དེ་རིང་ནི2025ལོའི་ཟླ06པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་ལས་བགོས་ཇུས་གཞི(2024—2026)》དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར

2025-05-12 16:29:48   |   584

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


བྱང་སྲིད་གཞུང2024ཨང52པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོར།

《མཚོ་བྱང་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་ལས་བགོས་ཇུས་གཞི(2024—2026)》ཁུལ་གྱི་རྒྱུན་ལས་གྲོས་ཚོགས་ཐེངས55པར་ཞིབ་འཇུག་གྲོས་འཆམ་བྱུང་བས་ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་ཡོད་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་ཏན་གནང་རོགས།     

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས། 

2024ལོའི་ཟླ10པའི་ཚེས29ཉིན། 

ཡིག་ཆ་འདི་ཡོངས་བསྒྲགས་བྱས།

མཚོ་བྱང་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་ལས་བགོས་ཇུས་གཞི།(2024--2026)

ཁུལ་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2024ལོ་ནས2026ལོ་བར)དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(མཚོ་སྲིད་གཞུང་ལས་ཁང2024ཨང21པ)ཡི་བླང་བྱ་གཞིར་བཟུང་རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཇུས་གཞི་འདི་བཟོས་པ་ཡིན།

དང་པོ། དམིགས་འབེན་བླང་བྱ། 

2026ལོའི་ལོ་མཇུག་ཏུ་རྫོང་ཚང་མར་མ་མཐའི་རྒན་གསོའི་སྒྲིག་གཞི་བསྐྲུན་ཚད100%ཟིན་པ། སྒྲིག་གཞིའི་བདག་སྐྱོང་རྣམ་པའི་ཉལ་ཁྲིའི་སྡུར་ཚད70% ཟིན་པ། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁེབས་ཚད80%དང་། ཡུལ་ཚོ་དང་གྲོང་རྡལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁེབས་ཚད50%ལ་སླེབས་པ། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ཁེབས་ཚད100%ལ་སླེབས་པ། གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ཞབས་ཞུ་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ས་ཚིགས་འཚོལ་ཞིབ་བྱས་ཏེ་ཁྱིམ་སྡོད་སྡེ་ཁུལ་སྒྲིག་གཞི་མཐུན་སྦྱོར་དང་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་བྱེད་པའི་ས་མཐོའི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་མ་ལག་གི་མཚོ་བྱང་དཔེ་མཚོན་ཁྱོན་ཡོངས་ནས་འཛུགས་དགོས། 

གཉིས་པ། བྱེད་ཐབས་གཙོ་བོ། 

(གཅིག) རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པར་བརྟེན་ནས་བསམ་བློའི་ངོས་འཛིན་ཇེ་དྲག་ཏུ་གཏོང་བའི་བྱ་སྤྱོད་སྤེལ་བ། 

མཚོ་བྱང་ལས་དོན་དང་རྒན་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་མཆན་འགོད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒན་གསོ་ཞབས་ཞུའི་ལས་དོན་ལ་ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་བླང་བྱར་བརྩིས་ཏེ། རྒན་གསོ་ཞབས་ཞུའི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་བརྟན་པོ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུ་དེ་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་དང་ལྟེ་བའི་ལས་འགན་དུ་བརྩི་རྒྱུ། “སྡེ་ཁུལ་གྱི་སེ་འབྲུའི་ཁྱིམ་གཞིས་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་རྒྱུ། (ཁུལ་དམངས་སྲིད་ཅུ་དང་།  ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(གཉིས) སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ།

 ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས། ས་ཁུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྔར་ཡོད་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་གྱིས་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་། ཡུལ་ཚོ་དང་གྲོང་རྡལ་རིམ་པའི་རྒན་གསོ་ཞབས་ཞུའི་བྱེད་སྒོ་ལྟེ་གནས། གྲོང་གསེབ་རོགས་རེས་བདེ་སྐྱིད་ཁང་སོགས་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་གཙོ་གནད་དུ་བཏོད་ནས། “སྐར་མ་བཅོ་ལྔའི་འཚོ་བའི་ཁུལ”འཛུགས་ཤུགས་ཆེ་རུ་གཏོང་དགོས། རྒན་གསོ་ཞབས་ཞུའི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་རྣམ་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་སྐྱིད་རྒྱན་ཤོག་སྤྱི་ཕན་མ་དངུལ55%ལས་མི་དམའ་བའི་མ་དངུལ་རྒན་གསོ་ཞབས་ཞུ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ། (ཁུལ་དམངས་སྲིད་ཅུ་དང་། ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། ཁུལ་ནོར་སྲིད་ཅུ། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།) 

རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁུལ་དབྱེ་རིམ་འཛུགས་སྐྲུན་དང“དུས་མཉམ་བཞིའི”བླང་བྱ་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། མི་རེའི་ཆ་སྙོམས་ས་ཆ་སྨི་ངོས་གྲུ0.1ལས་མི་ཉུང་བའི་ཚད་གཞི་གཞིར་བཟུང་སྟེ་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་འཆར་འགོད་དང་འཛུགས་དགོས། གཞི་ཁྱོན་ཅུང་འཐུས་ཚང་དང་མི་འབོར་ཅུང་མང་བའི་གསར་དུ་བཙུགས་པའི་གྲོང་ཁུལ་དང་སྡོད་ཁུལ་དུ་ཚད་གཞི་ལྟར་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ལེ་ལག་འཛུགས་དགོས། 2026ལོར་སླེབས་སྐབས་གསར་དུ་བསྐྲུན་པའི་གྲོང་ཁུལ་དང་སྡོད་ཁུལ་དུ་བསྐྲུན་པའི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཚད་གཞི་དང་མཐུན་ཚད100%ཟིན་རྒྱུ། (ཁུལ་རང་བྱུང་ཐོན་ཁུངས་ཅུ་དང་། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

