དེ་རིང་ནི2026ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི“དག་སྣང་མཚོ་བྱང•ཕྱི་རོལ་གྱི་གནས་མཆོག”ཅེས་པའི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་པའི་ལོ་གསུམ་གྱི་ལག་བསྟར་ཇུས་གཞི།(2025-2027)

2026-03-19 09:37:46   |   23

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས།《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》  བཤེར་འབེབས། རིན་ཆེན་ཚེ་རིང་།


༄༅། །མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱིས“དག་སྣང་མཚོ་བྱང་།•ཕྱི་རོལ་གྱི་གནས་མཆོག”ཅེས་པའི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་པའི་ལོ་གསུམ་གྱི་ལག་བསྟར་ཇུས་གཞི(2025-2027)》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

བྱང་སྲིད་གཞུང〔2025〕ཨང25པ།

རྫོང་ཁག་གི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་ཁག་དང་ཚན་པ་ཁག་བཅས་ལ།

《མཚོ་བྱང་ཁུལ་གྱིས“དག་སྣང་མཚོ་བྱང•ཕྱི་རོལ་གྱི་གནས་མཆོག”ཅེས་པའི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་པའི་ལོ་གསུམ་གྱི་ལག་བསྟར་ཇུས་གཞི(2025-2027)》ལ་ཁུལ་སྲིད་གཞུང་གི་མོས་མཐུན་ཐོབ་པ་དང་། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱེད་རྒྱུ་ཡིན་པས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2025ལོའི་ཟླ9ཚེས28ཉིན།

(ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)

༄༅། །མཚོ་བྱང་ཁུལ་གྱི“དག་སྣང་མཚོ་བྱང•ཕྱི་རོལ་གྱི་གནས་མཆོག”ཅེས་པའི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་པའི་ལོ་གསུམ་གྱི་ལག་བསྟར་ཇུས་གཞི།(2025-2027)

《མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུ་འཛད་སྤྱོད་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཞབས་ཞུ་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ད་ལྟ་རང་ཁུལ་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ཇུས་གཞི་འདི་བཟོས་པ་ཡིན།

དང་པོ། སྤྱིའི་དམིགས་འབེན།

ཕྱི་རོལ་གྱི་ལུས་རྩལ་དང་རྐང་འཁོར་ཞོན་ཏེ་མཚོ་སྐོར་བྱེད་པ། རི་འཛེག་གངས་ཤུད། སྒེར་འཁོར་བཏང་ནས་སྒར་འདེབས། གསར་བརྗེའི་ཞིབ་སློབ། སྐྱེ་ཁམས་ཞིབ་སློབ་བཅས་གཙོ་བྱས་པའི་ཕྱི་རོལ་གྱི་འཛད་སྤྱོད་ལས་རྣམ་ལ་དམིགས་ཏེ། “དག་སྣང་མཚོ་བྱང་།•ཕྱི་རོལ་གྱི་གནས་མཆོག”ཅེས་པའི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་ཕྱོགས་ཡོངས་ནས་བཏོད་དེ། གངས་འཁྱགས་དཔལ་འབྱོར་དང་འགྲན་སྡུར་དཔལ་འབྱོར། ལྟད་མོའི་དཔལ་འབྱོར། ཚོང་སྐོར་དཔལ་འབྱོར། རྐང་འཁོར་དཔལ་འབྱོར། ཞིབ་སློབ་དཔལ་འབྱོར། ས་བརྒལ་དཔལ་འབྱོར་སོགས་འཕེལ་རྒྱས་བཏང་སྟེ། “ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་ལས”མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། 2027ལོར་སླེབས་སྐབས། བཟའ་བཏུང་དང་། ཞག་སྡོད། རིག་གནས། གནས་སྐོར། ལུས་རྩལ་འགྲན་བསྡུར་སོགས་ལ་དམིགས་པ་དང་། མཛེས་ལྗོངས་ཁུལ་ལྟེ་བར་བྱས་ཏེ་བཟའ་བཏུང་དང་། ཞག་སྡོད། གནས་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ལས་རྣམ་མང་བོ་མཉམ་འདྲེས་ཀྱི་འཛད་སྤྱོད་རྣམ་པ4གཙོ་གནད་ཐོག་གཏོད་པ་དང་། མཚན་མོའི་དཔལ་འབྱོར་གྱི་འཛད་སྤྱོད་རྣམ་པ4གཏོད་དགོས། ལུས་རྩལ་གནས་སྐོར་གྱི་ལམ་ཐིག་རྩེ་གྲ3བཏོན་ནས་གནས་སྐོར་ཡོང་འབབ་དང་གནས་སྐོར་བ་མི་ཐེངས་ལོ་རེར་ཆ་སྙོམས20%འཕར་བར་བྱེད་པ། སྒར་འདེབས་རྟེན་གཞི་དང་། རྐང་འཁོར་སྒར་ས། སྲེག་ཟས་སྒར་ས། གངས་འཁྱག་སྒར་ས་བཅས་ཁག་གཅིག་འཛུགས་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱས་ནས་སྒར་འདེབས་དཔལ་འབྱོར་དང་། རྐང་འཁོར་ཞོན་པའི་དཔལ་འབྱོར། སྲེག་ཟས་དཔལ་འབྱོར། གངས་འཁྱག་དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཐད་གཏོང་གློག་རྡུལ་ཚོང་དོན་སོགས་གསར་དར་ལས་རྣམ་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དྲ་ཐོག་ཚོང་དོན་གྱི་ཕྱིར་ཚོང་དངུལ་འབོར་ལོ་རེར་ཆ་སྙོམས་འཕར་ཚད5%ཟིན་རྒྱུའི་བརྩོན་ལེན་བྱེད་དགོས། བཅད་གྲངས་ཡན་གྱི་ཁེ་ལས3གསར་དུ་འཕར་སྣོན་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར་ལོ་རེར་ཆ་སྙོམས་སུ་བརྒྱ་ཆ5འཕར་དགོས།

