དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་གཞི་གྲངས་དང་བསྡུར་ཚད། ལོ་ཚད་བཅས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས།

2026-03-17 10:30:18   |   35

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། 《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》  བཤེར་འབེབས། རིན་ཆེན་ཚེ་རིང་།


༄༅། །མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་གཞི་གྲངས་དང་བསྡུར་ཚད། ལོ་ཚད་བཅས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར། 

བྱང་སྲིད་གཞུང〔2025〕ཨང32པ། 

རྫོང་ཁག་གི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོའི་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་ཁག་དང་ཚན་པ་ཁག་བཅས་ལ། 

《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་གཞི་གྲངས་དང་བསྡུར་ཚད། ལོ་ཚད་བཅས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས》དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས69པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པས། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རོགས། 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། 

2025ལོའི་ཟླ12ཚེས2ཉིན། 

(ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)

༄༅། །མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་གཞི་གྲངས་དང་བསྡུར་ཚད། ལོ་ཚད་བཅས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས།

མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་དགོས་མཁོ་སྔར་བས་འགན་སྲུང་བྱས་ཏེ་སྔར་བས་ནུས་ལྡན་དང་བརྟན་པོ། རིམ་པ་མང་བ་བཅས་ཀྱི་སྨན་བཅོས་འགན་སྲུང་མ་ལག་འཛུགས་ཆེད། 《མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》〔རྒྱལ་སྤེལ〔1998〕ཨང44པ〕དང《མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ལམ་ལུགས་སྒྱུར་བཅོས་ལག་བསྟར་བྱ་ཐབས》〔མཚོ་སྲིད་གཞུང〔2000〕ཨང72པ〕།《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》〔མཚོ་སྤེལ〔2021〕ཨང9པ〕གཞིར་བཟུང་བ་དང་། 《སྤྱི་ཚོགས་གུན་སྐྱོབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར། གཤམ་གསལ་སྲིད་ཇུས་ཀྱི་ནང་དོན་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ཡོད་པས། བརྩི་སྲུང་དང་ལག་བསྟར་བྱེད་རོགས། 

གཅིག ལག་བསྟར་ཁྱབ་ཁོངས་དང་བྱ་ཡུལ།

ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ནི་ཁྲིམས་ལྟར་མི་སྤྱོད་ཚན་པའི་ལས་བཟོ་པར་ཁྱབ་ཅིང་། གླ་པ་མེད་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་དུད་དང་། མི་སྤྱོད་ཚན་པའི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ནང་ཞུགས་མེད་པའི་ཉིན་གང་ལམ་ལུགས་མ་ཡིན་པའི་ལས་ཞུགས་མི་སྣ་དང་དེ་བཞིན་སྟབས་བསྟུན་ལས་ཞུགས་མི་སྣ་གཞན་དག(གཤམ་དུ་སྟབས་བསྟུན་ལས་ཞུགས་མི་སྣ་ཞེས་བསྡུས་མིང་འབོད་རྒྱུ)བཅས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ནང་ཞུགས་ཆོག

གཉིས། དངུལ་སྤྲོད་གཞི་གྲངས། 

(གཅིག)ཚན་པའི་དངུལ་སྤྲོད་གཞི་གྲངས་ལེགས་སྒྲིག་བྱེད་པ། 

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའི《ཞིང་ཆེན་ཡོངས་ཀྱི་ལས་བཟོ་པའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་འབྲེལ་ཡོད་སྲིད་ཇུས་ཚད་ལྡན་དང་གཅིག་གྱུར་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》ནང་དོན་གཞིར་བཟུང་། མི་སྤྱོད་ཚན་པའི་དངུལ་སྤྲོད་གཞི་གྲངས་ནི་ལས་བཟོ་པའི་གླ་ཕོགས་བསྡོམས་འབོར་ཡིན་པ་དང་། ལས་བཟོ་པ་ 