རྒན་པའི་ཟ་མ་བཟོ་བའི་དགོས་མཁོ་དངོས་ལ་དམིགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་བཀོད་སྒྲིག་ལུགས་མཐུན་གྱི་རྒན་པར་ཟ་མ་བཟོ་རོགས་བྱེད་པའི་ཞབས་ཞུའི་དྲ་རྒྱ་ཧུར་ཐག་འཛུགས་དགོས། དེ་དང་ཆབས་ཅིག་ཁུལ་སྤྱི་ཚོགས་ཕན་བདེ་ཁང་དེ་མདའ་བཞི་རྫོང་གི་ས་ཁོངས་རྒན་གསོ་ཞབས་ཞུའི་ལྟེ་གནས་སུ་བསྒྱུར་ནས“ཟ་ཁང་དམར་པོ”བསྐྲུན་ཏེ་ནུབ་མཚོ་གྲོང་རྡལ་གྱི་སྡེ་ཁུལ་གྱི་རྒན་པ་ལ་ཟ་མའི་རོགས་རམ་ཞབས་ཞུ་བྱས་ཏེ་ཁུལ་ཡོངས་ཀྱི་ཟ་མའི་རོགས་རམ་ཞབས་ཞུའི“དཔེ་སྟོན་ས་ཚུགས”ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ། 2024ལོར་རྫོང་བཞིའི་ཆ་རྐྱེན་འཛོམས་པའི་གྲོང་ཚོའི(སྡེ་ཁུལ)ས་ཁོངས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱ་དགོས། 2025ལོར་གྲོང་ཚོའི(སྡེ་ཁུལ)རྒན་པའི་ཟ་མའི་རོགས་རམ་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་འཕར་ཚད་ལ་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་རྒྱུ། 2026ལོར་ཁུལ་ཡོངས་ཀྱི་ཡུལ་ཚོ(གྲོང་རྡལ)དང་གྲོང་ཚོའི(སྡེ་ཁུལ)རྒན་པའི་ཟ་མའི་རོགས་རམ་ཞབས་ཞུ་ས་ཁོངས་རང་བཞིན་གྱིས་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱ་རྒྱུ། (ཁུལ་དམངས་སྲིད་ཅུ་དང་། ཁུལ་ནོར་སྲིད་ཅུ། ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

 སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། རྒན་པའི་ནུས་པར་ཕྱོགས་བསྡུས་དཔྱད་དཔོག་ལག་བསྟར་བྱས་ཏེ། རིམ་པ་དང་རིགས་དབྱེ་ནས་ཟ་མའི་རོགས་རམ་དང་། སྨན་བཅོས་རོགས་སྐྱོར། གཙང་སྦྲའི་རོགས་རམ་སོགས་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ། དགོས་མཁོ་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པའི་ཁྱིམ་ཚང་ལ་རྒན་པ་དང་འཚམ་པའི་བསྒྱུར་བཀོད་བྱེད་པ་ལག་བསྟར་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་རྒན་པའི་ཁྱིམ་ཚང་ལ་བསྒྱུར་བཀོད་ཁ་གསབ་སྤྲོད་རྒྱུ། “བསྒྱུར་བཀོད་བྱེད་འདོད་ཡོད་ཚད་བསྒྱུར་བཀོད་”བྱས་ཏེ། ལོ་ལྟར་ཞིང་ཆེན་རིམ་པའི་མ་དངུལ་གྱིས་དུད་ཚང100བསྒྱུར་བཀོད་བྱེད་པར་བརྩོན་ལེན་ཧུར་ཐག་བྱ་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་ལ་སྐོར་སྐྱོད་འཚམས་འདྲི་དང་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་། ཁྱིམ་སྡོད་ཞབས་ཞུ་དང་ལེན་བྱེད་པོ་དང་གྲོང་ཚོའི(སྡེ་ཁུལ)དྲ་བའི་མི་སྣ་སོགས་ཀྱི་སྟོབས་ཤུགས་གང་ལེགས་སྤྱད་དེ་རྒྱུན་རྣམ་ཅན་གྱི་སྐོར་སྐྱོད་འཚམས་འདྲི་དང་གཅེས་སྐྱོང་ཞབས་ཞུ་སྤེལ་དགོས། 2026ལོར་སླེབས་སྐབས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་རེར་ཟླ་རེར་འཚམས་འདྲི་བྱེད་ཚད100%ཟིན་རྒྱུ། (ཁུལ་དམངས་སྲིད་ཅུ་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(གསུམ) རྒན་གསོའི་ལས་ཁུངས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ།

 གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ལྡབ1.5གཞིར་བཟུང་སྟེ་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོར་འགན་སྲུང་ཚད་གཞི་འགུལ་རྣམ་ལེགས་སྒྲིག་བྱེད་པ་དང་ཟླ་ལྟར་རོགས་སྐྱོར་དངུལ་སྤྲོད་རྒྱུ། ནུས་པ་རྦད་དེ་ཤོར་བ་དང་། ནུས་པ་ཕྱེད་ཀ་ཤོར་བའི་རྒན་པ་དམིགས་བསལ་དཀའ་ངལ་ཡོད་མཁན་རྣམས་རང་མོས་ངང་རྒན་གསོའི་སྒྲིག་གཞིར་སྡོད་པ་དང“སྡོད་དགོས་པ་ཚང་མ་སྡོད་པ”ལྟར་བྱ་རྒྱུ། ཁ་ཐོར་ངང་གསོ་སྐྱོང་བྱེད་ཀྱིན་ཡོད་མོད། འོན་ཀྱང་ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་བྱེད་ཀྱིན་མེད་ན། ཉེ་འགྲམ་གྱི་གཞུང་གཉེར་རྒན་གསོ་སྒྲིག་གཞིའི་ནང་དུ་བསྡུས་ཏེ་གཅིག་བསྡུས་ཀྱིས་གསོ་སྐྱོང་བྱེད་དགོས། གཞུང་གཉེར་རྒན་གསོ་སྒྲིག་གཞིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་གཅིག་སྡུད་གསོ་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤྱི་ཚོགས་ལ་སྒོ་འབྱེད་བྱས་ནས་དགོས་མཁོ་ཡོད་པའི་རྒན་པ་གཞན་དག་བསྡུ་ཉར་བྱེད་དགོས། ཞིང་ཆེན་རིམ་པའི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཉི་འོད་དྲོད་ཁང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ། དབྱང་བཟོ་ཆས་སོགས་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས། 2025ལོར་ས་བབ་མཐོ་བའི་ས་ཁུལ་གྱི་རྒན་གསོའི་ལས་ཁུངས་ཀྱི་དབྱང་མཁོ་སྤྲོད་སྒྲིག་ཆས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་དགོས། (ཁུལ་དམངས་སྲིད་ཅུ་དང་། ཁུལ་ནོར་སྲིད་ཅུ། ཁུལ་སྨན་བཅོས་འགན་བཅོལ་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

 ལོ་ན་མཐོ་བའི་རྒན་པ་དང་། ནུས་པ་ཤོར་བ་དང་རིག་པ་ཤོར་བའི་རྒན་པ་ལ་བདག་སྐྱོང་བྱེད་པའི་དགོས་མཁོར་དམིགས་ནས། བསྐྲུན་ཟིན་པའི་གཞུང་གཉེར་རྒན་གསོ་སྒྲིག་གཞིའི་སྒྲིག་བཀོད་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདག་སྐྱོང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། རིག་པ་ཤོར་བའི་རྒན་པ་ལ་བདག་སྐྱོང་བྱེད་པའི་ཆེད་ཁུལ་དང་བདག་སྐྱོང་རྣམ་པའི་ཉལ་ཁྲི་སོགས་མང་དུ་གཏོང་བ།  གཞུང་གཉེར་རྒན་གསོ་ལས་ཁུངས་གསར་དུ་བཙུགས་པ་དང་རྒྱ་བསྐྱེད་པར་ནད་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་ཚད་བརྒྱ་ཆ80ལས་དམའ་མི་རུང་། 2026ལོའི་ལོ་མཇུག་ཏུ་རྫོང་ཁག་ལ་གཞི་ཁྱོན་འགན་ལེན་དང་ནུས་པ་ཤོར་བ་གཅིག་སྡུད་ལྟ་སྐྱོང་འགན་ནུས་གཙོ་བོར་བྱེད་པའི་རྫོང་རིམ་པའི་རྒན་གསོ་ཞབས་ཞུའི་སྒྲིག་གཞི་གཅིག་ཡོད་པ་དང་རྒན་གསོ་སྒྲིག་གཞིའི་བདག་སྐྱོང་རྣམ་པའི་ཉལ་ཁྲིས་བཟུང་བའི་བསྡུར་ཚད70%ལས་མི་དམའ་བ་བྱ་རྒྱུ། (ཁུལ་དམངས་སྲིད་ཅུ་དང་། ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

རྫོང་ཁག་གི་རྒན་གསོ་སྒྲིག་གཞིའི་བཀོད་པ་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ་སྡོད་མཁན་ཉུང་བ་དང་དོ་དམ་ལ་དཀའ་ངལ་ཆེ་བའི་ཡུལ་ཚོ་དང་གྲོང་རྡལ་གྱི་རྒན་གསོའི་སྨན་ཁང་ཁག་ཅིག་གཅིག་བསྡུས་ཀྱིས་མཉམ་སྒྲིལ་དོ་དམ་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཡུལ་ཚོ་དང་གྲོང་རྡལ་ས་ཁོངས་ཀྱི་རྒན་གསོ་ཞབས་ཞུའི་ལྟེ་གནས་སུ་བསྒྱུར་ནས་རིམ་སྤོར་བྱ་རྒྱུ། རྒན་གསོ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་ནང་འཇུག་རྒྱུར་འཚོལ་ཞིབ་དང་། རྒན་གསོ་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ཀྱི་བར་སྟོང་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ།  2026ལོར་སླེབས་སྐབས་ཡུལ་ཚོ་དང་གྲོང་རྡལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཁྱབ་ཚད་བརྒྱ་ཆ50ཟིན་རྒྱུ། (ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(བཞི) ཞིང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་པ། 