གཉིས་པ། ལས་འགན་གཙོ་བོ།

(གཅིག)རིག་རྩལ་གནས་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པའི་སྐོར།

1. ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས2025ལོའི་མེ་ལྷ་གངས་དཀར་གངས་ཤུད་རི་འཛེག་སྦྲེལ་འགྲན་དང་། “མཚོ་སྔོན་གྱོ་རྒྱ་རྟགས་མའི”རྟ་རྒྱུག་སྦྲེལ་འགྲན། 2025ལོའི་རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་རྩེད་སྤོ་ལོའི་རིམ་འདས་སྦྲེལ་འགྲན། སྐབས་བཅུ་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར། མཚོ་སྔོན་ཞིང་ཆེན་དགུན་དཔྱིད་ཀྱི“མཚོ་སྔོནBA”ཡི་མང་ཚོགས་ལག་རྩེད་སྤོ་ལོའི་འགྲན་བསྡུར། མཚོ་བྱང་ཁུལ་ལག་རྩེད་སྤོ་ལོའི་སྦྲེལ་འགྲན་སོགས་ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ལུས་རྩལ་འགྲན་བསྡུར་དང་ཐོན་ལས་ཁག་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ལུས་རྩལ་འགྲན་བསྡུར་གྱི“གྲགས་ཚད”དེ་འཛད་སྤྱོད་ཀྱི“ནུས་ཚད”དང་དཔལ་འབྱོར་གྱི“འཕར་ཚད”དུ་སྒྱུར་དགོས།

སྣེ་ཁྲིད་ཚན་པ། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

གཞོགས་འདེགས་ཚན་པ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ།

2. ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་གཙོ་བོས“འཐེན་ཐུག་ཐོན་ལས+རྐང་འཁོར་ཞོན་པའི་ཞབས་ཞུ+ལས་རྣམ་མང་པོ་མཉམ་འདྲེས”ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་གཞིར་བཟུང་འཐེན་ཐུག་ཐོན་ལས་མཛེས་ལྗོངས་ཁུལ་དུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མདའ་བཞི་ཚོ་པ་དང་། བོན་གྱཱ་འབྲོག་ར། བྱེ་མ་ལ་བདུན། མཚོ་འཁྱིལ་ཡུལ་ཚོ་བཅས་ཀྱི་ཙོང་ཉའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ “འཐེན་ཐུག་ཐོན་ལས་དང་རྐང་འཁོར་ཞོན་པའི་ཞབས་ཞུ། ལས་རྣམ་མང་པོ་མཉམ་འདྲེས”བཅས་ཀྱི་ཐོན་ལས་སྔོན་ལ་ཚོད་ལྟའི་ངང་བཀོད་སྒྲིག་བྱས་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་འཛད་སྤྱོད་རྣམ་པ་གཙོ་གནད་ཐོག་གཏོད་དགོས། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་གྱི་རྣམ་པ་ཆེན་པོར་བརྟེན་ནས“གསེར་མདོག་འཇུ་ལག•མེ་ཏོག་རྒྱ་མཚོའི་གནས་སྐོར”དང“མདོ་ལ་རིང་མོ•ལྷ་ཁམས་གནས་སྐོར”དང་། “བོད་མཁར་རྐང་ཚ•དྭངས་གཙང་གནས་སྐོར” དང་། “བདེ་བརྟན་མདའ་བཞི•རོལ་མོའི་གནས་སྐོར”བཅས་གཙོ་བྱས་པའི་ལམ་ཐིག་རྩེ་གྲ་དང་དེ་བཞིན་མཛེས་ལྗོངས་ཁུལ་ཆེ་གྲས་དག་དང་མཉམ་དུ་མཚོ་སྔོན་པོའི་བྱང་ངོགས་ཀྱི་གནས་སྐོར་ལམ་ཐིག་རྩེ་གྲ་དང “མཛེས་ལྗོངས་ཁུལ+བཟའ་བཏུང+གནས་སྐོར+ཞག་སྡོད”བཅས་ཀྱི་གནས་སྐོར་བྱེད་སྟངས་གཏོད་དགོས་པ་དང་། མཛེས་ལྗོངས་ཁུལ་གྱིས་ཟ་ཁང་དང་མགྲོན་ཁང་དང་འབྲེལ་མཐུད་བྱས་ཏེ་གནས་སྐོར་གྱི་སྡེབས་འཛིན་དང་སྦྲེལ་འཛིན་འདོན་པ་དང་རིན་གོང་ཕབ་གཅོག་བྱེད་དགོས།

སྣེ་ཁྲིད་ཚན་པ། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ།

3. ཝང་ལུའོ་པིན་རོལ་དབྱངས་རིག་གནས་གནས་སྐོར་དུས་ཆེན་དང་། མདའ་བཞི་རོལ་དབྱངས་དགའ་སྟོན། པད་ཁའི་མེ་ཏོག་རིག་གནས་གནས་སྐོར་སོགས་བྱེད་སྒོ་རབ་དང་རིམ་པ་དང་། ཉ་གཟིགས་བྱེད་སྒོ་སོགས་རོལ་དབྱངས་དང་། ཞབས་བྲོ། གླུ་གཞས་དགོང་ཚོགས་བཅས་ཀྱི་བྱེད་སྒོ་སྤེལ་ནས“འཁྲབ་སྟོན+གནས་སྐོར”དང་།“རོལ་དབྱངས+གནས་སྐོར”“འགྲན་བསྡུར+གནས་སྐོར”སོགས་ལས་རྣམ་མང་པོའི་འཛད་སྤྱོད་རྣམ་པ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།