མི་སྒེར་གྱི་དངུལ་སྤྲོད་གཞི་གྲངས་ནི་མི་སྒེར་གྱི་གླ་ཕོགས་ཡོང་འབབ་ཡིན། ལས་བཟོ་པའི་གླ་ཕོགས་བསྡོམས་འབོར་དེ་རྒྱལ་ཁབ་བསྡོམས་རྩིས་ཅུའི《གླ་ཕོགས་བསྡོམས་འབོར་གྲུབ་ཆའི་སྐོར་གྱི་གཏན་འབེབས》(རྒྱལ་ཁབ་བསྡོམས་རྩིས་ཅུའི་བཀའ་ཨང1པོ)《སྤྱི་ཚོགས་གུན་སྐྱོབ་ཀྱི་དངུལ་སྤྲོད་གཞི་གྲངས་ཚད་ལྡན་དུ་གཏོང་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་སྦྱོར》(ངལ་སྤྱི་གུན་སྐྱོབ་ལྟེ་གནས་ཀྱི་སྦྲག་འཕྲིན〔2006〕ཨང60པ)སོགས་གཏན་འབེབས་བྱས་པའི་གླ་ཕོགས་བསྡོམས་རྩིས་རྒྱག་སྟངས་ལྟར་རྩིས་རྒྱག་དགོས། རྒྱལ་ཁབ་བསྡོམས་རྩིས་ཅུ་སོགས་ཀྱི་འབྲེལ་ཡོད་ཡིག་ཆའི་ནང་གཏན་འབེབས་ཁ་གསལ་བྱས་མེད་པར་གླ་ཕོགས་ཡོང་འབབ་བསྡོམས་རྩིས་རྣམ་གྲངས་སུ་མི་བརྩི་བ་རྣམས་ཡོངས་རྫོགས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་གཞི་གྲངས་སུ་བརྩི་དགོས། ལས་བཟོ་པ་ལོ་འཁོར་གོང་མའི་མི་སྒེར་གྱི་ཟླ་རེའི་ཆ་སྙོམས་གླ་ཕོགས་དེ་མི་སྒེར་གྱི་དངུལ་སྤྲོད་གཞི་གྲངས་ལ་ཞིབ་བཤེར་གཏན་འབེབས་བྱེད་དགོས། གསར་དུ་བསྡུས་པའི་ལས་བཟོ་པ(ལས་ཀ་སྤོ་སྒྱུར་བྱས་པ་སོགས་ཀྱི་རྐྱེན་པས་གསར་དུ་ལས་ཞུགས་བྱས་པའི་ལས་བཟོ་པ་ཚུད་པ)ཡིས་ཟླ་དེའི་གླ་ཕོགས་ཡོང་འབབ་དེ་དངུལ་སྤྲོད་གཞི་གྲངས་སུ་བརྩི་རྒྱུ། ཕྱི་ལོ་ནས་བཟུང་ལོ་གོང་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་དངུལ་སྤྲོད་གཞི་གྲངས་སུ་བརྩི་དགོས། ཚན་པས་ཡུན་རིང་དུ་ལས་བྲལ་སློབ་སྦྱོང་མི་སྣ་མངགས་གཏོང་བྱས་པ་དང་ཆོག་མཆན་ཐོབ་པ་བརྒྱུད་གུང་གསེང་ཡུན་རིང་ཞུས་པའི་ལས་བཟོ་པར་གླ་ཕོགས་ཀྱི་འབྲེལ་བ་སོར་འཇོག་བྱས་ཡོད་ན། ལས་བྲལ་དང་གནང་བ་ཞུས་པའི་ལོ་སྔོན་མའི་ཆ་སྙོམས་ཀྱི་གླ་ཕོགས་དེ་དངུལ་སྤྲོད་གཞི་གྲངས་སུ་བརྩི་དགོས། ཚན་པས་ཕྱི་རྒྱལ་དང་ཕྱི་རྒྱལ་དུ་ལས་ཀ་བྱེད་པར་མངགས་པའི་ལས་བཟོ་པའི་རིགས་མི་རང་ཉིད་ཕྱི་རྒྱལ(མངའ་ཁོངས་ཕྱི)དུ་འགྲོ་བའི་ལོ་གོང་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་དངུལ་སྤྲོད་གཞི་གྲངས་སུ་བརྩིས་ནས་རྩིས་རྒྱག་དགོས། ལས་ཤོར་བྱུང་རྗེས་ལས་ཞུགས་བསྐྱར་མ་བྱེད་མཁན་ལས་བཟོ་པར་བསྐྱར་དུ་ལས་ཞུགས་བྱས་ནས་གླ་ཕོགས་ཐོབ་པའི་ཟླ་དེའི་གླ་ཕོགས་ཡོང་འབབ་དེ་དངུལ་སྤྲོད་གཞི་གྲངས་སུ་བརྩི་རྒྱུ། ཕྱི་ལོ་ནས་བཟུང་ལོ་གོང་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་དངུལ་སྤྲོད་གཞི་གྲངས་སུ་བརྩི་དགོས། དངུལ་སྤྲོད་གཞི་གྲངས་དེ་ལོ་འཁོར་གོང་མའི་གོང་མའི་ཞིང་ཆེན་ཡོངས་ཀྱི་ཁ་ཚད་ཡོངས་ཀྱི་མཁར་གྲོང་ཚན་པར་ལས་ཞུགས་བྱས་པའི་མི་སྣའི་ཆ་སྙོམས་གླ་ཕོགས་ཀྱི60%ལས་དམའ་མི་རུང་བ་དང་། 60%ལས་དམའ་བ་ཡོད་ན60%གཞིར་བཟུང་དངུལ་སྤྲོད་དགོས། ལོ་འཁོར་གོང་མའི་གོང་མའི་ཞིང་ཆེན་ཡོངས་ཀྱི་ཁ་ཚད་ཡོངས་ཀྱི་མཁར་གྲོང་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས300%ལས་བརྒལ་ཚེ། 300%གཞིར་བཟུང་དངུལ་སྤྲོད་རྒྱུ། 