 ས་ཁུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་ཁུལ་དེ་གའི་ཞིང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཚོལ་ཞིབ་དང་གཏན་འབེབས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་ཁྱིམ་དུ་སོང་སྟེ་ཞབས་ཞུ་སྒྲུབ་པ་དང་རྒན་པ་ལ་ཟ་མའི་རོགས་རམ་བྱེད་པ་སོགས་ཀྱི་རྒན་གསོའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུའི་ཞན་ཆ་ཁ་གསབ་གང་ཐུབ་བྱ་རྒྱུ། དམིགས་ཚད་ཁ་གསལ་དང་། འགན་འཁྲི་གསལ་བ། ལས་བགོས་མཉམ་ལས་བཅས་ཀྱི་རྫོང་དང་། ཡུལ་ཚོ། གྲོང་ཚོ(སྡེ་ཁུལ)བཅས་ཕན་ཚུན་འབྲེལ་མཐུད་བྱེད་པའི་རིམ་གསུམ་ཞིང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་རྒྱུ། (ཁུལ་དམངས་སྲིད་ཅུ་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་།) 

གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་རང་སྐྱོང་རྩ་འཛུགས་དང་། རྒན་པའི་མཐུན་ཚོགས། ཆེད་ལས་སྤྱི་ཚོགས་ལས་བཟོ་ལས་ཁུངས་སོགས་གཞི་རིམ་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་རྒན་གསོ་ཞབས་ཞུའི་ནང་ཞུགས་རྒྱུར་སྔར་བས་འཕེལ་རྒྱས་བཏང་ནས་གཞིས་སྲུང་རྒན་པ་ལ་སེམས་ཁུར་དང་གཅེས་སྐྱོང་ཡག་པོ་བྱེད་པ་དང་ལྷག་པར་དུ་གྲོང་གསེབ་ཀྱི་ལོ་ན་མཐོ་བ་དང་། ནུས་ཤོར། ཁེར་སྡོད་བཅས་ཀྱི་རྒན་པ་རྣམས་ལ་ཆ་སྒྲིག་རོགས་རམ་བྱས་ཏེ། 2026ལོར་སླེབས་སྐབས་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་རྒན་པ་རྣམས་ལ་ཆ་སྒྲིག་རོགས་རམ་བྱེད་ཚད100%ཟིན་རྒྱུ། (ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུ་དང་།        ཁུལ་ཞིང་ཕྱུགས་ཅུ། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(ལྔ) རྒན་གསོ་ཞབས་ཞུའི་དཔུང་ཁག་འགན་སྲུང་བྱ་སྤྱོད་ལག་བསྟར་བྱེད་པ། 

རྒན་གསོའི་ནད་གཡོག་པའི་གླ་ཕོགས་ཐོབ་ཐང་དང་སྤྱི་ཚོགས་འགན་བཅོལ་སྲིད་ཇུས། ལག་ཁྱེར་ཡོད་པའི་བྱ་དགའ་སོགས་གླ་ཕོགས་འགུལ་རྣམ་འཕར་སྣོན་ཡོང་བའི་སྐུལ་ལྕག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་ལས་མི་དམའ་བར་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ནུས་པ་དང་བྱང་ཚད་དང་ལས་གནས་འགན་འཁྲི་ལ་གཞིགས་ནས་འབྲེལ་ཡོད་ཁ་གསབ་མཐོ་རུ་བཏང་ནས་རྒན་གསོའི་ནད་གཡོག་པའི་གླ་ཕོགས་ལུགས་མཐུན་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ནས་ནད་གཡོག་པ་དང་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཀྱི་ཡིད་དབང་འགུག་ཤུགས་དང་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་རྒྱུ། (ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུ་དང་།   ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ཁུལ་ཡོངས་ཀྱི་རྒན་གསོའི་ནད་གཡོག་པའི་གསོ་སྦྱོང་རྟེན་གཞིར་གཏན་འཁེལ་བྱས་ནས་རྒན་གསོའི་ཞབས་ཞུ་དང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཞིང་ཆེན་རིམ་པའི་གསོ་སྦྱོང་དང་། རྒན་གསོའི་སྒྲིག་གཞི། རྒན་གསོའི་ཞབས་ཞུ་དང་ལེན་བྱེད་མཁན་གཙོ་གཟུགས་ཀྱི་རང་བདག་གསོ་སྦྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། གྲངས་ཉུང་མི་རིགས་ཀྱི་རྒན་གསོ་ཞབས་ཞུ་མི་སྣའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་རེར་རྒན་གསོའི་ལས་གཉེར་མི་སྣ་དང་། རྒན་གསོའི་ནད་གཡོག་པ། རྒན་གསོའི་དོ་དམ་མི་སྣ་བཅས50ལས་མི་ཉུང་བ་གསོ་སྦྱོང་བྱེད་རྒྱུ། 2026ལོར་སླེབས་སྐབས་ཁུལ་ཡོངས་ཀྱི་རྒན་གསོ་ཁང་གི་ཡོན་ཀྲང་གསོ་སྦྱོང་བྱེད་ཚད100%དང་། རྒན་གསོ་ཞབས་ཞུའི་རྩ་འཛུགས་ཀྱི་གཉེར་སྐྱོང་དོ་དམ་མི་སྣའི་གསོ་སྦྱོང་བྱེད་ཚད100%དང་། རྒན་གསོའི་བདག་སྐྱོང་མི་སྣའི་ལས་གནས་གོང་གི་གསོ་སྦྱོང་བྱེད་ཚད100%དང་། རྒན་གསོ་སྒྲིག་གཞིའི་ཞབས་ཞུ་མི་སྣས་ལག་ཁྱེར་བཟུང་ནས་ལས་གནས་སུ་ཞུགས་ཚད100%ཟིན་པ། ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་མི་སྣས་ལག་ཁྱེར་བཟུང་ནས་ལས་གནས་སུ་ཞུགས་ཚད70%ཡན་ཟིན་པ་བཅས་བྱ་རྒྱུ། (ཁུལ་སློབ་གསོ་ཅུ་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

 ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་བརྒྱུད་རྒན་གསོ་ཞབས་ཞུའི་སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན་འཕེལ་རྒྱས་ཧུར་ཐག་བཏང་ནས་རྒན་གསོ་ནད་གཡོག་མི་སྣ་དང་ལས་གནས་ཀྱི་གྲངས་འབོར་རིམ་བཞིན་རྒྱ་ཆེར་གཏོང་བ། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒན་གསོ་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་ཚད་མང་དུ་གཏོང་བ་དང་། 2026ལོར་སླེབས་སྐབས་སྡེ་ཁུལ་གྱི་རྒན་པ་སྟོང་རེ་དང་། རྒན་གསོ་སྒྲིག་གཞིའི་ཉལ་ཁྲི་བརྒྱ་རེ་ལ་སྤྱི་ཚོགས་ཀྱི་ལས་མི1བཀོད་སྒྲིག་བྱེད་རྒྱུ། (ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ་དང་། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(དྲུག) སྨན་བཅོས་དང་ཁམས་གསོ། བདེ་ཐང་གསོ་སྐྱོང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ།

 རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་དམིགས་བསལ་དབུལ་ཕོངས་གསོ་སྐྱོང་སྒྲིག་གཞི(རྒན་གསོ་ཁང་)མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གཞི་གཅིག་མཉམ་འབྲེལ་འཛུགས་སྐྲུན་དང་། གན་རྒྱ་འཇོག་པའི་མཉམ་ལས། ཚབ་གཉེར་སོགས་ཀྱི་རྣམ་པ་བརྒྱུད་དམ་ཟབ་ཅན་གྱི་མཉམ་ལས་འབྲེལ་བ་འཛུགས་པ། འཇུ་ལག་རྫོང་རྒན་གསོ་དཔེ་སྟོན་རྟེན་གཞི་དང་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གཉིས་ཀྱིས་སྨན་བཅོས་དང་ཁམས་གསོ། གསོ་སྐྱོང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནུས་ལྡན་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་སྨན་བཅོས་དང་ཁམས་གསོ། གསོ་སྐྱོང་མཉམ་འདྲེས་འཕེལ་རྒྱས་གཏོང་བར་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་རྒྱུ། 2026ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁུལ་ཡོངས་ཀྱི་དམིགས་བསལ་དབུལ་ཕོངས་མི་སྣའི་གསོ་སྐྱོང་ཞབས་ཞུའི་སྒྲིག་གཞི(རྒན་གསོ་ཁང)ཚང་མར་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་དུས་བཀག་གམ་ཡང་ན་དུས་བཀག་མིན་པའི་སྒོ་ནས་སྨན་དོན་མི་སྣ་མངགས་གཏོང་བྱས་ནས་ཡུན་རིང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མངོན་འགྱུར་བྱ་རྒྱུ། རྒན་གསོ་ལས་ཁུངས་ཀྱིས་ནང་ཁུལ་དུ་སྨན་བཅོས་ཁང་དང་། འཕྲོད་བསྟེན་ཁང་། སྨན་ཁང་། ནད་གཡོག་ས་ཚིགས་བཅས་འཛུགས་རྒྱུའི་རེ་ཞུ་བྱས་ན། ཐོ་འགོད་དོ་དམ་ལག་བསྟར་བྱས་ཏེ། ལས་གཉེར་སྨན་པ་རྣམས་རྒན་གསོ་ལས་ཁུངས་ནང་ཁུལ་དུ་བཙུགས་པའི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་ཞབས་ཞུ་སྤེལ་དུ་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ། (ཁུལ་འཕྲོད་བསྟེན་ཨུ་ལྷན་དང་། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

 གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྱིམ་དུ་སོང་ནས་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་སྨན་པའི་གན་རྒྱ་བཞག་པའི་ཞབས་ཞུ་ཏན་ཏིག་དང་ཞིབ་ཕྲ་བསྒྲུབ་པ། ཆ་རྐྱེན་ཡོད་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁྱིམ་དུ་སྡོད་པའི་ནུས་པ་ཤོར་བ་དང་། དལ་གཤིས་ནད། ལོ་ན་མཐོ་བ། དབང་པོ་སྐྱོན་ཅན་སོགས་འགུལ་སྐྱོད་སྟབས་མི་བདེ་བའམ་དཀའ་ངལ་དངོས་གནས་ཡོད་པའི་རྒན་པ་ལ་ཁྱིམ་ཚང་གི་ནད་ཉལ་ཁྲི་དང་། ཁྱིམ་དུ་སྐོར་ཞིབ་ཏུ་འགྲོ་བ་སོགས་ཁྱིམ་སྡོད་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། དགེ་སྒྲུབ་སྤྱི་ཕན་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ། ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྐྱ་འགྲིབ་ནད་པ50ལས་མི་ཉུང་བ་ལ་སྐྱ་འགྲིབ་སླར་གསོ་གཤགས་བཅོས་རིན་མི་དགོས་པར་བྱ་རྒྱུ། (ཁུལ་འཕྲོད་བསྟེན་ཨུ་ལྷན་དང་། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།) 