4. མདོ་ལ་རིང་མོའི་སྐྱེ་ཁམས་འབྲོག་ར་དང་། ལུའུ་ཆིན་གླིང་ཁང་འཁོར་སྒར་འདེབས་སྤྱི་གླིང་སྒར་ས། སེམས་ཉིད་རྩྭ་ཐང་གི་རྫི་གླུ་སྒར་ས། ཡུས་ཨར་རི་གྲོང་གི་སྲེག་ཟས་སྒར་འདེབས་རྟེན་གཞི། ལྷ་ཁམས་བླ་མཚོའི་ཐོར་དམག་ཚོ་པའི་སྐྱེ་ཁམས་སྒར་ས། ལྷ་ཆབ་ཁུག་སྐྱེ་ཁམས་སྒར་འདེབས་རྟེན་གཞི། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ཕྱི་རོལ་སྒར་འདེབས་རྟེན་གཞི། གསེར་དངུལ་ཐང་ཆུ་ཐོག་སྤྲོ་སྐྱིད་གླིང་། ཅིན་ཧྲན་ཝན་སྒར་འདེབས་རྟེན་གཞི་སོགས་སྒར་འདེབས་རྟེན་གཞི་དང་། སྲེག་ཟས་རྟེན་གཞིའི་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞབས་ཞུའི་ནུས་པ་འཐུས་ཚང་དུ་བཏང་སྟེ། ཞབས་ཞུའི་ནུས་པ་མཐོར་འདེགས་དང་། སྒར་འདེབས་དཔལ་འབྱོར་དང་སྲེག་ཟས་འཛད་སྤྱོད་ཀྱི་རྣམ་པ་གཏོད་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། 

(གཉིས།)འཚོ་བའི་ཞབས་ཞུའི་འཛད་སྤྱོད་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་པའི་སྐོར།

5. 《མཚོ་བྱང་ཁུལ་གྱི2025ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ཇུས་གཞི》གཞིར་བཟུང་སྟེ། དུས་ཆེན་དང་གུང་གསེང་། ལུས་རྩལ་འགྲན་བསྡུར་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་བེད་སྤྱོད་གང་ལེགས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། གཙོ་བོ་ཚོང་ཁྲོམ་དང་། བཟའ་བཏུང་། ཞག་སྡོད། མཛེས་ལྗོངས་ཁུལ་བཅས་དང་དེ་བཞིན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་ཁེ་ལས་ལ་ཁྱབ་དགོས། “ཞིང་ལས་རིག་གནས་གནས་སྐོར་ཚོང་ལས”ཀྱི་ཕྱོགས་བསྡུས་འཛད་སྤྱོད་ནུས་ལྡན་ངང་མཐོ་རུ་བཏང་ནས་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ།

གཞོགས་འདེགས་ཚན་པ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཁུལ་ནོར་སྲིད་ཅུ།

6. ཁུལ་ཡོངས་སུ་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་འཚོལ་ཞིབ་དང་བཀོད་སྒྲིག་བྱས་ནས་ཁྲོམ་གཞུང་རྙིང་པ་སྒྱུར་བཀོད་དང་རིམ་སྤོར་བྱེད་པ་དང་། ལས་རྣམ་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་བ། ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བཟའ་བཅའ་དང་། གནས་སྐོར། ཉོ་སྒྲུབ། རོལ་རྩེད། ལུས་རྩལ། འགྲེམས་སྟོན། འཁྲབ་སྟོན་སོགས་ཁྱད་ཆོས་མངོན་གསལ་དོད་པ་དང་། ལས་རྣམ་སྣ་མང་། ས་གནས་དེ་གའི་དམངས་སྲོལ་རིག་གནས་མཉམ་འདྲེས་བཅས་ཀྱི་མཚན་ཁྲོམ་དང་བཟའ་བཏུང་ཁྲོམ་གཞུང་ཁག་གཅིག་གཏོད་དགོས། ལ་གཞས་འཁྲབ་སྟོན་དང་། རོལ་དབྱངས། ཞབས་བྲོ། སྒྱུ་རྩལ་འགྲེམས་སྟོན་སོགས་རིག་གནས་རོལ་རྩེད་བྱེད་སྒོ་དང་དེ་བཞིན་ཞིམ་ཟས་ཉམས་ལེན་བྱེད་སྒོ་སྤེལ་རྒྱུ་ཇུས་འགོད་བྱས་ནས་ཚོང་ལས་ཀྱི་མི་མང་པོ་གཅིག་སྡུད་བྱས་ཏེ་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་བྱེད་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་   ནོར་སྲིད་ཅུ། ཁུལ་སྤྱི་བདེ་ཅུ།

