་དངུལ་བསྡུར་གྲངས་ཀྱི15%ཡན་ཟིན་པ་བྱེད་དགོས།

གཉིས་པ། ལས་འགན་གཙོ་བོ།

(གཅིག) འཚོ་བའི་ཞབས་ཞུའི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས།

རྫོང་སོ་སོའི་གནས་སྐོར་ཐོན་ཁུངས་དང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་གཞི་རྟེན་གང་ལེགས་སྤྱད་དེ་མི་མང་དགའ་མོས་བྱེད་ས་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་རིག་གནས་རོལ་རྩེད་བྱེད་སྒོ་སྣ་ཚོགས་འཆར་འགོད་བྱས་ནས་སྤེལ་བ་དང་། ལོ་འཁོར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་འཆར་གཞི་བཟོ་བ་དང་། ཚོང་དོན་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་ནུས་པ་འཕེལ་བ་བཅས་བྱས་ཏེ་སྐྱིད་སྣང་དོད་ལ་འཚམ་པའི་གསོན་ཤུགས་ལྡན་པའི་གྲོང་གསར་ཞིག་འཛུགས་སྐྲུན་བྱེད་དགོས།

( ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ།   )

 རྫོང་ཁག་གི་སྨན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས། བདེ་ཐང་དོ་དམ་ཞབས་ཞུ་གསར་པ་འཕེལ་རྒྱས་བཏང་ནས་གྲོང་མིའི་རང་གཤིས་ཅན་གྱི་སྨན་བཅོས་ཉམས་ལེན་མཐོ་རུ་གཏོང་དགོས། ( ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 དམངས་ལ་སྟབས་བདེ་དང་། ཞག་སྡོད་གསར་པ། བཟའ་བཏུང་གསར་པ། སིལ་ཚོང་གསར་པ་སོགས་ཚོང་ལས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། “མཚན་མོའི་དཔལ་འབྱོར་དང་། ཚོང་ཁང་ཆུང་ངུའི་དཔལ་འབྱོར། ཐད་གཏོང་དཔལ་འབྱོར། དྲ་ཐོག་དཔལ་འབྱོར”བཅས་ལ་ཧུར་བརྩོན་གྱིས་འཕེལ་རྒྱས་བཏང་ནས་ས་ཁོངས་ལ་ཤུགས་རྐྱེན་ལྡན་པའི་སྤུས་རྟགས་འཛད་སྤྱོད་གཅིག་སྡུད་ཁུལ་ཧུར་ཐག་གཏོད་དགོས།( ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ།   རྫོང་བཞིའི་མི་དམངས་སྲིད་གཞུང་།)

 འཇུ་ལག་དང་མདོ་ལའི་རྩེར་སོན་ཚོང་ཟོག་སྡོད་ཁང་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་སྣ་མང་ཅན་གྱི་སྡོད་ཁང་མཁོ་སྤྲོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཁང་རིན་བརྟན་པོ་དང་། བོགས་དངུལ་ཚོད་འཛིན། འདེགས་ཤིང་གཅོག་པ། ཉེན་ཁ་འགོག་པ། གྲུབ་ཆ་ལེགས་སྒྲིག སྔོན་དཔག་དམིགས་ཚད་བརྟན་པོ་ཡོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་ལྟོས་བཅས་དོ་སྙོམས་དང་། བདེ་བླག་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། ཁེ་ལས་ཀྱིས་ཚོང་སྡོད་ཉིས་ཆོད་གཞིས་ཁུལ་གསར་སྤེལ་བྱས་ནས་མ་དངུལ་གཏོང་བར་སྐུལ་མ་བཏང་སྟེ། འཇུ་ལག་རྫོང་ཧྲེང་ཏེ་ཡུས་ཧེང་ཧྲང་ཞི་དང་། ཞིའུ་ཧྲུའེ་སྐྱེད་ཚལ་ལྷོ་གླིང་གི་དུས་ཐེངས་གསུམ་པ། ལུང་ཐིང་ཧྭ་ཧྥུའུ་ཡི་དུས་ཐེངས་གཉིས་པ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བདེ་ཐང་རིམ་ལྡན་གྱི་སྡོད་ཁང་བོགས་གཏོང་ཞབས་ཞུ་འཕེལ་རྒྱས་དགོས་ཤིང་། གཞུང་གི་བོགས་གཏོང་ཁང་པ་གཉེར་སྐྱོང་དང་དོ་དམ་བྱེད་སྟངས་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྡོད་ཁང་བོགས་གཏོང་གི་ཚོང་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ( ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

(གཉིས) སྐྱེ་ཁམས་གནས་སྐོར་ཐོན་ལས་ལ་སྐུལ་འདེད་གཏོང་དགོས།

 མཚོ་སྔོན་ཞིང་ཆེན་གྱི“ལྟེ་གཅིག་གདུབ་གཅིག་རྒྱུད་མང”ཅན་གྱི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་བཀོད་པ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ། “ཐོན་ལས་གནས་སྐོར་ལ་དམིགས་ནས་ཆགས་པ་དང་། ཐོན་རྫས་གནས་སྐོར་དམིགས་ནས་ཐོན་སྐྱེད་བྱེད་པ། གྲུབ་ཆར་གནས་སྐོར་དམིགས་ནས་ལེགས་སྒྲིག་བྱེད་པ། དམངས་འཚོ་གནས་སྐོར་བརྟེན་ནས་དར་རྒྱས་གཏོང་བའི”གནས་སྐོར་འཕེལ་རྒྱས་མ་ལག་འཛུགས་པ་དང་། ས་བབ་ཀྱི་ལེགས་ཆ་སྤྱད་དེ་ཟི་ལིང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་ལྟེ་གནས་གྲོང་ཁྱེར་གྱི་ཁྱབ་འགྱེད་དང་བསྡུ་འགྲེམ་ཞབས་ཞུའི་ནུས་པར་བརྟེན་ནས་མཚོ་སྐོར་རྒྱལ་སྤྱིའི་རྩེ་གྲའི་སྐྱེ་ཁམས་གནས་སྐོར་ཁུལ་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་ཤུགས་བརྒྱབ་ཏེ“བྱང་དུ་མདོ་ལར་བསྐྱོད་པ”སོགས་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་ཁུལ་འཕེལ་རྒྱས་གཏོང་དགོས།

( ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།)

 གནས་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་དྲུག(རིག་གནས་གནས་སྐོར་རྣམ་གྲངས་ཐོན་ལས་སྐུལ་ཁྲིད་སྔོན་ལ་ལག་བསྟར་བྱེད་དགོས་པའི་འཐབ་ཇུས་དང་། ཁྱད་ལྡན་རིག་གནས་བྱེད་སྒོའི་སྣེ་ཁྲིད་འཐབ་ཇུས། རིག་གནས་ཐོན་རྫས་གསར་གཏོད་མཐོར་འདེགས་ཀྱི་འཐབ་ཇུས། གར་སྟེགས་སྒྱུ་རྩལ་ཟློས་གར་གྱི་སྣེ་ཁྲིད་འཐབ་ཇུས། རིག་གནས་གནས་སྐོར་གྱི་ཤེས་ལྡན་མི་སྣ་མཐོར་འདེགས་ཀྱི་འཐབ་ཇུས། གྲངས་འཛིན་རིག་གནས་གནས་སྐོར་འཛུགས་སྐྲུན་གྱི་འཐབ་ཇུས)ལག་བསྟར་གཏིང་ཟབ་བྱས་ནས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

( ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་དང་། ཁུལ་ཨུའི་རྩ་འཛུགས་པུ། ཁུལ་ཨུའི་དྲིལ་བསྒྲགས་པུ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ།)

 སྣེ་འདྲེན་མཛེས་ལྗོངས་ཁུལ་སྣེ་ཁྲིད་དུ་བྱེད་པ་དང་། རྐང་འཛིན་མཛེས་ལྗོངས་ཁུལ་ལ་བརྟེན་ནས་སྐྱེ་ཁམས་ཐོན་ཁུངས་དང་། གསར་བརྗེའི་ཐོན་ཁུངས། མི་རིགས་རིག་གནས་ཐོན་ཁུངས་བཅས་བསྡུ་སྒྲིལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱིས་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་མི་ཆོས་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་བར་ཁྱམས་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ཨ་མྱེས་སྟོང་སོ5Aརིམ་པའི་མཛེས་ལྗོངས་ཁུལ་རྒྱ་སྟོབས་ཆེ་རུ་གཏོང་བ། གསེར་དངུལ་ཐང—མ་རྡུལ་མཁར5Aརིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་དམ་འཛིན་བྱེད་པ། རྫོང་བཞིའི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་བྱས་ཏེ། ཡུལ་ལྗོངས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་བཏང་ནས་གནས་སྐོར་སྤུས་ལེགས་ཀྱི་ལམ་ཐིག་བསྐྲུན་དགོས། ས་ཁོངས་ཀྱི་ཁྱད་ཆོས་འབུར་ཐོན་ཡོང་བ་བྱས་ཏེ་ཞིབ་སློབ་གནས་སྐོར་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་བྱུང་དང་རིག་གནས་ཤུལ་བཞག་གི་ཐོན་ཁུངས། གསར་བརྗེའི་སློབ་གསོའི་ཐོན་ཁུངས། ཕྱོགས་བསྡུས་ལག་ལེན་རྟེན་གཞི་སོགས་ལ་བརྟེན་ནས་བདེ་འཇགས་འོས་འཚམ་གྱི་སློབ་གྲྭ་འབྲིང་ཆུང་གི་ཞིབ་སློབ་གནས་སྐོར་རྟེན་གཞི་ཁག་ཅིག་འདེམས་སྒྲུག་བྱས་ནས་འཛུགས་སྐྲུན་བྱེད་དགོས།

( ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་དང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་མི་ཆོས་ལས་དོན་ཨུ་ལྷན། ཁུལ་སློབ་གསོ་ཅུ།)

 མཚོ་བྱང་ཁུལ་གྱི་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས“གནས་སྐོར+ལུས་རྩལ”གྱི་ཕྱི་རོལ་ལུས་རྩལ་བྱེད་སྟངས་ལ་འཕེལ་རྒྱས་གཏོང་དགོས་པ་དང་། ཕྱི་རོལ་གྱི་སྤྲོ་གསེང་ལུས་རྩལ་གཙོ་བོར་བྱེད་པ་དང་། “འགྲན་བསྡུར་ཆེན་པོ་བཞི”(རྟ་རྒྱུག་དང་། རྐང་ཐང་། མདའ་འཕེན། ལྕགས་རྟ)ཡི་བྱེད་སྒོ་འདེགས་སྐྱོར་དུ་བྱས་ཏེ་ལུས་རྩལ་ལུས་སྦྱོང་དང་། ལུས་རྩལ་འགྲན་བསྡུར། ལུས་རྩལ་གསོ་སྦྱོང་། ལུས་རྩལ་གནས་སྐོར་སོགས་ཀྱི་འཛད་སྤྱོད་བར་མཐོངས་རྒྱ་ཆེར་གཏོང་དགོས། མཐོ་སྒང་གི་ཕྱི་རོལ་འགྲན་བསྡུར་ཧུར་ཐག་གིས་གསར་སྤེལ་བྱས་ནས་འགྲན་བསྡུར་གཉེར་སྐྱོང་སྤྱི་ཚོགས་ཅན་དང་ཁྲོམ་ར་ཅན་དུ་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས།

( ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།)

གནས་སྐོར་ཤར་གཏོང་ནུས་པ་ཤུགས་ཆེན་བཏང་ནས་ཁུལ་ཡོངས་ཀྱི་གནས་སྐོར་མཛེས་ལྗོངས་ཁུལ “ཕྲེང་བར་བརྒྱུས་ནས་ཡུག་ལ་སྦྲེལ་པ”དང་། ཞབས་ཞུའི་རྒྱུད་སྦྲེལ་མཐུད། གནས་སྐོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ལས་དོན་མངོན་གསལ་དོད་པོས་ཡག་པོ་བསྒྲུབ་དགོས། གནས་སྐོར་ས་ཚིགས་དང་། སྒེར་འཁོར་གནས་སྐོར་སྒར་ས། རྩྭ་ཐང་གི་ལྗང་མདོག་ལམ་བུ། ལྕགས་རྟ་གནས་སྐོར་བར་ཁྱམས། ལུས་སྦྱོང་རྐང་ལམ་བཅས་ཁག་གཅིག་ཞིབ་ཚགས་ངང་འཛུགས་སྐྲུན་བྱེད་དགོས། ཁུལ་ཡོངས་ཀྱི་གནས་སྐོར་བསྡུ་འགྲེམ་ལྟེ་གནས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གཙོ་གནད་མཛེས་ལྗོངས་ཁུལ་གྱི་གནས་སྐོར་ཞབས་ཞུ་ལྟེ་གནས་སྒྱུར་བཀོད་རིམ་སྤོར་བྱས་ནས་གནས་སྐོར་བློ་འདྲིའི་ཞབས་ཞུའི་ས་ཚིགས་ཁག་གཅིག་འཛུགས་དགོས། གནས་སྐོར་གྱི་གཙོ་གནད་ལྷུ་ཚིགས་སུ་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ། མཚོ་སྔོན་པོ་དང་ཐག་ཉེ་ཤོས་ཀྱི་ནུབ་མཚོ་གྲོང་རྡལ་དང་འོམ་ཆུ་གྲོང་རྡལ་དེ་མཚོ་སྐོར་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་རྟེན་གཞི་དང་གནས་སྐོར་བ་བསྡུ་འགྲེམ་ལྟེ་གནས་སུ་བསྐྲུན་དགོས། བཀོད་སྒྲིག་ལུགས་མཐུན་དང་ཁ་ཕྱོགས་གསལ་བའི་གནས་སྐོར་མཚོན་རྟགས་མ་ལག་བསྐྲུན་ནས་ས་ཁོངས་ཡོངས་ཀྱི“དཀའ་ངལ་གསུམ་དང་ཤར་གཏོང་མི་ཐུབ་པ་གཅིག”གི་གནད་དོན་ཐག་གཅོད་བྱེད་དགོས། སྐར་མ་རིམ་པའི་གནས་སྐོར་མགྲོན་ཁང་དང་། རིག་གནས་བརྗོད་དོན་གཙོ་བོའི་གནས་སྐོར་གསོལ་མགྲོན་ཁང་རེ་ཞུ་ཧུར་ཐག་བྱས་ནས་ཚོང་དོན་མུ་འབྲེལ་མགྲོན་ཁང་དང་། སྒེར་འཁོར་སྒར་ས། ཁྱིམ་ཚང་མགྲོན་ཁང་། རོང་འབྲོག་སྤྲོ་སྐྱིད་ཁང་སོགས་སྣ་མང་ཅན་གྱི་ཞག་སྡོད་སྣེ་ལེན་སྒྲིག་བཀོད་ཁག་ཅིག་སྐྱེད་སྲིང་བྱེད་དགོས། 2025ལོར་སླེབས་སྐབས་གནས་སྐོར་གྱི་སྤྱིའི་ཡོང་འབབ་འཕར་ཚད20%ཡན་ཟིན་པར་བརྩོན་ལེན་བྱེད་དགོས།

( ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་དང་། ཁུལ་ནགས་ལས་དང་རྩྭ་ཐང་ཅུ། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་སྤྱི་བདེ་ཅུ།)

(གསུམ) ཚན་རྩལ་གྱིས་ཐོན་ལས་ལ་འདེགས་སྐྱོར་བྱེད་པར་གསར་གཏོད་ངང་འཕེལ་རྒྱས་གཏོང་དགོས།

ཕྱུགས་རིགས་གསོ་སྤེལ་དང་ས་བོན་སྐྱེད་སྲིང་སོགས་ལག་རྩལ་ཞིབ་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གསར་གཏོད་སྲིད་ཇུས་ཁེ་ལས་སུ་དོན་འཁྱོལ་ཧུར་ཐག་བྱས་ནས་ཁེ་ལས་ཀྱི་ཞིབ་སྤེལ་འགྲོ་གྲོན་དང་མཚོ་བྱང་ཁུལ་གྱི་ནོར་སྲིད་བྱ་དགའ། དེ་བཞིན་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུའི་སྲིད་ཇུས་དོན་འཁྱོལ་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་ཁེ་ལས་ཀྱི་གསར་གཏོད་ཧུར་སེམས་སྐུལ་སློང་གང་ཐུབ་བྱེད་དགོས། 

( ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 “གསར་གཏོད་འགག་སྒྲོལ་གྱི་ལས་གཞི་བརྒྱ་”ལག་བསྟར་གཏིང་ཟབ་དང་། “གསར་གཏོད་གཉིས”ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ལག་རྩལ་བསྒྱུར་བཀོད་དང་། ལག་རྩལ་གསར་གཏོད། ལག་རྩལ་འགག་སྒྲོལ་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ལག་རྩལ་གསར་གཏོད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དེང་རབས་ཞིང་ཕྱུགས་ལས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་མགྱོགས་སུ་གཏོང་བ་དང་། “བྱང་སྔོ”རིགས་ཀྱི་ནས་ཀྱི་སྣ་ཁ་དང་། “བྱང་སྣུམ”རིགས་ཀྱི་ལོག་དཀར་གྱི་སོན་རིགས། བོད་ལུག་ལོ་གཉིས་ལ་མངལ་ཐེངས་གསུམ་དང་། མངལ་མང་བ། འབྲི་གཡག་ལོ་རེར་ཐེངས་རེ་རྒྱུད་སྤེལ་བཅས་ལ་མུ་མཐུད་དུ་སྟོབས་ཆེར་བཏང་སྟེ“རྫོང་རེར་ཀ་རྟེན་རེ་དང་། གྲོང་རྡལ་རེར་ཁྱད་ཆོས་རེ། གླིང་གཅིག་ཐོན་ལས་གཅིག”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་སྤྱོད་དགོས།

( ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

(བཞི) གྲངས་འཛིན་དཔལ་འབྱོར་ཐོན་ལས་སྐུལ་འདེད་མགྱོགས་སུ་གཏོང་དགོས།

 སྣེ་འདྲེན་ཁེ་ལས་ཀྱིས་ཐོན་སྐྱེད་བརྒྱུད་རིམ་རིག་ནུས་ཅན་གྱི་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། “དྲ་སྦྲེལ+” བཟོ་སྐྲུན་བྱེད་སྟངས་གསར་པ་ཁྱབ་གདལ་གཏོང་བ། སྲོལ་རྒྱུན་ཐོན་ལས་རིག་ནུས་ཅན་གྱི་ཐོན་སྐྱེད་དང་། དྲ་རྒྱ་ཅན་གྱི་མཐུན་སྦྱོར། རང་གཤིས་ཅན་གྱི་གཏན་འཁེལ་དང་ཞབས་ཞུ་སྣུར་སྲིང་བཅས་ལ་སྐུལ་འདེད་གཏོང་བ། མི་དང་། འཕྲུལ་ཆས། དངོས་པོ་བཅས་ཕྱོགས་ཡོངས་ནས་ཕན་ཚུན་སྦྲེལ་མཐུད་བྱེད་པའི་གསར་དར་ལས་རྣམ་གསར་པ་གསོ་སྐྱོང་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གྲངས་འཛིན་ཅན་དུ་མགྱོགས་མྱུར་ངང་བསྒྱུར་ནས་གྲངས་འཛིན་ཞིང་ཕྱུགས་ལས་ཀྱི་ཚོད་ལྟའི་འཛུགས་སྐྲུན་ལག་བསྟར་བྱེད་དགོས། ཁུལ་གྱི་འབྲེལ་ཐག་དེ་ཚོང་དོན་དངུལ་རྩ་དང་། དམངས་འཚོའི་ཞབས་ཞུ། རིག་ནུས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་བཀོལ་སྤྱོད་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས་སྲིད་གཞུང་དང་ཁེ་ལས། ཞབས་ཞུའི་སྤྱི་ཚོགས། ནུས་ཆེའི་འཁོར་སྐྱོད། བདེ་འཇགས་བརྟན་པོ་བཅས་ཀྱི་ས་ཁོངས་གྲངས་འཛིན་དཔལ་འབྱོར་མ་ལག་ཆགས་པར་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་རིམ་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་དགོས། 2025ལོར་སླེབས་སྐབས་གྲངས་འཛིན་ཞིང་ཕྱུགས་ལས་ཀྱི་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་ཉུང་མཐར་ཡང1ལག་བསྟར་བྱེད་དགོས།

( ཁུལ་གྲངས་གཞི་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 རིག་ནུས་གྲོང་ཁྱེར་དང་གེགས་སེལ་གྲ་སྒྲིག་གི་གྲངས་གཞི་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམིགས་ནས་གྲངས་འཛིན་ལག་རྩལ་དེ་ཞིང་ཕྱུགས་ལས་དང་། བཟོ་ལས། གནས་སྐོར། འགྲིམ་འགྲུལ། གནམ་གཤིས། ཨར་ལས་སོགས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲང་དྲོད་གྲངས་གཞི་གསོག་འཇོག་བྱེད་པར་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་དགོས། ནུབ་མཚོ་གྲོང་རྡལ་ལྟེ་བར་བྱེད་པའི“གྲངས་འཛིན་མཚོ་བྱང”གི་ཆ་འཕྲིན་ལས་གྲྭ་བསྐྲུན་ནས་རྫོང་བཞིའི་གྲངས་འཛིན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་དང་། རང་བྱུང་གནོད་འཚེ། དོན་རྐྱེན་བྱུར་གོད། སྤྱི་ཚོགས་བདེ་འཇགས་སོགས་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་འཕྲད་དུས་གྲངས་འཛིན་ལག་རྩལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉེན་བརྡ་གཏོང་བ་དང་འཕྲལ་བསྟུན་ཐག་གཅོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།

( ཁུལ་གྲངས་གཞི་ཅུ་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་འགྲིམ་འགྲུལ་ཅུ། ཁུལ་གནམ་གཤིས་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་དཔེ་སྟོན་ཁུལ་ཡི་གྲུབ་འབྲས་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས། དྲ་ཐོག་ཚོང་དོན་གྱི་སྣེ་འདྲེན་ཁེ་ལས་ལ་བརྟེན་ནས་གྲངས་འཛིན་དཔལ་འབྱོར་གྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་གཙོ་གནད་ཐོག་སྐྱེད་སྲིང་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁག་གཅིག་བཏོད་དེ་གསར་གཏོད་དཔེ་སྟོན་གྱི་མཐོ་ས་ཁག་གཅིག་ཆགས་པར་བྱེད་དགོས། 5Gལ་བརྟེན་པའི་བེད་སྤྱོད་རྣམ་པ་དང་ཐོན་ལས་སྐྱེ་ཁམས་བསྐྲུན་ནས་རིག་ལྡན་ནུས་ཁུངས་དང་རིག་ལྡན་ཟོག་འགྲུལ་བཅས་ཀྱི་ཁྱབ་ཁོངས་སུ་ཚོད་ལྟའི་དཔེ་སྟོན་སྤེལ་དགོས། ( ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་གྲངས་གཞི་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

(ལྔ) དེང་རབས་ཀྱི་ཟོག་འགྲུལ་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས།

 ཞིང་ཆེན་རིམ་པའི་ས་ཁོངས་ཟོག་འགྲུལ་ལྟེ་གནས་ཀྱི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ། མཚོ་བྱང་ཁུལ་དེ་ཐོན་སྐྱེད་ཞབས་ཞུ་ཅན་གྱི་ས་ཁོངས་ཟོག་འགྲུལ་ལྟེ་གནས་ཀྱི་ཐེག་ནུས་གྲོང་ཁྱེར་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། འཇུ་ལག་རྫོང་དེ་ཞིང་ཆེན་ཡོངས་ཀྱིས་མཐའ་འཁོར་ཞིང་ཆེན་དང་ས་ཁོངས་མཉམ་ལས་དང་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་སྒོ་མོ་གསར་པ་ཞིག་ཏུ་བསྐྲུན་པ་དང་། མདའ་བཞི་མེ་འཁོར་ས་ཚུགས་ཀྱི་ཟོག་འགྲུལ་ལྟེ་གནས་རྒྱས་སྐྲུན་བྱས་ཏེ། ས་ཁོངས་རང་བཞིན་གྱི་ཟོག་འགྲུལ་བདེ་ཚིགས་དང་དངོས་ཟོག་སྐྱེལ་འདྲེན་བསྡུ་འགྲེམ་བྱ་ཡུལ་ཆགས་ནས་བར་ཐག་རིང་འབྲིང་དང་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་ལྕགས་ལམ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།( ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་སྦྲག་སྲིད་དོ་དམ་ཅུ། ཁུལ་འགྲིམ་འགྲུལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 ཞིང་ལས་ཐོན་རྫས་མཛོད་ཉར་སོས་སྲུང་འཁྱག་སྦྲེལ་ཟོག་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་། ཞིང་ཁའི་མཛོད་ཉར་སོས་སྲུང་འཁྱག་སྦྲེལ་སྒྲིག་བཀོད་ཆུང་གྲས་དང་། ཐོན་ཡུལ་གྱི་དྲོད་དམའ་ཐད་འཚོང་ལྟེ་གནས། རྒྱལ་ཁབ་ཀྱི་རྐང་འཛིན་འཁྱགས་སྦྲེལ་ཟོག་འགྲུལ་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྔོ་ཚལ་ཉོ་ཚོང་སྡེབ་སྐྱེལ་ལྟེ་གནས་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ཕྱུགས་ཐོན་རྫས་འཁྱག་སྦྲེལ་ཟོག་འགྲུལ་སྡེབ་སྐྱེལ་མ་ལག་རྣམ་གྲངས་ཁག་གཅིག་རྒྱུན་མཐུད་ངང་བསྐྲུན་པ་དང་། ནོར་ལུག་གི་ཤ་འཁེངས་འཇུག་ལས་སྣོན་དང་། འཁེངས་འཇུག་ཉར་ཚགས། སྐྱེལ་འདྲེན། སྡེབ་སྐྱེལ་དང་ཆེད་ཚོང་ཁང་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་འཁྱག་སྦྲེལ་ཟོག་འགྲུལ་སྡེབ་སྐྱེལ་མ་ལག་མགྱོགས་མྱུར་ངང་གྲུབ་སྟེ། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་བགྲོད་ལམ་ཤར་གཏོང་བྱས་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

( ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་སྦྲག་སྲིད་དོ་དམ་ཅུ། ཁུལ་འགྲིམ་འགྲུལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

དངོས་ཟོག་སྐྱེལ་འདྲེན་དང་སྡེབ་སྐྱེལ་རིག་ནུས་ཅན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ་དང་། ཟོག་འགྲུལ་འབོག་འཇུག་དང་། གསོག་ཉར། ཐུམ་སྒྲིལ། བདེ་འཇགས་ལག་རྩལ་བཅས་ཞིབ་སྤེལ་དང་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་པ། ཤུར་རྟགས་དང་བརྙན་ལམ་རང་འགུལ་ངོས་འཛིན་དང་། རང་འགུལ་དབྱེ་འབྱེད། རང་འགུལ་གསོག་ཉར། རང་འགུལ་ཕྱོགས་སྟོན། རང་འགུལ་རྗེས་འདེད་མ་ལག་སོགས་རང་འགུལ་ཅན་གྱི་ལག་རྩལ་དང་ཆ་འགྲིག་ཐོན་རྫས་ཀྱི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཟོག་འགྲུལ་ཐོན་ཁུངས་ཚད་ལྡན་དང་སྡེབ་སྒྲིག་བྱས་ཏེ། “དྲ་སྦྲེལ་+དངོས་ཟོག་སྐྱེལ་འདྲེན+ལས་སྟེགས” བཅས་ཀྱི་དཔེ་དབྱིབས་བཏོད་དེ། ཟོག་འགྲུལ་གནས་མང་པོར་མཉམ་འབྲེལ་སྐྱེལ་འདྲེན་ཐུབ་པར་མངོན་འགྱུར་བྱེད་དགོས།

( ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་སྦྲག་སྲིད་དོ་དམ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་འགྲིམ་འགྲུལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 “སྦྲག་སྲིད་གྲོང་གསེབ་ཏུ་ཡོད་པའི”ལས་གྲྭར་སྐུལ་འདེད་བཏང་ནས“མྱུར་སྐྱེལ་གྲོང་གསེབ་ཏུ་སྐྱོད་པའི”ལས་གྲྭར་རིམ་སྤོར་བྱས་ཏེ། མྱུར་སྐྱེལ་ཁེ་ལས་ཀྱིས་མཁར་གྲོང་གི་མཐའ་སྣེར་མྱུར་སྐྱེལ་ས་ཚིགས་དང་། གྲོང་གསེབ་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་རིམ་པའི་དྲ་ཐོག་ཚོང་དོན་མྱུར་སྐྱེལ་ཟོག་འགྲུལ་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། སྦྲག་སྲིད་ཁེ་ལས་ཀྱིས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་སྐྱེ་ཁམས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་བཏང་ནས“སྡེ་བའི་སྦྲག་སྲིད་ས་ཚིགས+མྱུར་སྐྱེལ་ཚོང་པ+དྲ་ཐོག་ཚོང་དོན་ཞབས་ཞུ+དམངས་ཕན་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་རྣམ་པ་ཁྱབ་གདལ་གཏོང་དགོས། ( ཁུལ་སྦྲག་སྲིད་དོ་དམ་ཅུ་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་འགྲིམ་འགྲུལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 ཕྱོགས་བསྡུས་ཟོག་འགྲུལ་མ་ལག་བསྐྲུན་པའི་རྨང་གཞིའི་ཐོག་ཟོག་འགྲུལ་ཞབས་ཞུ་དང་། མཁོ་སྤྲོད་སྦྲེལ་ཐག ཐོན་ལས་སྦྲེལ་ཐག    རིན་ཐང་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས་ཚོང་ཟོག་ཆེ་གྲས་ཐོན་སྐྱེད་དང་། ཟོག་འགྲུལ། ཉོ་ཚོང་སོགས་ཀྱི་ལྷུ་ཚིགས་དག་གཞི་གཅིག་ཅན་དུ་མཉམ་འདྲེས་བྱེད་དགོས་ཤིང་། ཟོག་འདྲེན་ཞབས་ཞུའི་ལས་ཚབ་ཁེ་ལས་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཁའ་འགྲུལ་སྤྱི་གཉེར་དང་། གཙོ་གནད་ཐོན་སྐྱེད་ཁེ་ལས། ཐོན་རྫས་བརྒྱུད་ཚོང་པ། ཕྱིར་ཚོང་ལྟེ་གནས་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་དྲ་རྒྱ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་ཁྱབ་པར་བྱས་ནས་བཟོ་སྐྲུན་རྣམ་པའི་ཁེ་ལས་ལ་མཛོད་ཉར་མེད་པ་དང་མཉེན་གཤིས་ཐོན་སྐྱེད་ཞབས་ཞུ་མཁོ་འདོན་བྱེད་དགོས། ( ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་སྦྲག་སྲིད་ཅུ། ཁུལ་འགྲིམ་འགྲུལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

(དྲུག) རིག་གནས་སློབ་གསོའི་ཐོན་ལས་དར་སྤེལ་དང་སྤུས་ལེགས་སུ་གཏོང་དགོས།

 སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་སྔར་བས་གཅིག་གྱུར་འཆར་འགོད་དང་ལེགས་སྒྱུར་བྱས་ཏེ། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་དང་། རིགས་ཁག་གི་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཧེ་བག་ཆུང་དུ་གཏོང་བ། རྫོང་ཁོངས་ཀྱི་བཀོད་པའི་གྲུབ་ཆ་ལེགས་སུ་གཏོང་བ། གཞི་ཁྱོན་ཆུང་བ་དང་ཕན་འབྲས་ཆུང་བའི་སློབ་ཁྲིད་ས་ཚིགས་གོ་རིམ་ལྡན་པའི་ངང་མེད་པ་བཟོ་བ་དང་ཟླ་སྒྲིལ་གཏོང་བ། “རིགས་གཉིས”ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་བསྐྱར་སྐྲུན་རྒྱས་སྐྲུན་སོགས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་གཞི་གཅིག་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཁུལ་ཡོངས་སུ་གྲུབ་ཆ་ལུགས་མཐུན་དང་། བསྡུར་ཚད་མཐུན་སྦྱོར། གཞི་ཁྱོན་འོས་འཚམ་བཅས་ཀྱི་སློབ་གྲྭའི་བཀོད་པ་ཡོངས་སུ་ཆགས་དགོས།

( ཁུལ་སློབ་གསོ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 ཁུལ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པ། ཁུལ་ཕྱི་ནང་གི་ཏང་ཡོན་ལས་བྱེད་པ་དང་དགེ་སློབ་རང་ཁུལ་དུ་ཞིབ་སློབ་ཀྱི་ལག་ལེན་བྱེད་སྒོ་སྤེལ་བར་གདན་དྲངས་ནས“མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས། “མདེལ་གཉིས་དང་སྐར་གཅིག”གི་ལས་བྱེད་པའི་སློབ་གླིང་དང་། མཚོ་བྱང་ཁུལ་མ་རྡུལ་མཁར་གསོ་སྦྱོང་རྟེན་གཞི་ཚད་ཡོད་སྤྱི་གཉེར་མཉམ་འབྲེལ་ཐོག་ནང་དོན་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་ལྡན་པའི་ཞིབ་སློབ་ཀྱི་སློབ་ཚན་མ་ལག་ཁག་གཅིག་གསར་སྤེལ་བྱས་ཏེ་ཁུལ་ཡོངས་དང་ཞིང་ཆེན་ཡོངས། རྒྱལ་ཡོངས་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་། དགེ་སློབ་བཅས་ལ་ཞིབ་སློབ་ཀྱི་ལག་ལེན་ཡག་པོ་ཞབས་འདེགས་ཞུ་དགོས། དེ་དང་ཆབས་ཅིག་ཞིང་ཆེན་རིམ་པའི་ཞིབ་སློབ་ལག་ལེན་རྟེན་གཞི་གསར་འཛུགས་སྙན་ཞུའི་རྨང་གཞིའི་ཐོག་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་ཞིབ་སློབ་ལག་ལེན་རྟེན་གཞི་ཧུར་ཐག་གིས་སྐྲུན་ནས་མཚོ་བྱང་གི་གསར་བརྗེའི་ཞིབ་སློབ་ཀྱི་སྤུས་རྟགས་སྙན་གྲགས་རྒྱས་པར་འཇུག་དགོས།