འབྲེལ་ཡོད་འགན་བཅོལ་དང་། ཕན་བདེ། རོགས་སྐྱོབ་བཅས་འབྲེལ་མཐུད་བྱེད་པའི་ཡུན་རིང་ལྟ་སྐྱོང་འགན་སྲུང་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་འཛུགས་པ། ནང་ཁུལ་དུ་སྨན་བཅོས་སྒྲིག་གཞི་བཙུགས་པའི་རྒན་གསོ་སྒྲིག་གཞི་དེ་སྨན་བཅོས་འགན་བཅོལ་གྱི་གཏན་འཁེལ་གྲོས་མཐུན་དོ་དམ་ནང་བཅུག་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་དང་མཐུན་པའི་རྒན་པའི་སྨན་བཅོས་དང་། ནད་སྐྱོང་། བདེ་ཐང་སོགས་ཀྱི་འགྲོ་གྲོན་གཏན་འབེབས་ལྟར་སྤྲོད་རྒྱུ། (ཁུལ་སྨན་བཅོས་འགན་བཅོལ་ཅུ་དང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་དམངས་སྲིད་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

 སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒན་པས་ཨང་གྲངས་ཐོ་འགོད་དང་སྨན་བཅོས་བྱེད་པའི་ལྗང་མདོག་བགྲོད་ལམ་འཛུགས་པ་དང་། སྨན་བཅོས་བརྒྱུད་རིམ་ལེགས་སུ་གཏོང་བ། རྒན་པའི་སྨན་བཅོས་ཁྲིད་སྟོན་མི་སྣ་དང་སྨན་བཅོས་སྒུག་ཁུལ་བཙུགས་ནས་རྒན་པས་སྨན་བཅོས་བྱེད་པར་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་རིག་ནུས་ཅན་དང་ཆ་འཕྲིན་ཅན་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ནང་ཨང་རྟགས་ཐོ་འགོད་དང་། གྲོན་དངུལ་འཇལ་བ། སྙན་ཞུ་པར་འདེབས་སོགས་མི་ཐབས་ཞབས་ཞུའི་སྒེའུ་ཁུང་འོས་འཚམ་སོར་འཇོག་བྱས་ཏེ་རྒན་པའི་རིག་ནུས་ལག་རྩལ་སྤྱོད་པའི་དཀའ་ངལ་ཐག་གཅོད་བྱས་ནས་རྒན་པའི་མཛའ་མཐུན་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་བྱེད་རྒྱུ། (ཁུལ་འཕྲོད་བསྟེན་ཨུ་ལྷན་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(བདུན) རྒན་གསོ་ཞབས་ཞུའི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ། 

 དམངས་སྲིད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒན་གསོ་སྒྲིག་གཞིའི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་འགུལ་རྣམ་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་བ། མཉམ་འབྲེལ་སྡེ་ཚན་གྱིས་རྒན་གསོ་ཞབས་ཞུ་སྒྲིག་གཞིའི་མེ་གསོད་དང་།                  འབར་རླངས། ཟས་རིགས་བདེ་འཇགས་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། 2025ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་གཉེར་སྐྱོང་བྱེད་བཞིན་པའི་རྒན་གསོ་སྒྲིག་གཞི་ཚང་མའི་མེ་གསོད་སྒྲིག་བཀོད་ཚང་མ་ཚད་གཞིར་སླེབས་དགོས། (ཁུལ་དམངས་སྲིད་ཅུ་དང་། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ། ཁུལ་འཕྲལ་སྡོམ་དོ་དམ་ཅུ། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་མཚོ་བྱང་ལྟ་སྐུལ་དོ་དམ་ཡན་ལག་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག རྫོང་ཁག་གི་མི་དམངས་སྲིད་གཞུང་།) 

ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་ཁྱིམ་སྡོད་དང་། སྡེ་ཁུལ། ལས་ཁུངས་བཅས་ཀྱི་རྒན་གསོ་ཞབས་ཞུའི་ཚད་གཞི་ལག་བསྟར་མཐར་ཕྱིན་དང་དོན་འཁྱོལ་བྱས་ཏེ། ཞབས་ཞུའི་ནང་དོན་དང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ།《རྒན་གསོ་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་ཀྱི་གཞི་རྩའི་ཚད་གཞི》(GB/T 35796-2017)《རྒན་གསོ་སྒྲིག་གཞིའི་ཞབས་ཞུའི་བདེ་འཇགས་ཀྱི་གཞི་རྩའི་ཚད་གཞི》(GB 38600-2019)སོགས་བཙན་ཤེད་རང་བཞིན་གྱི་ཚད་གཞིའི་ཚད་ལ100%སླེབས་རྒྱུའི་འགན་ལེན་བྱེད་དགོས། རྒན་གསོ་སྒྲིག་གཞི་དང་སྒྲིག་བཀོད་ཀྱི་རིམ་པ་དཔྱད་བསྡུར་གཏན་འབེབས་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་ཞིང་ཆེན་རིམ་པའི་སྐར་རིམ་དཔྱད་བསྡུར་གཏན་འབེབས་གཉེར་སྐྱོང་བྱ་དགའི་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱེད་དགོས། 2025ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་རྒན་གསོའི་སྒྲིག་ཆས་ཀྱི་རིམ་པ་དེ་དཔྱད་བསྡུར་གཏན་འབེབས་རིམ་པ་ལས་དང་པོའམ་ཡང་ན་རིམ་པ་གཉིས་པར་སླེབས་པ་དང་། རྫོང་གི་རྒན་གསོའི་སྒྲིག་གཞི80%ཡན་རིམ་པ་གཉིས་པའམ་ཡང་ན་རིམ་པ་གསུམ་པར་སླེབས་རྒྱུ། (ཁུལ་དམངས་སྲིད་ཅུ་དང་། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།) 