7. ནོར་སྲིད་དང་དངུལ་རྩའི་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་བཟའ་བཏུང་དང་ཨར་ཁང་སྒྱུར་བཀོད་རིམ་སྤོར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་བེད་མེད་དུ་ལུས་པའི་ཁང་ས་དང་། བེད་མེད་དུ་ལུས་པའི་ཞིང་པའི་ཁང་པ། གྲོང་ཚོའི་ཐུན་མོང་ཁང་པ་སོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་ཁུལ་ཡོངས་ཀྱི་ས་ཁོངས་སུ་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་སྐུལ་ལྕག་གཏོང་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་བེད་མེད་སྡོད་ཁང་སྤྱད་དེ་ས་ཁོངས་ཀྱི་ཁྱིམ་ཚང་མགྲོན་ཁང་ཁྱུ་ཚོགས་བསྐྲུན་པ་དང་། ཁྲིམ་ཚང་མགྲོན་ཁང་དཔལ་འབྱོར་དང་། སློབ་གསོ་ཟབ་སྦྱོང་། ཁྱིམ་དོན་ཞབས་ཞུ། སྐྲ་དཀར་དཔལ་འབྱོར་སོགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྫོང་ཁག་གི་སྨན་ཁང་དང་ཁམས་གསོ་ལྟེ་གནས། སྡེ་ཁུལ་གྱི་བུ་བཅོལ་ཞབས་ཞུ་སྒྲིག་བཀོད། རྒན་གསོ་སྒྲིག་གཞི་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་འཐུས་ཚང་དུ་བཏང་སྟེ། ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁུལ་སློབ་གསོ་ཅུ། ཁུལ་དམངས་སྲིད་ཅུ།

གཞོགས་འདེགས་ཚན་པ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་ཅུ།

(གསུམ།)གྲངས་འཛིན་འཛད་སྤྱོད་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་སྐོར།

8. དམངས་ཕན་དང་། ཞག་སྡོད་གསར་པ། བཟའ་བཏུང་གསར་པ། སིལ་ཚོང་གསར་པ་སོགས་ཚོང་ལས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། བཟའ་བཏུང་དང་། ཞག་སྡོད། ཁྱིམ་དོན་བཅས་འཕེལ་རྒྱས་གཏོང་བའི་དྲ་ཐོག་ཞབས་ཞུར་སྐུལ་མ་གཏོང་བ། ཚོང་ཟོག་ཁྲོམ་ར་དང་ཁེ་ལས་གྱི་གྲངས་འཛིན་ཅན་གྱི་སྒྱུར་བཀོད་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་མཛུབ་ཁྲིད་བྱེད་པ། རིག་ལྡན་ཚོང་ཁང་ཁྱབ་གདལ་གཏོང་བ། གཙོ་གནད་ཁྲོམ་ར་དང་ཁྲོམ་གཞུང་གི་རིག་ལྡན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། རིག་ལྡན་ཚོང་ཁུལ་གཏོད་པ། གྲངས་འཛིན་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས།

སྣེ་ཁྲིད་ཚན་པ། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་གཞི་གྲངས་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་དམངས་སྲིད་ཅུ།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ།

9. གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྣམ་གྲངས་མུ་མཐུད་སྲ་བརྟན་དང་མཐོ་རུ་བཏང་ནས“ཐད་གཏོང+”ཡི་གློག་རྡུལ་ཚོང་དོན་གྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་དར་སྤེལ་དང་ཟུང་འབྲེལ་བྱས་ཏེ་ཐད་གཏོང་གློག་རྡུལ་ཚོང་པའི་ཤེས་ལྡན་མི་སྣ་དང་གྲངས་འཛིན་འཁོར་རྒྱུག་ཁེ་ལས་སྐྱེད་སྲིང་བྱེད་པ། “ཐད་གཏོང+ཞིང་ཕྱུགས་ཐོན་རྫས”ཀྱི་བྲིན་ཚོང་འོས་སྦྱོར་བྱེད་སྒོ་ཧུར་ཐག་སྤེལ་བ་བཅས་བྱས་ནས་གྲངས་འཛིན་ཕྱིར་ཚོང་ནུས་པ་ཆེ་རུ་གཏོང་དགོས།

སྣེ་ཁྲིད་ཚན་པ། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་གཞི་གྲངས་ཅུ། ཁུལ་ནོར་སྲིད་ཅུ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ།

10.རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་རིམ་གསུམ་ཟོག་འགྲེམས་མ་ལག་གི་ཞབས་ཞུའི་ནུས་པ་མུ་མཐུད་སྲ་བརྟན་དང་མཐོ་རུ་བཏང་ནས་ས་ཁོངས་ཟོག་འགྲེམས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་ཁ་གསབ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་ལྡན་ཟོག་འགྲེམས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཟོག་འགྲེམས་རང་འགུལ་ཅན་དབྱེ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་མིའི་ཁུལ་ཆུང་དང་ཚན་པ་སོགས་གཙོ་གནད་གནས་ཡུལ་དང་གྲོང་གསེབ་ས་ཁུལ་དུ་རིག་ནུས་མྱུར་སྐྱེལ་སྒམ་ཁྱབ་གདལ་དང་བེད་སྤྱོད་གཏོང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་སྦྲག་སྲིད་དོ་དམ་ཅུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ནོར་སྲིད་ཅུ། ཁུལ་གྲངས་གཞི་ཅུ། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ།

(བཞི)ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བའི་སྐོར།

11.“ས་ཁུལ་གསུམ་དང་སྒྲོམ་བརྒྱ”ཡི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཁེ་ལས་ཀྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་ས་ཁུལ་དུ་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་བྱེད་པའི་འགྲེམས་ཚོང་ལྟེ་གནས་དང་། ཁྱད་ལྡན་ཐོན་རྫས་ཆེད་ཚོང་ཁང་། ཚོང་ཁྲོམ་ཆེད་སྒྲོམ་སོགས་དངོས་གཞིའི་ཚོང་ཁང་སྣ་ཚོགས་འཛུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཧྲན་ཏུང་དང་། ལན་ཀྲུའུ། ཞི་ཨན་བཅས་སུ་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཀྱི་སྔོན་ཉར་མཛོད་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ནས་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ནུས་ལྡན་གཏོང་བ་དང་། “མདོ་ལ་རིང་མོའི་འདབས་ཀྱི་འབྲོག་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་དེ་རང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་སྣེ་ཁུལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཧྲན་ཏུང་མཚོ་སྐྱོར་ལས་བྱེད་པ་དོ་དམ་ཚན་ཆུང་།

གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་ནོར་སྲིད་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཁུལ་ཁྲལ་དོན་ཅུ།

12.ཁ་གཏད་རོགས་སྐྲུན་དང་། ཤར་ནུབ་རྒྱུད་མཉམ་ལས། གནས་གཏན་འཁེལ་གྱི་རོགས་སྐྱོར་སོགས་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཞིང་ལས་ཐོན་རྫས་ཚོང་འདུས་དང་། ཞིང་ལས་ཐོན་རྫས་དངོས་མང་སྟོན་ཚོགས། སྤུས་རྟགས་ཚོང་ཟོག་འོས་སྦྱོར་ཚོགས་འདུ། མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ། མཚོ་བྱང་གི་ཐོན་རྫས་གྲགས་ཅན་ཧྲན་ཏུང་དུ་བསྐྱོད་པ་སོགས་ཀྱི་འགྲེམས་ཚོང་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཕྱིར་གཏོང་ཐབས་ལམ་རྒྱ་ཆེར་གཏོང་དགོས།

སྣེ་ཁྲིད་ཚན་པ། རྫོང་ཁག་གི་མི་དམངས་སྲིད་གཞུང་དང་། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ།

གཞོགས་འདེགས་ཚན་པ། ཧྲན་ཏུང་མཚོ་སྐྱོར་ལས་བྱེད་པ་དོ་དམ་ཚན་ཆུང་དང་། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་ནོར་སྲིད་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

13.ཁུལ་ཁོངས་ཀྱི་ཚོང་ཁང་ཆེ་གྲས་ཁག་དང་། མཛེས་ལྗོངས་ཁུལ་གྱི་གནས་སྐོར་ཞབས་ཞུ་ལྟེ་གནས། སྣུམ་སྣོན་ས་ཚིགས། སྤུས་རྟགས་བཟའ་བཏུང་ཁེ་ལས་སོགས་ཀྱིས་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཕྱིར་ཚོང་ཆེད་སྒྲོམ་འཛུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མཚོ་བྱང་གི་ཐོན་རྫས་གྲགས་ཅན་སྒོ་རྩིས་ཚོང་ཁང་དང་། མཛེས་ལྗོངས་ཁུལ། སྣུམ་སྣོན་ས་ཚིགས། ཁེ་ལས་བཅས་སུ་འདྲེན་རྒྱུར་སྐུལ་འདེད་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་རོགས་རམ་བྱེད་དགོས།

སྣེ་ཁྲིད་ཚན་པ། རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ།

གཞོགས་འདེགས་ཚན་པ། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།

གསུམ་པ།འགན་སྲུང་བྱེད་ཐབས།

(གཅིག)རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བཀོད་སྒྲིག་དང་། འབྲེལ་གཏུག་སྦྲེལ་མཐུད། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་མཉམ་འདྲེས་དང་། ཐོན་ཁུངས་མཉམ་སྤྱོད། ཆ་འཕྲིན་ཤར་གཏོང་། བྱེད་སྒོ་མཉམ་སྒྲུབ། སྤུས་རྟགས་མཉམ་སྐྲུན་བཅས་མངོན་འགྱུར་ཡོང་བར་བྱས་ཏེ་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་རིམ་སྤོར་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལོ་རེའི་ལོ་མཇུག་ཏུ་ཁུལ་སྲིད་གཞུང་ལ་སྙན་སེང་ཞུ་དགོས།

(གཉིས།)ནོར་ཁྲལ་དང་དངུལ་རྩའི་རྒྱབ་སྐྱོར་འཐུས་ཚང་དུ་གཏོང་དགོས། ཀུན་ཕན་དངུལ་རྩའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ཐོན་ཁུངས་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་ལ་ཕྱོགས་པར་ཁྲིད་སྟོན་བྱས་ཏེ། ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། ཞིབ་མཆན་འགོད་པའི་ལས་ཆོད་ཆེ་རུ་གཏོང་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ལས་ཁུངས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་ཁང་གི་འགན་བཅོལ་ཁག་དབྱེའི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། བསྡུར་ཚད་དེ“རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཐེབས་རྩ་དང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་འཁུར་བའི་ཉེན་ཁའི་འགན་འཁྲིའི་བསྡུར་ཚད་ཚང་མ20%ལས་དམའ་མི་རུང་བའི”བླང་བྱ་ལྟར་ལག་བསྟར་བྱེད་དགོས། ཁྲལ་འཇལ་ཡིད་རྟོན་གདེང་འཇོག་བྱས་འབྲས་བཀོལ་སྤྱོད་གཏིང་ཟབ་བྱས་ཏེ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་དང“དངུལ་ཁང་དང་དཔྱ་ཁྲལ་མཉམ་འགུལ”གྱི་མཉམ་ལས་སྤེལ་དགོས།(འགན་འཁྲིའི་སྡེ་ཚན། ཁུལ་ནོར་སྲིད་ཅུ། ཁུལ་ཁྲལ་དོན་ཅུ། མི་དམངས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་།)