( ཁུལ་སློབ་གསོ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་སྤྱི་འདོམས་འཆར་འགོད་བྱེད་པ་དང་། ཁུལ་ཡོངས་ཀྱི་ལས་རིགས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ལེགས་ཆ་ལྡན་པའི་ཆེད་ལས་རྨང་གཞིར་བྱེད་པ། ཆེད་དོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གཉེར་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་སློབ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། གསོ་སྦྱོང་ཟུང་འབྲེལ། སྣ་མང་འཐུས་ཚང་བཅས་ཀྱི་སློབ་གཉེར་རྣམ་པ་རིམ་བཞིན་ཆགས་ཏེ་འབྲིང་རིམ་དང་མཐོ་རིམ་ལས་རིགས་གཅིག་གྱུར་གསོ་སྐྱོང་བྱེད་པར་མངོན་འགྱུར་བྱུང་དགོས། “ལས་རིགས་དང་སྤྱིར་བཏང་མཉམ་འདྲེས་འཛིན་གྲྭ”འཚོལ་ཞིབ་བྱས་ནས་འཛུགས་སྐྲུན་བྱེད་པ་དང་། ལས་རིགས་དང་སྤྱིར་བཏང་མཉམ་འདྲེས་ཀྱི་ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་སློབ་ཚན་མ་ལག་འཛུགས་དགོས། 

( ཁུལ་སློབ་གསོ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཚོ་བྱང་ཁུལ་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་རྐང་ཚ་རྫོང་གི་སྐྱེ་ཁམས་ཕྱོགས་བསྡུས་ཐོན་ལས་རྣམ་གྲངས་དང་། དཀོན་ལོ་ཚང་གོང་མ་སྡེ་བའི་སྡེ་མིའི་ཕྱོགས་བསྡུས་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས། ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་གྱི་གནས་སྐོར་རྨང་གཞིའི་སྒྲིག་བཀོད། མདོ་ལའི་ལ་བཙས་སྒང་གནས་སྐོར་ཁུལ་གྱི་དུས་ཐེངས་དང་པོའི་རྨང་གཞིའི་སྒྲིག་བཀོད། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་མཚོ་ཤར་སྡེ་བའི་གྲོང་གསེབ་དར་རྒྱས་གནས་སྐོར་དཔེ་སྟོན། མདའ་བཞི་རྫོང་གི་ས་ཁོངས་ཧྲིལ་པོའི་གནས་སྐོར་བསྡུ་འགྲེམ་ཞབས་ཞུའི་ཁུལ། འཇུ་ལག་གངས་རིའི་སྐྱེ་ཁམས་ཕྱུགས་ར་འཛུགས་སྐྲུན་རྣམ་གྲངས། མདོ་ལ་རྫོང་གི་ལུས་རྩལ་ལས་ཤག་འཛུགས་སྐྲུན་རྣམ་གྲངས། མདོ་ལ་རྫོང་གི་མཁར་དམར་གནའ་གྲོང་གནས་སྐོར་ཉམས་ལེན་ས་ཚིགས་ཀྱི་དུས་རིམ་གཉིས་པའི་འཛུགས་སྐྲུན་རྣམ་གྲངས། མ་རྡུལ་མཁར་གསར་བརྗེ་གནས་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེ་ཞིབ་སློབ་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས། ཝ་མགྱོགས་ཡུལ་ཚོ་མདའ་བཞི་སྡེ་བའི་ཆུ་ཁོལ་མཐོར་འདེགས་སྒྱུར་བཀོད་འཛུགས་སྐྲུན་རྣམ་གྲངས། རང་འདེམས་དཔེ་དེབ་ཆུང་གྲས་ཡན་ལག་ཁང(གྲོང་ཁྱེར་དཔེ་ཁང)འཛུགས་སྐྲུན། རླུང་འཕྲིན་བརྙན་འཕྲིན་སྒྲིག་ཆས་ཉོ་སྒྲུབ་རྣམ་གྲངས། ཟློས་གར་གྲོང་གསེབ་ཏུ་འཁྲབ་པ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རིག་རྩལ་རྟ་དམག་དང་སྤྱི་པའི་རིག་གནས་སྤྲིན་ཚོགས་སོགས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས།

( ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 སྨྱན་སྦྱོར་ཡོངས་ཀྱི་ཁྱབ་སྤེལ་ལས་གྲྭ་ལག་བསྟར་བྱས་ཏེ། ཚད་གཞི་གཅིག་གྱུར་དང་། ཕན་ཚུན་སྦྲེལ་མཐུད། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་པའི་རིག་གནས་གྲངས་འཛིན་ཞབས་ཞུའི་དྲ་རྒྱ་འཛུགས་པ་དང་། ཁུལ་རིམ་པའི་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྫོང་རིམ་པའི་སྨྱན་སྦྱོར་ལྟེ་གནས་སྟོབས་ལྡན་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས། འཕྲལ་བསྟུན་རླུང་འཕྲིན་མ་ལག་འཛུགས་སྐྱོང་འཐུས་ཚང་དུ་བཏང་ནས་གློ་བུར་དུ་བྱུང་བའི་འཕྲལ་བསྟུན་དོན་རྐྱེན་ལ་འཕྲལ་བསྟུན་རླུང་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་དགོས། རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་གྱི་ནང་དོན་སྒྲིག་གཏོང་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་དྭངས་གསལ་ཅན་དུ་འགྱུར་བ་བྱས་ཏེ། དྭངས་གསལ་ལེ་ཚན་དེ་བརྙན་འཕྲིན་གྱི་གཙོ་རྒྱུན་དཔེ་དབྱིབས་སུ་འགྱུར་བར་བྱེད་དགོས། རིག་གནས་དམངས་ཕན་རྣམ་གྲངས་ཀྱིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ནང་དོན་རྒྱ་སྐྱེད་གཏོང་བ་དང་། སྣ་མང་ཅན་གྱི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་སྒྲིག་བཟོ་དང་གཏོང་སྤེལ་བྱེད་དགོས།

( ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

(བདུན) ལྗང་མདོག་དངུལ་རྩའི་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས།

 དངུལ་ཁང་འབྲིང་ཆུང་གི་བཅོས་བསྒྱུར་རྒྱུན་མཐུད་ངང་ཟབ་སྤེལ་དང་། “དངུལ་རྩ་ཁུལ་ལ་འདྲེན་པའི”ལས་གཞི་ལག་བསྟར་བྱེད་པ། ཀྲའོ་ཧྲང་དང་། ཀོང་ཏ། ཀྲུང་ཞིན། ཕིན་ཨན། པེ་ཅིན་སོགས་དངུལ་ཁང་ནང་འདྲེན་བྱས་ནས་མཚོ་བྱང་ཁུལ་དུ་ཡན་ལག་ལས་ཁུངས་འཛུགས་པ་དང་། ཞིང་ཚོང་དངུལ་ཁང་སོགས་རང་ཚུགས་ཁྲིམས་མིའི་དངུལ་ཁང་ནང་འདྲེན་བྱེད་པ། དངུལ་འཛིན་དང་། འགན་བཅོལ། ཡིད་རྟོན་མངག་བཅོལ་གྱི་མ་དངུལ་འཇོག་པ། ཐེབས་རྩ་དོ་དམ། ཉེན་ཁུར་མ་དངུལ་འཇོག་པའི་སྤྱི་གཉེར་གྱི་ས་ཁོངས་རང་བཞིན་གྱི་སྤྱི་ཁྱབ་པུ་སོགས་དངུལ་ཁང་མིན་པའི་དངུལ་རྩའི་ལས་ཁུངས་བསྡུ་རུབ་བྱེད་དགོས། ( ཁུལ་ནོར་སྲིད་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། བཟོ་ལས་ཀྱི་བཀོད་པ་ལེགས་སུ་གཏོང་དགོས། ལྗང་མདོག་ཡིད་རྟོན་དངུལ་བུན་དང་། བུན་འཛིན། རྐང་འཛིན། ཐེབས་རྩ། འགན་བཅོལ་སོགས་ལྗང་མདོག་དངུལ་རྩའི་ཐོན་རྫས་སྟབས་བསྟུན་གྱིས་སྤྱད་དེ་སྤྱི་ཚོགས་ཀྱི་མ་རྩ་ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། རིག་ནུས་སྒྲིག་ཆས། གྲངས་འཛིན་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་གཏོང་དུ་འཇུག་དགོས། ཐཱན་རྩིས་ཁོངས་ཚོད་ལྟ་ལས་དོན་ཧུར་ཐག་བསྒྲུབས་ནས་བཟོ་ལས་ཁེ་ལས་ལ་ལག་རྩལ་བསྒྱུར་བཀོད་བྱེད་རོགས་བྱེད་དགོས། ( ཁུལ་ནོར་སྲིད་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 “ལྗང་མདོག་ནུས་ཁུངས་དང་། ལྗང་མདོག་ཨར་སྐྲུན། ལྗང་མདོག་འགྲིམ་འགྲུལ། ནུས་ཁུངས་གཙང་མ། ལྗང་མདོག་ཟོག་འགྲུལ”བཅས་ཁྱབ་ཁོངས་ཆེན་པོ་ལྔའི་གཙོ་གནད་དཔེ་སྟོན་རྣམ་གྲངས་དང་གཙོ་གནད་གསོག་འཇོག་རྣམ་གྲངས་གདམ་གསེས་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་དང་གནས་གཅིག་ཁྱོན་འཁྲིད་ཀྱི་བྱེད་ཐབས་སྤྱད་དེ་ལྗང་མདོག་དངུལ་རྩ་ཡིས་རྒྱབ་སྐྱོར་བྱེད་དགོས། ལྗང་མདོག་དངུལ་རྩའི་བུན་འཛིན་དང་ལྗང་མདོག་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་མཚོ་བྱང་ཁུལ་གྱི་བཙོག་ཆུ་གཙང་སེལ་དང་། གད་སྙིགས་གཙང་སེལ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་། སྐྱེ་ཁམས་བཅོས་སྐྱོང་སླར་གསོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལྗང་མདོག་རྣམ་གྲངས་ལ་ཞབས་ཞུ་དང་རྒྱབ་སྐྱོར་བྱེད་དགོས།