རྒན་གསོ་ཞབས་ཞུ་སྒྲིག་གཞིའི་ཡིད་རྟོན་རིམ་པའི་མ་ལག་བཙུགས་ནས“ཡིད་རྟོན་ཀྲུང་གོ (མཚོ་སྔོན)”དྲ་ཚིགས་དང་། རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་སྤྱི་བསྒྲགས་མ་ལག(མཚོ་སྔོན)སོགས་ཐབས་ལམ་བརྒྱུད་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། རྫོང་ཁག་གིས་ལོ་ལྟར་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་ཐོག་ཁོངས་གཏོགས་ཁུལ་གྱི་ཐོ་འགོད་བྱས་པའི་རྒན་གསོ་ཞབས་ཞུ་སྒྲིག་གཞིའི་མིང་ཐོ་ཡོངས་བསྒྲགས་བྱེད་དགོས། རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱིས་རྒན་གསོ་ཞབས་ཞུའི་མིང་ཐོག་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་རྒན་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། (ཁུལ་དམངས་སྲིད་ཅུ་དང་། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཁུལ་སྤྱི་བདེ་ཅུ། ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་བྱང་ཡན་ལག་ཅུ། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་མཚོ་བྱང་ལྟ་སྐུལ་དོ་དམ་ཡན་ལག་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(བརྒྱད) རྒན་པའི“སྐྲ་དཀར་དཔལ་འབྱོར”འཕེལ་རྒྱས་གཏོང་བའི་འཐབ་ཇུས་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ།

 རྫོང་ཁག་གིས་རང་གི་ཁུལ་ལ་དམིགས་བསལ་དུ་ཡོད་པའི་སྐྱེ་ཁམས་དང་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས་རྒན་པར་ཕྱོགས་པའི་ལུས་སྦྱོང་སྤྲོ་གསེང་དང་། རིག་གནས་རོལ་རྩེད། གནས་སྐོར་རྒན་གསོ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་གཏོད་རྒྱུར་རྒྱབ་སྐྱོར་བྱེད་དགོས། དམངས་ཁྲོད་མ་རྩ་རྒན་གསོ་ཞབས་ཞུའི་ལས་རིགས་ལ་སྐུལ་འདེད་གཏོང་བའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། སྤྲོ་གསེང་དང་ཁམས་གསོ་བདེ་ཐང་བཅས་ཀྱི་རྒན་གསོའི་ཐོན་ལས་དང་། ཀྲུང་བོད་གསོ་རིག་ཁམས་གསོ་བདེ་སྲུང་རྒན་གསོའི་ཐོན་ལས། གནས་སྐོར་རྒན་གསོའི་ལས་རིགས་སོགས་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་ཐོན་ལས་སྐྱེད་སྲིང་མགྱོགས་སུ་གཏོང་དགོས། (ཁུལ་དམངས་སྲིད་ཅུ་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་།)

 དྲ་སྦྲེལ་དང་རྒན་གསོ་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་བྱེད་པ་འཐུས་ཚང་དུ་གཏོང་བ་དང་། དགོས་མཁོ་དང་མཁོ་སྤྲོད་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། སྒྲིག་གཞིའི་རྒན་གསོ་དང་། སྡེ་ཁུལ་གྱི་རྒན་གསོ། ཁྱོམ་སྡོད་རྒན་གསོ་བཅས་དྲ་རྒྱ་ཅན་དང་གྲངས་གཞི་ཅན། རིག་ནུས་ཅན་བཅས་སུ་བསྒྱུར་བར་གཅིག་གྱུར་འཆར་འགོད་བྱས་ནས་རྒན་གསོ་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་དང་། རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། རྒན་གསོ་ཞབས་ཞུ་སྟབས་བདེ་ཅན་དང་། གནད་ལ་འཁེལ་བ། ཕན་འབྲས་མཐོན་པོ་ཅན་བཅས་ཀྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། (ཁུལ་དམངས་སྲིད་ཅུ་དང་། ཁུལ་བཟོ་ལས་ཆ་འཕྲིན་ཅུ། ཁུལ་གཞི་གྲངས་ཅུ།)