(གསུམ།)ཞབས་ཞུའི་འཛད་སྤྱོད་སྡོམ་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་ཞབས་ཞུའི་འཛད་སྤྱོད་སིལ་འཚོང་གྲངས་འབོར་ཚོད་རྩིས་བྱེད་པའི་རྨང་གཞིའི་གཞི་གྲངས་འཚོལ་སྡུད་དང་ཞིབ་བཤེར། དབྱེ་ཞིབ་བཅས་བྱེད་པར་ཤུགས་སྣོན་ཆེན་པོ་རྒྱག་དགོས་པ་མ་ཟད། དུས་ཐོག་ཏུ་ནང་དུ་ཞུགས་པའི་ཚད་གཞིར་སླེབས་པའི་ཁེ་ལས་ཀྱི་རེ་ཞུ་རྩ་འཛུགས་བྱས་ཏེ། གཅིག་གྱུར་བྱེད་དགོས་རིགས་གཅིག་གྱུར་དང་། འཇལ་དགོས་རིགས་ཚང་མ་འཇལ་དགོས།(འགན་འཁྲིའི་ཚན་པ། ཁུལ་སྡོམ་རྩིས་ཅུ།)

ཟུར་བཀོད་ཡིག་ཆ། ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཙོ་གནད་ཐོག་གཏོད་པ།


ཟུར་བཀོད་ཡིག་ཆ།

༄༅། །ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཙོ་གནད་ཐོག་གཏོད་པ།


《མཚོ་བྱང་ཁུལ་གྱིས“དག་སྣང་མཚོ་བྱང་།•ཕྱི་རོལ་གྱི་གནས་མཆོག”ཅེས་པའི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་པའི་ལག་བསྟར་ཇུས་གཞི》ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་བྱེད་ཆེད་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་ཆེད། རྫོང་ཁག་གིས་གཤམ་གསལ་གྱི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཙོ་གནད་ཐོག་གཏོད་དགོས།

གཅིག འཇུ་ལག་རྫོང་གིས“གསེར་མདོག་འཇུ་ལག•གངས་འདབས་མགྲོན་བསུ་ཁང”གི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་དགོས།

“གསེར་མདོག་འཇུ་ལག”ཅེས་པའི་མིང་བྱང་ལྟེ་བར་བྱེད་པ་དང་། མེ་ལྷ་གངས་དཀར་གནས་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དང་། མེ་ལྷ་གངས་དཀར་གངས་ཤུད་རི་འཛེག་སྦྲེལ་འགྲན་སོགས་ལུས་རྩལ་འགྲན་བསྡུར་རྩེ་གྲ་དང་དེ་བཞིན་པད་ཁའི་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་སོགས་ཁྱད་ལྡན་དུས་ཆེན་བྱེད་སྒོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། བཟའ་བཏུང་དང་། སྐར་མ་རིམ་པའི་མགྲོན་ཁང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་ལེ་ལག་ཚང་བའི་རྨང་གཞིའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་དང་། སྐྱེ་ཁམས་སྒར་འདེབས། ཕྱི་རོལ་སྲེག་ཟས་སོགས་སྤྲོ་གསེང་ལས་རྣམ་བཀོད་སྒྲིག་དང་། སྐམས་ཤའི་དགའ་སྟོན་དང་། ཧོས་རིགས་ཀྱི་ཁྱད་ལྡན་གསོལ་སྟོན་སོགས་འདོན་པ་དང་། རི་འཛེག་དང་གངས་ཤུད། རྐང་བགྲོད། སྒར་འདེབས་གཙོ་བྱས་པའི་ཆེད་ལས་གསོ་སྦྱོང་དང་། སྒྲིག་ཆས་ཞབས་ཞུ། སྤྲོ་གསེང་འཛད་སྤྱོད་བཅས་འདུ་བའི་སྦྲེལ་ཐག་ཧྲིལ་བོའི་གངས་འཁྱགས་འཛད་སྤྱོད་རྣམ་པ་གཏོད་དགོས། མཛེས་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་གངས་རིའི་ཐོན་ཁུངས་ལ་བརྟེན་ནས་ཚད་ལྡན་ཅན་གྱི་རི་འཛེག་གསོ་སྦྱོང་རྟེན་གཞི་བསྐྲུན་པ་དང་ལྷན་དུ་ཕྱི་རོལ་གྱི་སྒྲིག་ཆས་བོགས་གཏོང་ལྟེ་གནས་དུས་གཅིག་ཏུ་བཏོད་དེ་གནས་སྐོར་བ་མི་འདྲ་བའི་རང་གཤིས་ཅན་གྱི་དགོས་མཁོ་སྐོང་དགོས། དེ་དང་ཆབས་ཅིག་རིག་གནས་གནས་སྐོར་ཚོང་ལས་ཀྱི་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱས་ཏེ།“གསེར་མདོག་འཇུ་ལག•གངས་འདབས་མགྲོན་བསུ་ཁང”གི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་པ་དང་། ཕྱི་རོལ་ལུས་རྩལ་དང་། རྩལ་ནུས་སློབ་སྦྱོང་། སྤྲོ་གསེང་འཛད་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་གངས་འཁྱགས་གནས་སྐོར་བྱ་ཡུལ་ཞིག་ཆགས་ནས་གནས་སྐོར་བར་གཅིག་འཐུས་རྣམ་པའི་གངས་འཁྱགས་ལུས་རྩལ་གྱི་མྱོང་ཚོར་སྦྱིན་དགོས།