(གཉིས།)སྟབས་བསྟུན་ལས་ཞུགས་མི་སྣའི་དངུལ་སྤྲོད་གཞི་གྲངས་ལེགས་སྒྲིག་བྱེད་པ། 

སྟབས་བསྟུན་ལས་ཞུགས་མི་སྣའི་དངུལ་སྤྲོད་གཞི་གྲངས་དེ་ལོ་འཁོར་གོང་མའི་གོང་མའི་ཞིང་ཆེན་ཡོངས་ཀྱི་ཁ་ཚད་ཡོངས་ཀྱི་མཁར་གྲོང་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ཀྱི80%ཡིན་པ་གཏན་འཁེལ་བྱས་ཡོད།

གསུམ། དངུལ་སྤྲོད་བསྡུར་ཚད་དང་དངུལ་སྤྲོད་ལོ་ཚད་ཀྱི་འབྲེལ་ཡོད་སྲིད་ཇུས། 

(གཅིག)ཚན་པའི་དངུལ་སྤྲོད་བསྡུར་ཚད་དང་དངུལ་སྤྲོད་ལོ་ཚད་ཀྱི་འབྲེལ་ཡོད་སྲིད་ཇུས། 

ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་གྲོན་དངུལ་ནི་མི་སྤྱོད་ཚན་པ་དང་ལས་བཟོ་པས་ཐུན་མོང་དུ་འཇལ་སྤྲོད་བྱ་རྒྱུ་དང་། ལས་བཟོ་པ་སྒེར་གྱིས་འཇལ་སྤྲོད་བྱ་རྒྱུའི་གྲོན་དངུལ་ནི་མི་སྤྱོད་ཚན་པས་ཚབ་འཐེན་ཚབ་འཇལ་བྱ་རྒྱུ། མི་སྤྱོད་ཚན་པའི་གྲོན་དངུལ་སྤྲོད་ཚད(བུ་བཙའི་གུན་སྐྱོབ་ཚུད་མེད)6%ནས8%བར་ལེགས་སྒྲིག་བྱས་པ་དང་། ལས་བཟོ་པ་མི་སྒེར་གྱི་དངུལ་སྤྲོད་གྱི་ཚད2%ལ་འགྱུར་བ་བཏང་མེད། ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་དངུལ་སྤྲོད་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ཐེབས་རྩ་འཁོར་སྐྱོད་བྱས་ཚུལ་སོགས་འགུལ་རྣམ་ལེགས་སྒྲིག་བྱ་དགོས། གུན་སྐྱོབ་ནང་ཞུགས་པའི་ལས་བཟོ་པ་ཁྲིམས་གྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་སྐབས། ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་རིམ་རྩིས་དངུལ་སྤྲོད་ལོ་ཚད(དངུལ་སྤྲོད་ལོ་ཚད་དང་མཚུངས་པ་ཚུད)སྐྱེས་པ་ལོ30ལ་སླེབས་པ་དང་བུད་མེད་ལོ25ལ་སླེབས་པ་མ་ཟད། དངོས་སུ་དངུལ་སྤྲོད་ལོ་ཚད་ལོ15ལས་མི་ཉུང་བ་ཡིན་དགོས། ལས་འཁྱུར་ངལ་གསོ་རྒྱག་སྐབས་དངུལ་སྤྲོད་ལོ་ཚད་གོང་གསལ་གཏན་འབེབས་ཀྱི་ལོ་ཚད་ཆེས་དམའ་ཤོས་སུ་སླེབས་མེད་ན། ཚན་པས་མི་སྒེར་ལས་འཁྱུར་ངལ་གསོ་མ་བྱས་གོང་གི་ཟླ་བ་གཅིག་གི་དངུལ་སྤྲོད་གཞི་གྲངས་ལ་གཞིགས་པ་དང་། ཚན་པའི་དངུལ་སྤྲོད་ཚད་ལྟར་ཐེངས་གཅིག་གིས་གཏན་འབེབས་བྱས་པའི་དངུལ་སྤྲོད་ལོ་ཚད(དངུལ་སྤྲོད་ལོ་ཚད་དེ་དངུལ་སྤྲོད་ལོ་ཚད་དང་མཚུངས་པ་དང་དོན་དངོས་ཀྱི་དངུལ་སྤྲོད་ལོ་ཚད་གཉིས་ཚུད)བར་གསབ་འཇལ་བྱ་རྒྱུ་དང་། ལས་འཁྱུར་ངལ་གསོ་བྱས་རྗེས་གཞི་རྩའི་སྨན་བཅོས་གུན་སྐྱོབ་གྲོན་དངུལ་མི་སྤྲོད་པར་གཏན་འབེབས་ལྟར་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཐོབ་ཐང་ལོངས་སུ་སྤྱོད་ཆོག

