དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཤེས་ཐོན་བདག་དབང་ཁྱབ་ཁོངས་ཀྱི་ཁུལ་དང་རྫོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི།

2026-03-12 11:01:44   |   89

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། 《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》  བཤེར་འབེབས། རིན་ཆེན་ཚེ་རིང་།


༄༅། །མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་ཤེས་ཐོན་བདག་དབང་ཁྱབ་ཁོངས་སུ་ཁུལ་དང་རྫོང་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

བྱང་སྲིད་གཞུང〔2025〕ཨང18པ།

རྫོང་ཁག་གི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་ཁག་དང་ཚན་པ་ཁག་བཅས་ལ།

《མཚོ་བྱང་ཁུལ་གྱི་ཤེས་ཐོན་བདག་དབང་ཁྱབ་ཁོངས་ཀྱི་ཁུལ་དང་རྫོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི》དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས62པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱེད་ཚོར་པར་འགྲེམས་བྱ་རྒྱུ་ཡིན་པས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ནན་ཏན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

                             2025ལོའི་ཟླ7པའི་ཚེས22ཉིན།

(ཡིག་ཆ་འདི་སྙན་ཞུ་ལྟར་ཡོངས་བསྒྲགས་བྱས་ཡོད།)

༄༅། །མཚོ་བྱང་ཁུལ་གྱི་ཤེས་ཐོན་བདག་དབང་ཁྱབ་ཁོངས་ཀྱི་ཁུལ་དང་རྫོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི།

《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དང་དེའི་མན་གྱི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་སྐོར་གྱི་ལག་བསྟར་བསམ་འཆར》(མཚོ་སྔོན་སྲིད་དོན〔2018〕ཨང14པ)དང《མཚོ་སྔོན་ཞིང་ཆེན་ཤེས་ཐོན་བདག་དབང་ཁྱབ་ཁོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང་གི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་ཀྱི་ལག་བསྟར་ཇུས་གཞི》(མཚོ་སྔོན་སྲིད་དོན་གཞུང་ལས་ཁང〔2024〕ཨང36པ)གྱི་དགོངས་དོན་གཞིར་བཟུང་ནས་རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ད་ལྟ་ཤེས་ཐོན་བདག་དབང་ཁྱབ་ཁོངས་ཀྱི་ཁུལ་དང་རྫོང་སྲིད་གཞུང་གི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་ལ་གཤམ་གྱི་ལག་བསྟར་ཇུས་གཞི་བཟོས་ཡོད།

གཅིག  སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “243”འཕེལ་རྒྱས་ཀྱི་བཀོད་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་འབེན་ལ་དམིགས་ཏེ། གཏོང་སྒོའི་འགན་འཁྲི་དང་ནོར་ཤུགས་ཕན་ཚུན་འཚམ་པའི་ལམ་ལུགས་ཀྱིས་ཤེས་ཐོན་བདག་དབང་སྲུང་སྐྱོང་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།ཤེས་ཐོན་བདག་དབང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་བྱེད་དགོས།

གཉིས།  ནང་དོན་གཙོ་བོ།

(གཅིག)ཤེས་ཐོན་བདག་དབང་གི་སྤྱི་ཁོག་དོ་དམ།

ཁུལ་རིམ་པས་ཁུལ་ཡོངས་ཀྱི་ཤེས་ཐོན་བདག་དབང་འཆར་འགོད་དང་སྲིད་ཇུས་སོགས་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། ཤེས་ཐོན་བདག་དབང་འཛུགས་སྐྲུན་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལག་བསྟར་བྱེད་པ། ཁུལ་ཡོངས་ཀྱི་ཤེས་ཐོན་བདག་དབང་སྡོམ་རྩིས་རྟོག་དཔྱོད་དབྱེ་ཞིབ་དང་ཁྱབ་བསྒྲགས་བྱེད་པ། ཁུལ་རིམ་པའི་ནོར་སྲིད་ཀྱི་དོན་གཅོད་དབང་ཆར་ངོས་འཛིན་གཏན་འཁེལ་བྱེད་པ་བཅས་ཁུལ་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