གཉིས། མདོ་ལ་རྫོང་གིས“ལྷ་ཁམས་མདོ་ལ•སྒེར་འཁོར་བཏང་སའི་གནས་མཆོག”གི་ལངས་གནས་ལ་དམིགས་ཏེ། ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་དགོས།

“ལྷ་ཁམས་མདོ་ལ”ཞེས་པའི་མིང་བྱང་ལྟེ་བར་བྱས་ནས“ལྷ་ཁམས་མདོ་ལ•སྒེར་འཁོར་བཏང་སའི་གནས་མཆོག”གི་ལངས་གནས་ལ་དམིགས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོ་རྩྭ་ཐང་། ཨ་མྱེས་སྟོང་སོ། བཙུན་མོ་དམར་ཡག་མ། ལབ་ཙེ་སྒང་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། “སྒེར་འཁོར+སྒར་འདེབས”ཀྱི་འབྲེལ་ཐག་ཧྲིལ་པོའི་དཔལ་འབྱོར་གྱི་འཛད་སྤྱོད་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཚད་ལྡན་ཅན་གྱི་སྒེར་འཁོར་ཞབས་ཞུའི་ས་ཚིགས་བསྐྲུན་ནས་རླངས་འཁོར་ཞིབ་བཤེར་ཞིག་གསོ་དང་། ལམ་ཐིག་འཆར་འགོད། འཕྲལ་སྡོམ་རོགས་སྐྱོབ་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས། སྐར་མ་རིམ་པའི་སྒར་འདེབས་རྟེན་གཞིའི་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཆུ་གློག་ས་ཚིགས། རིག་ནུས་ལུས་འཁྲུ། སྐར་ཚོགས་གུང་ཁང་། གཟབ་རྒྱས་ཤིང་ཁང་སོགས་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་སྒརའདེབས་ཀྱི་དགོས་མཁོ་སྣ་མང་སྐོང་དགོས། ཉེ་འཁོར་གྱི་གྲོང་མིའི་མགྲོན་ཁང་དང་མཉམ་འགུལ་གྱིས“སྒེར་འཁོར་བཏང་ནས་སྒར་འདེབས+ཁྱད་ལྡན་ཞག་སྡོད”ཀྱི་རྣམ་པ་གཏོད་པ་དང་། ཕྱི་རོལ་གྱི་སྲེག་ཟས་ཆེད་ཁུལ་འཛུགས་པ། མདོ་ལ་རིང་མོའི་ཁྱད་ལྡན་རིག་གནས་གསར་གཏོད་དང་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་འགྲེམས་ཚོང་བྱེད་པ། མཚན་མོའི་མེ་ཕུང་དགོང་ཚོགས་དང་སྐར་ཚོགས་ལྟ་ཞིབ་ཚད་ལེན་སོགས་རོལ་རྩེད་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་དགོས། དེ་དང་ཆབས་ཅིག་མདོ་ལ་རིང་མོའི་ལུག་ཤ་སྲེག་མ་དང་། ལུག་གི་ནང་ཁྲོལ་ཁུ་བ། ཤ་མོའི་ཟས་རིགས་སོགས་ཞིམ་ཟས་རིག་གནས་ལ་བརྟེན་ནས “ལྕེ་རྩེའི་སྒེར་འཁོར་འགྲུལ་བཞུད”ཀྱི་ཟས་མཆོག་མྱོང་རོལ་གྱི་ས་ཁྲ་འདོན་དགོས། “རིག་གནས་གནས་སྐོར+སྒེར་འཁོར་བཏང་ནས་སྒར་འདེབས+སྤྲོ་གསེང+ཁྱད་ལྡན་ཞིམ་ཟས”བཅས་ཀྱི་སྣ་མང་ལས་རྣམ་བསྡུ་སྒྲིལ་བྱས་པ་བརྒྱུད་མདོ་ལ་རྫོང་དེ་སྐྱེ་ཁམས་ལྟ་སྐོར་དང་། ཕྱི་རོལ་ཉམས་ལེན། དམངས་སྲོལ་མྱོང་རོལ། ཞིམ་ཟས་ལོངས་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་ནུབ་བྱང་གི་སྒེར་འཁོར་བཏང་ནས་སྒར་འདེབས་བྱ་ཡུལ་དང་པོར་གཏོད་དགོས།

གསུམ། མདའ་བཞི་རྫོང་གིས“བདེ་བརྟན་མདའ་བཞི•གསར་བརྗེའི་ཞིབ་སློབ་གནས་སྐོར”གྱི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གཏོད་དགོས།