( ཁུལ་ནོར་སྲིད་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 སྲིད་གཞུང་གིས་ཐེབས་རྩ་ལ་ཁྲིད་སྟོན་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། འཇའ་ཤིང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་སྔར་ལས་མང་བར་སྐུལ་འདེད་བཏང་ནས་ཐོན་ལས་ཐེབས་རྩའི་གཞི་ཁྱོན་ཆེ་རུ་གཏོང་དགོས། “ཐཱན་རྩེར་སོན་དང་། ཐཱན་གྱི་བཏང་སྙོམས”“སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར”སོགས་ལ་གཙོ་གནད་ཐོག་དམིགས་ནས་ལྗང་མདོག་དངུལ་རྩ་གསར་གཏོད་བྱེད་དགོས། དངུལ་རྩས་གྲོང་གསེབ་དར་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་དགོས། བོད་ལུག་དང་། འབྲི་གཡག ལོག་དཀར། ནས། ཀྲུང་ལུགས་བོད་སྨན། ཧོ་ཡན་ཧྲན་སོགས་ཁྱད་ལྡན་ཐོན་ལས་དང་དེ་བཞིན་འདེབས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཚོ་སྔོན་གྱི་རྐང་དབང་མ་འཇོག་ཞབས་ཞུ་ལྟེ་གནས་ལ་བརྟེན་ནས་ཁྲོམ་ར་ཅན་གྱི་གདམ་གསེས་དང་ཁྲོམ་རར་འདོན་པའི་རྗེས་གྲབས་ཐོན་ཁུངས་སྐྱེད་སྲིང་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་ཁེ་ལས་ཁྲོམ་རར་འདོན་རྒྱུ་གཙོ་གནད་ཐོག་སྐྱེད་སྲིང་བྱེད་དགོས། ( ཁུལ་ནོར་སྲིད་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

(བརྒྱད) ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ནུས་རྒྱུ་གཙང་མ་བཅས་ཀྱི་ཐོན་ལས་འཐུས་ཚང་དུ་གཏོང་དགོས།

 ནུབ་མཚོ་གྲོང་རྡལ་དང་དེ་བཞིན་རྫོང་སོ་སོའི་རྫོང་མཁར་དང་ཐོན་ལས་གླིང་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིལ་རྡུལ་དང་། དྲི་ངན་དབྱང་རླུང་། VOCsསོགས་སྦགས་བཙོག་དངོས་པོ་མང་པོ་ཉུང་གཏོང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་བཏང་སྟེ། ལས་གྲྭ་དང་དོ་དམ་བྱེད་ཐབས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་གཙོ་གནད་ས་ཁོངས་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། སྦགས་བཙོག་འབྱུང་ཁུངས་གཙོ་བོའི་རང་འགུལ་ལྟ་སྐུལ་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཏན་འཇགས་ཀྱི་འབུད་གཏོང་འབྱུང་ཁུངས་ལ་ཁེ་ལས་ཀྱིས་དུ་རླངས་ཕྱིར་འབུད་ཀྱི་རང་འགུལ་ལྟ་སྐུལ་ཚོད་འཛིན་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པར་སྐུལ་འདེད་གཏོང་དགོས། ( ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

མཚོ་སྔོན་པོ་ཉེ་འཁོར་དང་། ནག་ཆུའི་འབབ་ཡུལ། ཙོང་ཆུའི་འབབ་ཡུལ་བཅས་ལ་བཅོས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། འཐུང་ཆུའི་ཆུ་མགོ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཆུའི་སྤུས་ཚད་བརྟན་པོའི་ངང་ཚད་གཞི་ལོན་པར་འགན་ལེན་བྱེད་དགོས། མཁར་གྲོང་གི་བཙོག་ཆུ་ཆ་འགྲིག་སྦུག་དྲ་འཛུགས་སྐྲུན་དང་། སྦུག་དྲ་རྙིང་པ། ཆར་ཆུ་དང་བཙོག་ཆུ་ཕྱོགས་བགོས་སྦུག་དྲ་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས་མཁར་གྲོང་གི་བཙོག་ཆུ་བསྡུ་རུབ་དང་གཙང་བཟོ་བྱེད་ནུས་ཆེ་རུ་གཏོང་དགོས། བཟོ་ལས་གླིང་ཁུལ་གྱི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སྒྱུར་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། ཕྱོགས་གསུམ་པས་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། མཁར་གྲོང་དུ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅོལ་གཉེར་ཞབས་ཞུ་སྤེལ་བར་བསྔགས་སྐུལ་བྱེད་པ། “སྦགས་བཙོག་བཟོ་མཁན་གྱིས་གྲོན་དངུལ་སྤྲོད་པ+ཕྱོགས་གསུམ་པས་བཅོས་སྐྱོང་བྱེད་པའི”ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

( ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་ཆུ་བེད་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

3.ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་དགོས། ས་རྒྱུའི་སྦགས་བཙོག་དོ་དམ་ཚོད་འཛིན་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་ཉམས་གསོའི་ཇུས་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པ། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ། འཇུ་ལག་རྫོང་གི་འབྲུ་རིགས་ཐོན་སྐྱེད་རྟེན་གཞིའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་དོད་པོ་བྱེད་པ། འབྲུ་མཐིལ་གྱི་སྙིགས་རོའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཆད་ལུས་པའི་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་པོའི་བྱང་ངོགས་དང་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས།

( ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ་དང་། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 མདའ་བཞི་རྫོང་གི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འཚོ་བའི་གད་སྙིགས་འབྱུང་རྩ་ནས་ཉུང་དུ་གཏོང་བ་དང་། རིགས་དབྱེ་གཙང་སེལ་བྱེད་པ། ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པ་བཅས་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལམ་ལུགས་འཛུགས་དགོས། ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཐག་གཅོད་ཀྱི་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ནས་མཐོ་སྒང་གི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བེད་སྤྱོད་དང་ཐག་གཅོད་ལག་རྩལ་འཚོལ་ཞིབ་བྱེད་དགོས་ཤིང་། ས་ཁོངས་ཡོངས་ཀྱི“འགྱིག་འགོག་བཀའ་རྒྱ”རྒྱུན་མཐུད་ངང་ཁྱབ་གདལ་གཏོང་དགོས། མཁར་གྲོང་གི་འཚོ་བའི་གད་སྙིགས་མེར་བསྲེག་གཏོང་བའི་སྒྲིག་བཀོད་ཆུང་གྲས་ཚོད་ལྟ་བྱེད་གནས་འཚོལ་ཞིབ་བྱས་ནས་ཡུལ་གྲོང་གི་གད་སྙིགས་གཙང་སེལ་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྫོང་མཁར་དང་གཙོ་གནད་ཡུལ་གྲོང་གི་གད་སྙིགས་རིགས་དབྱེ་དང་དྲོད་སེལ་གཙང་སེལ་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཙོང་ཆུའི་རྒྱུད་ཀྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཅིག་བསྡུས་གཙང་སྒྱུར་གྱི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། མཚོ་སྔོན་པོ་དང་མདོ་ལ་རིང་མོ་སོགས་ཀྱི་རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་ཁ་ཐོར་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་དགོས། ( ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་དང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་དང་གྲོང་ཁྱེར་ལྟ་སྐུལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