རྫོང་རིམ་པས་རྫོང་དེ་གའི་ཤེས་ཐོན་བདག་དབང་གི་འཆར་འགོད་དང་སྲིད་ཇུས་སོགས་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། ཤེས་ཐོན་བདག་དབང་འཛུགས་སྐྱོང་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལག་བསྟར་བྱེད་པ། རྫོང་དེ་གའི་ཤེས་ཐོན་བདག་དབང་སྡོམ་རྩིས་རྟོག་དཔྱད་དབྱེ་ཞིབ་དང་ཁྱབ་བསྒྲགས་བྱེད་པ། རྫོང་རིམ་པའི་ནོར་སྲིད་ཀྱི་དོན་གཅོད་དབང་ཆར་ངོས་འཛིན་གཏན་འཁེལ་བྱེད་པ་བཅས་རྫོང་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

(གཉིས)ཤེས་ཐོན་བདག་དབང་གི་དབང་ཆ་གཏན་འཁེལ།

ཁུལ་རིམ་པས་ཤེས་བྱའི་བདག་དབང་ཐོ་འགོད་དབང་ཆ་སྤྲོད་པའི་གྲངས་འབོར་ལ་འགུལ་རྣམ་རྗེས་འདེད་དང་བརྡ་ལན་སྤྲོད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མགྱོགས་མྱུར་གྱིས་གྲ་སྒྲིག་འདྲི་གཅོད་དང་དབང་ཆ་གཏན་འཁེལ་བྱེད་པའི་དོན་ཚན། དེ་བཞིན་ཁུལ་རིམ་པའི་བརྩམས་ཆོས་བདག་དབང་དོ་དམ་སྡེ་ཁག་གིས་སྒྲུབ་པའི་རྒྱལ་ནང་གི་རྩོམ་པ་པོའམ་ཡང་ན་བརྩམས་ཆོས་བདག་དབང་འཛིན་མཁན་གཞན་དག་གི་བརྩམས་ཆོས་ཐོ་འགོད་བྱེད་པ་དེ། ཁུལ་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ཏེ་ཁུལ་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

རྫོང་རིམ་པས་ཤེས་ཐོན་བདག་དབང་ཐོ་འགོད་དབང་ཆ་སྤྲོད་པའི་གྲངས་འབོར་ལ་འགུལ་རྣམ་རྗེས་འདེད་དང་བརྡ་ལན་སྤྲོད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མགྱོགས་མྱུར་གྱིས་གྲ་སྒྲིག་འདྲི་གཅོད་དང་དབང་ཆ་གཏན་འཁེལ་བྱེད་པའི་དོན་ཚན། རྫོང་རིམ་པའི་བརྩམས་ཆོས་བདག་དབང་དོ་དམ་སྡེ་ཁག་གིས་སྒྲུབ་པའི་ཐོ་འགོད་དེ་རྫོང་རིམ་པའི་ནོར་སྲིད་ཀྱི་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ཏེ། རྫོང་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

(གསུམ)ཤེས་ཐོན་བདག་དབང་བེད་སྤྱོད་པའི་སྐུལ་འདེད།

ཁུལ་རིམ་པས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ་ཆེད་ཁེ་ཕྱོགས་སྟོན་སྤེལ་ཏེ། ཤེས་ཐོན་བདག་དབང་ཞབས་ཞུ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་། ཤེས་ཐོན་བདག་དབང་སྤོ་སྒྱུར་ལ་སྐུལ་འདེད། ཤེས་ཐོན་བདག་དབང་ཉོ་ཚོང་ལས་གཉེར་ལྟ་སྐུལ་དོ་དམ། ས་ཁམས་མཚོན་རྟགས་བེད་སྤྱོད་སྐུལ་འདེད། ཤེས་ཐོན་བདག་དབང་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་ལ་སྐུལ་མ། ཤེས་ཐོན་བདག་དབང་གི་ལེགས་ཆའི་ཁེ་ལས་སྐྱེད་སྲིང་། དཔལ་འབྱོར་ཚན་རྩལ་བྱེད་སྒོ་གལ་ཆེན་གྱི་ཤེས་ཐོན་བདག་དབང་དཔྱད་མོལ་སོགས་ཁུལ་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ནས་ཁུལ་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