 “དངུལ་ལོའི་བྱ་སྤྱོད”སྤེལ་ནས་ཞིང་ཆེན་རིམ་པའི་རྒན་གསོའི་རིགས་གཅིག་མཁས་ཅན་དང་མཐོ་རིམ་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། རང་ཁུལ་གྱི་རིམ་པ་མཐོ་བའི་ཤེས་ལྡན་པ་རྒན་པའི་རིག་མཛོད་ཁག་ཅིག་བཙུགས་ནས་བརྟག་དཔྱད་ཞིབ་འཇུག་དང་། བློ་འདྲི་དང་ཇུས་འགོད། གྲོས་མགོ་དང་སྲིད་དོན་བློ་འདྲི་སོགས་ཀྱི་ཐད་ནུས་པ་འདོན་སྤེལ་བྱེད་དགོས། (ཁུལ་དམངས་སྲིད་ཅུ་དང་། ཁུལ་སློབ་གསོ་ཅུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། རྫོང་ཁག་གི་མི་དམངས་སྲིད་གཞུང་།)

(དགུ) རྒན་པའི་མཛའ་མཐུན་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་པ།

 རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཁྲོད་ཀྱི་ཁྱིམ་ཚང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱིམ་ཚང་གི་ཁོངས་མིས་རྒན་གསོའི་འགན་འཁྲི་ཧུར་ཐག་གིས་འཁུར་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། བུ་ཕྲུག་ཕ་མའི་ཉེ་འགྲམ་དུ་སྡོད་པའམ་ཡང་ན་ཐུན་མོང་དུ་འཚོ་བ་སྐྱེལ་བ་དར་སྤེལ་བཏང་སྟེ། རྒྱུན་ལྡན་ཅན་གྱི་མཛུབ་ཁྲིད་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རོགས་སྐྱོར་བྱེད་མཁན་གྱིས་རོགས་སྐྱོར་འོས་འགན་ཏན་ཏིག་ལག་བསྟར་བྱེད་པར་ཁག་ཐེག་དང་། རྒན་པ་དོར་བའི་སྣང་ཚུལ་འབྱུང་བར་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། (ཁུལ་དམངས་སྲིད་ཅུ་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་།)

 སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྱིམ་ཚང་གི་རྒན་པ་ལྟ་སྐྱོང་བྱེད་མཁན་རྒན་གསོའི་ནད་གཡོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ཁྱབ་ཁོངས་ནང་བཅུག་ནས་ཁྱིམ་ཚང་གི་ལྟ་སྐྱོང་གསོ་སྦྱོང་བྱས་ཏེ། རྒན་པའི་ཁྱིམ་ཚང་ཁོངས་མིའི་ལྟ་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས། (ཁུལ་དམངས་སྲིད་ཅུ་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་།)

རྒན་གསོ་དང་། སྲི་ཞུ། རྒན་བཀུར་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། རྒན་པ་ལ་བརྩི་བཀུར་བྱེད་པའི་དཔེ་བཟང་ཁྱིམ་ཚང་དང་། རྒན་པ་ལ་ཞབས་འདེགས་ཞུ་བའི་སྔོན་ཐོན་མི་སྒེར། རྒན་པ་ལ་རོགས་རམ་བྱེད་པའི་ཕུལ་བྱུང་རྩ་འཛུགས་བཅས་ཀྱི་གནས་ཚུལ་གྱི་དྲིལ་བསྒྲགས་སྤེལ་ཤུགས་ཆེ་རུ་གཏོང་དགོས། “རྒན་པ་ལ་བརྩི་བཀུར་བྱེད་པའི་ཟླ་བ་”ཡི་བྱེད་སྒོ་ཧུར་ཐག་སྤེལ་ནས་སྤྱི་ཚོགས་ཡོངས་སུ་རྒན་གསོ་སྲི་ཞུ་དང་རྒན་པ་ལ་བརྩི་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས། (ཁུལ་དམངས་སྲིད་ཅུ་དང་རྫོང་ཁག་གི་མི་དམངས་སྲིད་གཞུང་།)

གསུམ། རྩ་འཛུགས་ཀྱི་འགན་སྲུང་།

(གཅིག) རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ། རྫོང་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དམངས་འཚོའི་དོན་དག་དངོས་ཀྱི་རྣམ་གྲངས་ནང་བཅུག་ནས་ཏང་ཨུས་མགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྡེ་ཚན་གྱིས་མཐུན་སྦྱོར། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་དགོས། རིམ་པ་ཁག་གི་རྒན་པ་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་ལམ་སྲོལ་ལ་བརྟེན་ནས། དུས་བཀག་ལྟར་ལག་བསྟར་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། དོན་འཁྱོལ་ལ་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས།

(གཉིས) ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་པ། རྫོང་ཁག་དང་སྡེ་ཁག་ཁག་གིས་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་པ་དང་། ལས་འགན་གཙོ་གནད་ཁ་གསལ་བྱས་ནས་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། འགན་འཁྲི་དོན་འཁྱོལ་དང་། ལས་ཀ་དོན་འཁྱོལ། མ་དངུལ་འཇོག་པ་དོན་འཁྱོལ་བྱེད་པ། ཕན་འབྲས་དངོས་མཐོང་ཐུབ་པའི་འགན་ལེན་བཅས་བྱ་དགོས། ཇུས་གཞི་འདིའི་བླང་བྱ་གཞིར་བཟུང་ཞིང་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་དམིགས་ཚད་ཞིབ་ཕྲ་བཟོས་ནས་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།


སྐབས་སྔོན་མ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་མུ་མཐུད་དུ་ནུས་པ་ལྡན་པའི(སོར་འཇོག)ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག(ཡིག་ཆ14)
སྐབས་རྗེས་མ། མེད།
མཉམ་སྤྱོད།