“བདེ་བརྟན་མདའ་བཞི”མིང་བྱང་དུ་བྱས་ནས་མ་རྡུལ་མཁར་དྲན་གསོ་ཁང་དང་། 221རྟེན་གཞིའི་གནས་རྙིང་། མཁའ་དམག་གི་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་ཀྱི་གནས་རྙིང་། དུས་རབས་ཀྱི་མིག་དཔེའི་དྲན་གསོ་ཁང་། “མདེལ་གཉིས་སྐར་གཅིག”གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་སོགས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གཙོ་བོར་བྱས་ཏེ་མཉམ་འདྲེས་ཉམས་ལེན་རྣམ་པའི་སྣ་མང་ཞིབ་སློབ་ཀྱི་དཔལ་འབྱོར་འཛད་སྤྱོད་ཀྱི་རྣམ་པ་ཞིག་གཏོད་དགོས། གསར་བརྗེ་ཉམས་ལེན་ཆེད་ཁུལ་དང་གནས་ཚུལ་འདྲ་བཟོའི་སློབ་ཁང་གསར་གཏོད་བྱས་ནས་ལོ་རྒྱུས་ཀྱི་རྣམ་པ་སླར་གསོ་དང་། ཐོབ་ཐང་འཁྲབ་སྟོན་བྱེད་པ། VRལག་རྩལ་བཅས་བརྒྱུད་དེ“མདེལ་གཉིས་སྐར་གཅིག”ཞིབ་འཇུག་གསར་སྤེལ་འགག་སྒྲོལ་གྱི་ལོ་རྒྱུས་དང་གསར་བརྗེའི་སྔོན་རབས་པའི་གཏམ་རྒྱུད་བསྐྱར་དུ་མངོན་པར་བྱས་ཏེ། མི་རྣམས་ལ་གསར་བརྗེའི་སྙིང་སྟོབས་ཚོར་ཐུབ་པར་བྱེད་དགོས། དེ་དང་ཆབས་ཅིག་མཚོ་སྔོན་པོ་དང་། གསེར་དངུལ་ཐང་། སྨོན་ལམ་མཐོན་པོ། བྱེ་མ་ལ་བདུན་སོགས་རིག་གནས་གནས་སྐོར་ཐོན་ཁུངས་དང་འབྲེལ་མཐུད་བྱེད་པ་དང་། མཚོ་སྔོན་པོའི་མི་རིགས་རྟ་རྩལ་སྤེལ་རེས་ཚོགས་ཆེན་དང་མཚོ་སྔོན་པོའི་མཚོ་མཆོད་མཛད་སྒོ་ཆེ་མོ། སྨོན་ལམ་མཐོན་པོ་རྐང་ཐང་འགྲན་བསྡུར་ཆེ་མོ། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན། ཀྲུང་གོའི་མ་རྡུལ་མཁར་གསར་བརྗེའི་རྩྭ་ཐང་རིག་གནས་སྒྱུ་རྩལ་གནས་སྐོར་དུས་ཚིགས་སོགས་རིག་གནས་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་བཟའ་བཏུང་དང་། མགྲོན་ཁང་། ཚོང་ཁྲོམ། རོལ་རྩེད་སོགས་ཞབས་ཞུའི་འགན་ལེན་སྒྲིག་བཀོད་མཐོར་འདེགས་གཏོང་དགོས། སློབ་གསོ་དང་ཉམས་ལེན། སྤྲོ་གསེང་སོགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། “བདེ་བརྟན་མདའ་བཞི•གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་གནས་སྐོར”ཞེས་པའི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཙོ་གནད་ཐོག་གཏོད་དགོས་པ་དང་། རྒྱ་ཆེའི་གནས་སྐོར་བར་ཤེས་བྱ་སློབ་སྦྱོང་དང་། སྙིང་སྟོབས་རྒྱུན་འཛིན། ལག་ལེན་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཞིབ་འཇུག་སློབ་སྦྱོང་གི་དཔེ་སྟོན་གསར་པ་མཁོ་འདོན་བྱེད་དགོས།

བཞི། རྐང་ཚ་རྫོང་གིས“བོད་མཁར་རྐང་ཚ•རྐང་འཁོར་ཞོན་པའི་གནས་མཆོག”གི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་དགོས།

“བོད་མཁར་རྐང་ཚ”མིང་བྱང་བྱས་ཤིང་། མཚོ་སྔོན་པོ་ཕྱི་རོལ་རྐང་འཁོར་ཞོན་པ་ལྟེ་བར་བྱས་ཏེ། མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་རྐང་འཁོར་ས་ཚིགས་ཕྱོགས་ཡོངས་ནས་བཀོད་སྒྲིག་མཐོར་འདེགས་བྱེད་པ་དང་། ཉེ་འགྲམ་གྱི་གྲོང་མིའི་མགྲོན་ཁང་། སྒར་འདེབས། སྐར་མ་རིམ་པའི་མགྲོན་ཁང་། བཟའ་བཏུང་། ཉོ་སྒྲུབ། རོལ་རྩེད་སོགས་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས་ལ། ལྷ་ཆབ་ཁུག་སྐྱེ་ཁམས་སྒར་ས་དང་། ཁེ་རམ་ཐང་བརླན་ས། ཙོང་ཉའི་ཁྱིམ་གཞིས་སོགས་མཛེས་ལྗོངས་ཁུལ་གལ་ཆེན་དང་འབྲེལ་མཐུད་བྱེད་པ་དང་། ཀྲུང་གོ•མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་དང་། “ཞལ་དཀར་བུམ་པ་དང་བླ་མཚོ་བུམ་པའི”མཐོ་སྒང་རྟ་རྒྱུག་འགྲན་སྡུར་སོགས་ལུས་རྩལ་འགྲན་སྡུར་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་འཐེན་ཐུག་དང་། ཤ་སྐམ། འབྲི་ཞོ། བོད་ལུགས་ཤ་མོག་སོགས་འདོན་པ་དང་། “རིག་གནས་གནས་སྐོར+ཕྱི་རོལ་རྐང་འཁོར་ཞོན་པ+ལུས་རྩལ་འགྲན་བསྡུར+ཁྱད་ལྡན་ཟས་ཞིམ”བཅས་ཀྱི་ལས་རྣམ་མང་པོ་མཉམ་འདྲེས་ཀྱི་ཞབས་ཞུའི་འཛད་སྤྱོད་རྣམ་པ་གཏོད་དགོས།

སངས་རྒྱས་སྐྱིད་ཀྱིས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་གཞི་གྲངས་དང་བསྡུར་ཚད། ལོ་ཚད་བཅས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས།
སྐབས་རྗེས་མ། མེད།
མཉམ་སྤྱོད།