རྫོང་རིམ་པས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ་ཆེད་ཁེའི་ཕྱོགས་སྟོན་སྤེལ་ཏེ། ཤེས་ཐོན་བདག་དབང་ཞབས་ཞུ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་། ཤེས་ཐོན་བདག་དབང་སྤོ་སྒྱུར་ལ་སྐུལ་འདེད། ཤེས་ཐོན་བདག་དབང་ཉོ་ཚོང་ལས་གཉེར་ལ་ལྟ་སྐུལ་དོ་དམ། ས་ཁམས་མཚོན་རྟགས་བེད་སྤྱོད་ལ་སྐུལ་འདེད། ཤེས་ཐོན་བདག་དབང་གཏའ་འཇོག་མ་དངུལ་བསྡུ་སྒྲིལ་ལ་སྐུལ་མ། ཤེས་ཐོན་བདག་དབང་གི་ལེགས་ཆའི་ཁེ་ལས་སྐྱེད་སྲིང་། དཔལ་འབྱོར་ཚན་རྩལ་བྱེད་སྒོ་གལ་ཆེན་གྱི་ཤེས་ཐོན་བདག་དབང་དཔྱད་མོལ་སོགས་རྫོང་རིམ་པའི་ནོར་སྲིད་ཀྱི་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ནས་རྫོང་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

རྩོམ་ཡིག་བདག་དབང་ཆོག་འཐུས་དང་ཞུ་ཚགས་དེ། ཁུལ་དང་རྫོང་ཐུན་མོང་གི་ནོར་སྲིད་དོན་གཅོད་དབང་ཆར་ངོས་འཛིན་བྱས་ཏེ། ཁུལ་དང་རྫོང་རིམ་པ་སོ་སོས་གཏོང་སྒོ་འགན་འཁྲི་འཁུར་དགོས། དེའི་ཁྲོད། ཁུལ་རིམ་པའི་རྩོམ་ཡིག་བདག་དབང་དོ་དམ་སྡེ་ཁག་གིས་སྒྲུབ་པའི་ཞུ་ཚགས་དེ་ཁུལ་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས། རྫོང་རིམ་པའི་རྩོམ་ཡིག་བདག་དབང་དོ་དམ་སྡེ་ཁག་གིས་ཞུ་ཚགས་དེ་རྫོང་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

(བཞི)ཤེས་ཐོན་བདག་དབང་གི་སྲུང་སྐྱོང་།

ཁུལ་ཡོངས་ཀྱི་ཤེས་ཐོན་བདག་དབང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་དང་ཕྱི་འབྲེལ་ཤེས་ཐོན་བདག་དབང་རྩོད་གླེང་གི་ཁ་གཏད་ལམ་སྲོལ་འཛུགས་སྐྲུན། ཤེས་ཐོན་བདག་དབང་གི་ཁྲིམས་བསྟར། མགྱོགས་མྱུར་མཐུན་སྦྱོར་སྲུང་སྐྱོབ། ཁེ་དབང་སྲུང་སྐྱོང་རོགས་སྐྱོར། ཚོང་རྟགས་དང་ས་ཁམས་མཚོན་རྟགས་སྲུང་སྐྱོང་། ཁྲིམས་ལྟར་ཤེས་ཐོན་བདག་དབང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆའི་ཁོངས་སུ་མཇུག་དགོས་པའི་ཤེས་ཐོན་བདག་དབང་གི་དབང་གནོད་རྩོད་གཞིའི་སྲིད་འཛིན་ཁྲུན་གཅོད་དང་སྲིད་འཛིན་འདུམ་འགྲིག  ཁུལ་རིམ་པའི་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ་མཉེན་ཆས་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ཁུལ་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་ངོས་འཛིན་བྱས་ནས་ཁུལ་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