གྲོན་ཆུང་ཞིབ་བསྡུས་འཁོར་རྒྱུག་བེད་སྤྱོད་ཀྱི་ཐོན་ཁུངས་ལྟ་བ་འཛུགས་པ་དང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་ཧུར་ཐག་གཏོང་བ། མདའ་བཞི་རྫོང་གིས་ནུས་ཁུངས་གྲོན་ཆུང་གི་དཔེ་སྟོན་མཁར་གྲོང་བསྐྲུན་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་། ས་དཔྱད་ལུད་སྦྱོར། ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་དང་བརྒྱུད་རིམ་ཧྲིལ་པོའི་ལྗང་མདོག་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་བ། སོག་མ་ཕྱོགས་བསྡུས་བེད་སྤྱོད་དང་སྒོ་ཕྱུགས་ཁྱིམ་བྱ་གསོ་སྤེལ་གྱི་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་གྱི་ཉི་ནུས་དྲོད་ཁང་དང་། འབྱར་སྦྱར་དྲོད་སྲུང་གྱང་། གློག་དྲོད་ཐབ་སོགས་དྭངས་གཙང་དྲོད་ལེན་རྣམ་གྲངས་ལག་བསྟར་བྱས་ཏེ། མདའ་བཞི་རྫོང་དེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ནུས་ཁུངས་གཙང་མ་གསར་སྤེལ་བེད་སྤྱོད་དཔེ་སྟོན་རྫོང་དང་། འཇུ་ལག་རྫོང་དེ་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དྭངས་གཙང་དྲོད་རླངས་མཁོ་འདོན་དཔེ་སྟོན་རྫོང་དུ་སྐྲུན་དགོས། རླངས་སྣོན་ས་ཚིགས་དང་། གློག་གསོག་ཕུར། ལྗང་མདོག་མཛོད་ཉར་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ནུས་ཁུངས་གཙང་མའི་སྤྱི་སྤྱོད་རླངས་འཁོར་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས། ད་ཡོད་ཀྱི་འཛུགས་སྐྲུན་ལྗང་མདོག་ཅན་གྱི་སྒྱུར་བཀོད་བྱེད་པར་མགྱོགས་སུ་གཏོང་བ་དང་། ལྗང་མདོག་ཨར་ལས་རྒྱུ་ཆ་དང་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ཁྱབ་གདལ་གཏོང་དགོས། 

( ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ནགས་ལས་རྩྭ་ཐང་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

རྩྭ་ཐང་དང་། ནགས་ཚལ། འདམ་ར། ཐང་རྒོད་སོགས་ཀྱི་སྐྱེ་ཁམས་ཁ་གསབ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རེས་སྐོར་གསར་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བཅས་བྱས་ནས་རྩྭ་ཐང་དང་འདམ་ར་ཚང་མ་ཁ་གསབ་ཁྱབ་ཁོངས་ནང་འཇུག་པར་བརྩོན་ལེན་ཧུར་ཐག་བྱེད་དགོས། ཚད་གཞི་མཐོ་པོའི་ཐོག་ནས་མདོ་ལ་རྫོང་རྒྱལ་ཁབ་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང་གི་ལས་དོན་ཡག་པོ་བསྒྲུབས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་སྲུང་སྐྱོང་ཁུལ་དང་དེ་བཞིན་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནང་གི་ནགས་ཚལ་དང་རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་ཁ་གསབ་ཀྱི་ཚད་གཞི་ལོ་རེ་བཞིན་མཐོ་རུ་གཏོང་བ་དང་། ཁ་གསབ་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་འཚོལ་ཞིབ་བྱེད་དགོས།

( ཁུལ་ནགས་ལས་རྩྭ་ཐང་ཅུ་དང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 གཏེར་ལས་དབང་ཆ་ཕྱིར་འཐེན་བྱ་རྒྱུ་གཙོ་གནད་དུ་བྱེད་པའི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་གཏེར་ལས་དབང་ཆ་ཕྱིར་འཐེན་དང་ཁ་གསབ་ལས་དོན་ལ་སྐུལ་འདེད་གཏོང་དགོས། རྒྱུན་ལྡན་ཐོན་སྐྱེད་བྱེད་པའི་གཏེར་ཁུལ་དུ་གཏེར་ཁ་འཚོལ་ཞིབ་ཀྱི་སྐྱེ་ཁམས་སླར་གསོ་དང་། ས་འབུད་ར་བའི་སྐྱེ་ཁམས་སླར་གསོ། སྔོག་འདོན་ར་བའི་སྐྱེ་ཁམས་སྔོ་ཁེབས་སླར་གསོ་སོགས་ཀྱི་ལས་དོན་སྤེལ་དགོས། གཏེར་ཁུལ་ཆེད་སྤྱོད་གཞུང་ལམ་གྱི་གཞོགས་གཉིས་སུ་སྔོ་ཁེབས་དང་མཛེས་ལྗོངས་སླར་གསོ་བྱེད་དགོས། གཏེར་རིའི་བཟོ་ལས་ར་བའི་ནང་དུ་བེད་སྤྱོད་མི་བྱེད་པའི་བཟོ་ཁང་དང་། རྒྱུ་ཆ་སྤུངས་ས། བྱེ་མའི་སྒྲིག་བཀོད། གད་སྙིགས་རྫིང་བུ། གློག་སྐུད་དང་ལྕགས་མདོང་སོགས་ཀྱི་འཛུགས་སྐྲུན་དངོས་པོ་དང་རྨང་གཞིའི་སྒྲིག་བཀོད་ཚང་མ་བཤིག་དགོས་པ་མ་ཟད། མཛེས་ལྗོངས་དང་སྔོ་ཁེབས་སླར་གསོ་བྱེད་དགོས།

 ཁུལ་རང་བྱུང་ཐོན་ཁུངས་ཅུ་དང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་ཆུ་བེད་ཅུ། ཁུལ་ནགས་ལས་རྩྭ་ཐང་ཅུ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་འཕྲལ་སྡོམ་དོ་དམ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 མཚོ་སྐོར་ས་ཁུལ་དང་མདོ་ལ་རིང་མོའི་ས་ཁུལ་གྱི་སྐྱེ་ཁམས་བཀག་སྡོམ་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་སྐྱེ་ཁམས་འཛུགས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཆུ་ཁུངས་གསོ་འཁྱོངས་བྱེད་ནུས་ཆེ་རུ་གཏོང་དགོས། མཁར་གྲོང་དང་མཐའ་འཁོར་ས་ཁུལ་གྱི་ས་ཆུ་ཉིས་ཤོར་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབབ་རྒྱུད་ཆུང་བ་དང་དྭངས་གཙང་ཅན་གྱི་འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་ལོག་གི་གནོད་འཚེ་འགོག་བཅོས་བྱེད་པ་སོགས་ཀྱི་ཆུ་འགོག་ལྷུ་ཚིགས་ཞན་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལོག་གི་གནོད་འཚེ་ཞིབ་དཔྱད་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག མང་ཚོགས་ཀྱིས་ཚད་ལེན་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཆུ་ལོག་གི་ཡུར་བུ་གཙོ་བོར་ཆུ་ལོག་སྔོན་འགོག་བཅོས་སྐྱོང་བཅས་བྱེད་དགོས།

( ཁུལ་ཆུ་བེད་ཅུ་དང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་ནགས་ལས་རྩྭ་ཐང་ཅུ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་འཕྲལ་སྡོམ་དོ་དམ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 ས་གནས་ཀྱི་ཨར་ལས་ཁེ་ལས་ཀྱིས་སྐྱེད་ཚལ་ཨར་ལས་དང་། མཛེས་ལྗོངས་ཇུས་འགོད། སྡོང་ཕྲུག་འདེབས་འཛུགས་སོགས་བྱེད་པར་སྐུལ་ལྕག་བཏང་ནས་མཚོ་བྱང་གི་སྐྱེད་ཚལ་སྔོ་འགྱུར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས། གྲོང་ཁྱེར་གྱི་འགྲོ་ལམ་དང་བཟོ་གྲྭའི་ཁུལ་ལ་ཕྱོགས་ཡོངས་ནས་སྔོ་ལྗང་ཅན་དང་མཛེས་བཟོ་བྱས་པ་བརྒྱུད་དེ། མཚོ་བྱང་ཁུལ་གྱི་སྔོ་ལྗང་ཅན་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་ཁུལ་ཡོངས་ཀྱི་སྔོ་ལྗང་བཀོད་སྒྲིག་ལུགས་མཐུན་དང་རིམ་པ་གསལ་བའི་ལངས་གཟུགས་རྣམ་པའི་སྔོ་ལྗང་ཅན་གྱི་ཚད་གཞིར་སླེབས་དགོས་ཤིང་། སྔོ་ལྗང་ཅན་དང་། འགོག་སྲུང་། མཛེས་ལྗོངས་ནུས་པ་ཆ་ཚང་བ་བཅས་ཀྱི་སྐྱེད་ཚལ་སྐྱེ་ཁམས་བཟོ་ལས་ཀྱི་སྔོ་ལྗང་ཁུལ་ཞིག་ཧུར་ཐག་གིས་བསྐྲུན་དགོས། ( ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་ནགས་ལས་རྩྭ་ཐང་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