(གཉིས།)སྟབས་བསྟུན་ལས་ཞུགས་མི་སྣའི་དངུལ་སྤྲོད་བསྡུར་ཚད་དང་དངུལ་སྤྲོད་ལོ་ཚད་ཀྱི་འབྲེལ་ཡོད་སྲིད་ཇུས། 

སྟབས་བསྟུན་ལས་ཞུགས་མི་སྣ་སྨན་བཅོས་གུན་སྐྱོབ་ནང་ཞུགས་པའི་དངུལ་སྤྲོད་རྣམ་པ་ནི། གཅིག་ནས8%+2%ཡི་དངུལ་སྤྲོད་ཚད་གཞིར་བཟུང་སྤྲོད་པའི་སྟབས་བསྟུན་ལས་ཞུགས་མི་སྣར་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་གཅིག་གྱུར་འཆར་འགོད་རྩིས་ཐོ་དང་མི་སྒེར་གྱི་རྩིས་ཁྲ་བཟོ་བ་དང་། གཉིས་ནས4.2%ཀྱི་དངུལ་སྤྲོད་ཚད་གཞིར་བཟུང་སྤྲོད་པའི་སྟབས་བསྟུན་ལས་ཞུགས་མི་སྣར་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་གཅིག་གྱུར་འཆར་འགོད་རྩིས་ཐོ་བཟོས་བ་ལས་མི་སྒེར་གྱི་རྩིས་ཐོ་མི་བཟོ་བར་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག སྟབས་བསྟུན་ལས་ཞུགས་མི་སྣའི་ཐོབ་ཐང་ཐོག་ནས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ནང་ཞུགས་རིགས་ལས་འཁྱུར་ངལ་གསོ་རྒྱག་སྐབས་རིམ་རྩིས་བྱས་ན་དངུལ་སྤྲོད་ལོ་ཚད(དངུལ་སྤྲོད་ལོ་ཚད་དང་མཚུངས་པ་དང་དངོས་སུ་དངུལ་སྤྲོད་ལོ་ཚད་གཉིས་ཚུད་པ)ལོ15ལས་མི་ཉུང་བ་དང་། ལོ15མི་ལོན་པར་ལོ་འཁོར་གོང་མའི་གོང་མའི་ཞིང་ཆེན་ཡོངས་ཀྱི་ཁ་ཚད་ཡོངས་ཀྱི་མཁར་གྲོང་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ཀྱི80%གཞི་གྲངས་སུ་བྱས་ཏེ། དངུལ་སྤྲོད་བསྡུར་ཚད་ལྟར་ཐེངས་གཅིག་ལ་ལོ15གསབ་སྤྲོད་བྱས་པ་མ་ཟད། ལས་འཁྱུར་ངལ་གསོ་རྒྱག་སྐབས་གཅིག་གྱུར་འཆར་འགོད་ཁུལ་དེའི་ནང་བསྟུད་མར་གྲོན་དངུལ་འཇལ་ནས་ཟླ36ལས་མི་ཉུང་བ་ཡིནདགོས།

བཞི། གཏན་འབེབས་གཞན་དག

(གཅིག)སྲིད་ཇུས་གཞན་དག་རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུ་དང་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས། 

(གཉིས)བརྡ་སྦྱོར་འདི2026ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་མཚོ་བྱང་ཁུལ་སྨན་བཅོས་འགན་སྲུང་ཅུས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ། 

ཀླུ་མོ་མཚོས་བསྒྱུར།


སྐབས་སྔོན་མ། དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཚོ་བྱང་ཁུལ་གྱི་ལག་བསྟར་ཇུས་གཞི།
སྐབས་རྗེས་མ། མེད།
མཉམ་སྤྱོད།