རྫོང་རིམ་པའི་ཤེས་ཐོན་བདག་དབང་སྲུང་སྐྱོང་མ་ལག་འཛུགས་སྐྲུན་དང་ཕྱི་འབྲེལ་ཤེས་ཐོན་བདག་དབང་གི་རྩོད་གླེང་གི་ཁ་གཏད་ལམ་སྲོལ་འཛུགས་སྐྲུན། ཤེས་ཐོན་བདག་དབང་གི་ཁྲིམས་བསྟར། མགྱོགས་མྱུར་མཐུན་སྦྱོར་སྲུང་སྐྱོང་། ཁེ་དབང་སྲུང་སྐྱོང་རོགས་སྐྱོར། ཚོང་རྟགས་དང་ས་ཁམས་མཚོན་རྟགས་སྲུང་སྐྱོང་། ཁྲིམས་ལྟར་ཤེས་ཐོན་བདག་དབང་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། རྫོང་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆའི་ནང་འཇུག་དགོས་པའི་ཤེས་ཐོན་བདག་དབང་གི་དབང་གནོད་རྩོད་གཞིའི་སྲིད་འཛིན་ཁྲུན་གཅོད་དང་སྲིད་འཛིན་འདུམ་འགྲིག  རྫོང་རིམ་པའི་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ་མཉེན་ཆས་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་རྫོང་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་ངོས་འཛིན་བྱས་ནས་རྫོང་རིམ་པས་གཏོང་སྒོ་འགན་འཁྲི་འཁུར་དགོས།

(ལྔ)ཤེས་ཐོན་བདག་དབང་གི་སྤྱི་པའི་ཞབས་ཞུ།

ཁུལ་ཡོངས་ཀྱི་ཤེས་ཐོན་བདག་དབང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་། ཤེས་ཐོན་བདག་དབང་གི་གཞི་གྲངས་ཐོན་ཁུངས་ལས་སྣོན་དབྱེ་ཞིབ། སྤྱི་འདོམས་དོ་དམ། མཉམ་སྤྱོད་སྒོ་འབྱེད། ཤེས་བྱའི་བདག་དབང་གི་ཆ་འཕྲིན་ཞིབ་འཇུག་དབྱེ་ཞིབ་དང་བརྒྱུད་སྒྲོག་བེད་སྤྱོད། མཉམ་འདྲེས་བཀོལ་སྤྱོད། ཤེས་བྱའི་བདག་དབང་ཆ་འཕྲིན་ཅན། རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དྲ་རྒྱའི་བདེ་འཇགས་འགོག་སྲུང་། ཤེས་ཐོན་བདག་དབང་གི་ཉེན་ཁ་སྔོན་དཔོག་སྔོན་བརྡ་སོགས་ཁུལ་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ནས་ཁུལ་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས།

རྫོང་རིམ་པའི་ཤེས་ཐོན་བདག་དབང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་། ཤེས་ཐོན་བདག་དབང་གི་གཞི་གྲངས་ཐོན་ཁུངས་ལས་སྣོན་དབྱེ་ཞིབ། སྤྱི་འདོམས་དོ་དམ། མཉམ་སྤྱོད་སྒོ་འབྱེད། ཤེས་ཐོན་བདག་དབང་གི་ཆ་འཕྲིན་ཞིབ་འཇུག་དབྱེ་ཞིབ་དང་བརྒྱུད་སྒྲོག་བེད་སྤྱོད། མཉམ་འདྲེས་བཀོལ་སྤྱོད། ཤེས་ཐོན་བདག་དབང་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དྲ་རྒྱའི་བདེ་འཇགས་འགོག་སྲུང་། ཤེས་ཐོན་བདག་དབང་གི་ཉེན་ཁ་སྔོན་དཔག་སྔོན་བརྡ་སོགས་རྫོང་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ནས་རྫོང་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས།

(དྲུག)ཤེས་ཐོན་བདག་དབང་གི་ཕྱི་འབྲེལ་ལས་དོན།

ཁུལ་དང་རྫོང་དེ་ཕྱི་རྒྱལ་གྱི་ས་གནས་སྲིད་གཞུང་དང་ས་གནས་རྩ་འཛུགས་བར་ཤེས་ཐོན་བདག་དབང་མཉམ་ལས་སྤེལ་རེས་དང་། ཤེས་ཐོན་བདག་དབང་གི་ཕྱི་འབྲེལ་རྩོད་གཞི་དང་དབང་སྲུང་རོགས་སྐྱོར་གྱི་རྩོད་གཞིར་ཁ་གཏད་གཅོག་པར་མཛུབ་ཁྲིད་ཤུགས་སྣོན་བྱེད་པ་སོགས་ཁུལ་དང་རྫོང་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ཏེ་ཁུལ་དང་རྫོང་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས།