ད་ཡོད་ཀྱི་གཏེར་ཁུལ་ཇུས་འགོད་དང་འཛུགས་སྐྲུན་བྱེད་སྐབས་ལྗང་མདོག་གཏེར་རིའི་ཚད་གཞི་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། བསྐྲུན་ཟིན་པའི་གཏེར་ཁ་ལ་ལྗང་མདོག་གཏེར་རི་འཛུགས་སྐྲུན་འཆར་གཞི་བཟོ་དགོས། ལྗང་མདོག་གཏེར་རིར་ས་གཤིས་ཁོར་ཡུག་སྲུང་སྐྱོང་དང་ས་ཞིང་བསྐྱར་སྦོལ་ཇུས་གཞི་གཞིར་བཟུང་ནས་བཅོས་སྐྱོང་སླར་གསོ་བྱེད་དགོས། ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བའི་གདེང་འཇོག་ཡིག་ཆ་དང་མཆན་བཀོད་བཀའ་ལན་གྱི་བསམ་འཆར་ལ་བརྟེན་ནས་སྦགས་བཙོག་བཅོས་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས། གཏེར་རི་སྔོག་འདོན་དང་། གཏེར་ཁའི་ཐོན་རྫས་གསོག་འཇོག སྐྱེལ་འདྲེན་སོགས་ཀྱི་ལྷུ་ཚིགས་སུ་ཐལ་རྡུལ་འགོག་པའི་བྱེད་ཐབས་ནུས་ལྡན་སྤྱོད་དགོས། བཙོག་ཆུ་གཙང་སེལ་དང་ཕྱིར་འབུད། བཤུ་བའི་ས་དང་སྙིགས་རོ་སོགས་སྲ་གཟུགས་སྙིགས་རོ་ཐག་གཅོད་དེ་ཇུས་འགོད་དང་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།

( ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་ཆུ་བེད་ཅུ། ཁུལ་ནགས་ལས་རྩྭ་ཐང་ཅུ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་འཕྲལ་སྡོམ་དོ་དམ་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

(བཅུ) གཞི་རྩའི་འཛུགས་སྐྲུན་གྱི་ཐོན་ལས་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།

 མི་སྣ་འདུ་འཛོམས་ཆེ་བའི་ས་ཁོངས་དང་ལས་རིགས་ཀྱི་བཀོལ་སྤྱོད་རྣམ་པར་དམིགས་ནས་མཁར་གྲོང་དང་ཐོན་ལས་གླིང་ཁུལ་སོགས་ས་ཁོངས་ཀྱི5Gདྲ་རྒྱའི་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁུལ་དང་། མཛེས་ལྗོངས་ཁུལ། བཟོ་ལས་གླིང་ཁུལ། འགྲིམ་འགྲུལ་ལྟེ་གནས། འགྲན་ར་ཆེ་གྲས། སྨན་ཁང་། སློབ་གྲྭ་སོགས་ཀྱི5Gདྲ་རྒྱ་བཀོད་སྒྲིག་མགྱོགས་སུ་གཏོང་དགོས། “5G+”བཟོ་ལས་བཟོ་སྐྲུན་དང་། སྐྱེ་ཁམས་བཅོས་སྐྱོང་། དམངས་འཚོའི་ཞབས་ཞུ། གྲོང་ཁྱེར་བཅོས་སྐྱོང་། འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་གནས་སྐོར་སོགས་སུ་བཀོལ་སྤྱོད་གཏིང་ཟབ་གཏོང་བར་སྐུལ་འདེད་གཏོང་བ་དང་། རིག་ལྡན་བཟོ་བཀོད་དང་། བཟོ་ལས་དངོས་ཟོག་མཉམ་འབྲེལ། འགྲིམ་འགྲུལ་ཟོག་འགྲུལ་སོགས་བཀོལ་སྤྱོད་བྱ་ཡུལ་གྱི་རྣམ་པ་ཤེས་ཚོར་སྒྲིག་བཀོད་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། ( ཁུལ་གྲངས་གཞི་ཅུ་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་སློབ་གསོ་ཅུ། ཁུལ་འགྲིམ་འགྲུལ་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

 རབས་གསར་པའི་མིས་བཟོས་རིག་ནུས་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་སྟེགས་འཛུགས་སྐྲུན་འཆར་འགོད་བྱེད་པ་དང་། རིག་ནུས་གྲོང་ཁྱེར་དབར་གྱི་མྱུར་བགྲོད་ལྕགས་ལམ་དང་རིག་ནུས་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལྟེ་བར་བྱས་ཏེ། མཚོ་བྱང་རིག་ནུས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། རིག་ནུས་ཀྱི་མཐོ་གནོན་གློག་ཁང་དང་གློག་དྲ་ལྟེ་བར་བྱས་ཏེ། རིག་ནུས་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་ཡོ་བྱད་གཞོགས་འདེགས་ཀྱིས་མཚོ་བྱང་ཁུལ་གྱི་རིག་ནུས་ནུས་ཁུངས་རྨང་གཞིའི་སྒྲིག་བཀོད་བསྐྲུན་དགོས། ( ཁུལ་འགྲིམ་འགྲུལ་ཅུ། ཁུལ་འཕེལ་སྒྱུར་ཨུ་ལྷན།  རྫོང་བཞིའི་མི་དམངས་སྲིད་གཞུང་།)

གསུམ་པ། འགན་སྲུང་བྱ་ཐབས།

(གཅིག) རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ས་གནས་ཁག་དང་ལས་ཁུངས་ཁག་གིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་ནས་གཙོ་གནད་ཐོན་ལས་ཆེན་པོ་བཅུ་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ལས་ཁུངས་ཁག་གིས་ལས་ཀའི་དམིགས་ཚད་དང་འགན་འཁྲི་ཁག་བགོས་གཞིར་བཟུང་ནས་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི་སྒྲིག་འཛུགས་མགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས།

(གཉིས) སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།  ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་རྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ། དུས་ཚིགས་ལྟར་བཀོད་གཏོང་སྲིད་ཇུས་ལག་བསྟར་བྱས་ཚུལ་དང་ལྷག་པར་དུ་ནོར་སྲིད་དང་། ཁྲལ་བསྡུ། རྣམ་གྲངས། མ་དངུལ་སོགས་ཞབས་ཞུའི་ལས་རིགས་ཀྱི་ཚོང་རའི་བྱེད་པོའི་བདེ་རྩར་ཐུག་པའི་ཁེ་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྗེས་སྙེག་བྱེད་དགོས།

(གསུམ) དཔྱད་ཞིབ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།  ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་འཁོར་སྐྱོད་རྗེས་འདེད་ལམ་སྲོལ་དང་། དམིགས་འབེན་དཔྱད་ཞིབ་ལམ་སྲོལ་འཛུགས་ནས་འཐུས་ཚང་དུ་གཏོང་དགོས་ཤིང་། དུས་ཚིགས་རང་བཤེར་དང་། ལོ་ཕྱེད་བརྡ་ཁྱབ། ལོ་མཇུག་ཏུ་དཔྱད་དཔོག་བཅས་བྱེད་དགོས། ཞབས་ཞུའི་ལས་རིགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་འཇུག་དང་བརྡར་གཅོད་ཡག་པོ་བྱེད་དགོས་ལ། དུས་ཐོག་ཏུ་སྲིད་ཇུས་ཀྱི་གྲོས་མགོ་འདོན་པ། ཞབས་ཞུའི་ལས་རིགས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་གཅིག་བསྡུས་དཔེ་སྟོན་གྱི་ཕན་ནུས་ཆགས་པར་བྱེད་དགོས།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱིས་ཐོན་ལས་གསུམ་པ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི (2024-2026)》དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར།
སྐབས་རྗེས་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།
མཉམ་སྤྱོད།