(བདུན)ཤེས་ཐོན་བདག་དབང་ཁྱབ་ཁོངས་ཀྱི་དོན་དག་གཞན།

ཤེས་ཐོན་བདག་དབང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་ཤེས་ཐོན་བདག་དབང་དྲིལ་སྒྲོག་སློབ་གསོ། ཁྲིམས་ལུགས་ཁྱབ་གདལ་བཅས་བྱས་ཏེ། ཁོངས་གཏོགས་ཀྱི་འབྲེལ་བ་ལྟར་ཁུལ་རིམ་པའམ་རྫོང་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆ་ངོས་འཛིན་བྱས་ནས་རིམ་པ་རིམ་མཚུངས་ནོར་སྲིད་ཀྱིས་གཏོང་སྒོའི་འགན་འཁྲི་འཁུར་དགོས། ཁུལ་རིམ་པའི་འགན་ནུས་སྡེ་ཁག་དང་དེའི་ཁོངས་གཏོགས་ལས་ཁུངས་ཀྱིས་འགན་འཁུར་བའི་དོན་བྱ་དག་ཁུལ་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ནས་ཁུལ་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས། རྫོང་རིམ་པའི་འགན་ནུས་སྡེ་ཁག་དང་དེའི་ཁོངས་གཏོགས་ལས་ཁུངས་ཀྱིས་འགན་འཁུར་བའི་དོན་བྱ་དག་རྫོང་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ནས་ཁུལ་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས།

ཁུལ་རིམ་པས་ཀང་ཨའོ་ཐའེ་དང་ཤེས་ཐོན་བདག་དབང་མཉམ་ལས་སྤེལ་རེས་བྱས་པ་དེ་ཁུལ་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ཏེ། ཁུལ་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས། རྫོང་སོ་སོས་ཀང་ཨའོ་ཐའེ་དང་ཤེས་ཐོན་བདག་དབང་མཉམ་ལས་སྤེལ་རེས་བྱས་པ་དེ་རྫོང་རིམ་པའི་ནོར་སྲིད་དོན་གཅོད་དབང་ཆར་གཏན་འཁེལ་བྱས་ཏེ། རྫོང་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས།

ཤེས་ཐོན་བདག་དབང་ཁྱབ་ཁོངས་སུ་བཞག་མེད་པའི་དོན་དག་གཞན་དག་བཅོས་སྒྱུར་གྱི་སྤྱིའི་བླང་བྱ་དང་དོན་བྱའི་དམིགས་བསལ་ལྟར་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ཞིབ་ཕྲ་གཏན་འཁེལ་བྱ་དགོས།

གསུམ། འགན་སྲུང་བྱེད་ཐབས།

རྫོང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ། དངོས་གནས་འགན་འཁྲི་ཏན་ཏིག ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་བྱས་ནས་བཅོས་སྒྱུར་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱ་དགོས། འཆར་གཞིའི་ནང་གཏན་ལ་ཕབ་པའི་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ལ་གཞིགས་ནས་སྔོན་རྩིས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། དུས་ཐོག་ཏུ་མ་དངུལ་གཤམ་སྤྲོད། གཏོང་སྒོའི་གྲུབ་ཚུལ་ལེགས་གཏོང་། གཏོང་སྒོའི་འགན་འཁྲི་དོན་འཁྱོལ། མ་དངུལ་བེད་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། །

མཁའ་འགྲོ་མཚོས་བསྒྱུར།








སྐབས་སྔོན་མ། 《འཛེར་སྒྲའི་སྦགས་སྐྱོན་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དོན་ཚན་ཁ་ཤས་ཀྱི་སྡེ་ཁག་འགན་འཁྲི་ལས་བགོས་འཆར་གཞི།
སྐབས་རྗེས་མ། དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཚོ་བྱང་ཁུལ་གྱི་ལག་བསྟར་ཇུས་གཞི།
མཉམ་སྤྱོད།