བོད་ཡིག    |    རྒྱ་ཡིག

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།(2025ལོའི་ཟླ1པོ།)

2025-04-28 15:47:13   |   168

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ1པོའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས63པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས57པ་གཙོ་སྐྱོང་གནང་། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། མ་རུའུ་ཞང་། ཧ་ཝུན་ཞུག ལི་ཞན་རུང་བཅས་ཞུགས་ཡོད།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་ཞིང་ཆེན་ཡོངས་ཀྱི་བཅོས་སྣུམ་ལས་རིགས་ཀྱི་སྡེ་ཚན་བརྒལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བཅོས་སྒྲིག་ཆེད་དོན(བརྙན་ལམ)གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དུ་ཕྱིན་ཏེ་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་གྱི་དཔྱད་ཞིབ་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་རིག་གནས་གནས་སྐོར་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་སོང་སྟེ་སློབ་གྲྭའི་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ།

ཟླ1ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དུ་སོང་སྟེ་འབྲེལ་མཐུད་ལས་དོན་སྙན་སེང་ཞུས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས2025ལོའི་ལོ་འཁོར་གྱི་མཐོ་རྒྱུགས་གསར་པའི་འཕྲོད་ནུས་ཚད་ལེན་ཚོད་ལྟའི་སྐོར་སྐྱོད་ལས་དོན་སྤེལ།

ཟླ1ཚེས4ནས5ཉིན་བར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་འཇུ་ལག་དང་མདོ་ལ་རྫོང་དུ་སོང་སྟེ། 2025ལོའི་ལོ་འཁོར་གྱི་མཐོ་རྒྱུགས་གསར་པའི་འཕྲོད་ནུས་ཚད་ལེན་ཚོད་ལྟའི་སྐོར་སྐྱོད་ལས་དོན་སྤེལ།

ཟླ1ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་ མ་རུའུ་ཞང་བཅས་ཁུལ་ཡན་ལག་ཚོགས་རའི་མཚོ་སྔོན་པོའི་མཐའ་སྐོར་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་ལས་གྲྭའི་སྐུལ་འདེད(བརྙན་ལམ)ཚོགས་འདུར་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་འགན་བབ་སྡེ་ཚན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་ཐད་གཏོགས་སྡེ་ཚན་དུ་སོང་སྟེ། བོད་ལུག་ཐོན་ལས་འཕེལ་རྒྱས་དང2025ལོའི་རྣམ་གྲངས་འཆར་འགོད་སོགས་ཀྱི་གཙོ་གནད་ལས་དོན་འབྲེལ་མཐུད་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང221གནས་རྙིང་གི་འབྲེལ་ཡོད་ས་གནས་སུ་བརྟག་ཞིབ་གནང་བར་ཕྱིན།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་མདའ་བཞི་རྫོང་རྒན་གསོ་ཁང་དང་རྒན་པའི་ཟས་རོགས་ས་ཚིགས་ཀྱི་དུས་ཆེན་སྔོན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

ཟླ1ཚེས6ནས7ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཧྲན་ཏུང་ཞིང་ཆེན་དུ་སོང་སྟེ་རོགས་སྐྲུན་ལས་དོན་འབྲེལ་མཐུད་བྱས།

ཟླ1ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཚོ་སྔོན་པོ་ཞིང་རར་སོང་སྟེ། བོད་ལུག་ལྗང་མདོག་འཁོར་རྒྱུག་ཚད་ལྡན་ཅན་གྱི་དཔེ་སྟོན་ར་བ་དང་། པད་ཁ་ལས་སྣོན་བཟོ་གྲྭ་དང་ཚོགས་ཁང་ཆེ་མོ། བཙོན་ཁང་གི་གནས་རྙིང་བཅས་ཀྱི་གཉེར་སྐྱོང་དང་སྲུང་སྐྱོང་བེད་སྤྱོད་གནས་ཚུལ་ལ་བརྟག་ཞིབ་གནང་། ཁུལ་རིམ་པའི་མགོ་ཁྲིད་ཀརྨ་ཚེ་རིང་དང་མ་རུའུ་ཞང་ཞུགས་ཡོད།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་རྐང་ཚ་རྫོང་ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་ཁར་སོང་སྟེ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བཏོན་པའི་དཔེ་མཚོན་གྱོད་གཞི་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འབྲེལ་ཆེད་དོན་འཛིན་གྲྭར་འཚམས་འདྲི་ཡང་གནང་། ཁུལ་རིམ་པའི་མགོ་ཁྲིད་མ་རུའུ་ཞང་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང2025ལོའི་མཚོ་བྱང་གི་མཁོ་འཚོང་ལོ་སར་ཚོང་ཟོག་དུས་ཆེན་གྱི་མགོ་ཚུགས་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་རྐང་ཚ་རྫོང་བྲ་སོག་དགོན་དུ་སོང་སྟེ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་འབྲེལ་ལུས་རྩལ་འགྲན་བསྡུར་གྱི་འབྲེལ་ཡོད་བྱེད་སྒོ་བཀོད་སྒྲིག་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་རྐང་ཚ་རྫོང་དུ་སོང་སྟེ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་གཞི་རིམ་སྤྱི་བདེ་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕྱིན་པ་དང་འབྲེལ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཟླ1ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་ལས་དོན་ཚོགས་འདུར་ཞུགས་པ་དང་འབྲེལ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་བོད་སྐྱོར་ཁག་བཅུ་གཅིག་པ་དང་ཁག་དྲུག་པའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་འདེམས་མངགས་འཆར་གཞིའི་མཐུན་སྦྱོར(བརྙན་ལམ)གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་དང་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་ཁུལ་ཡན་ལག་ཚོགས་རའི་ཞིང་ཆེན་ཡོངས་ཀྱི་དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་ལས་དོན(བརྙན་ལམ)གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་ཁུལ་ཡོངས་ཀྱི་བཅོས་སྣུམ་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མདོ་ལ་རྫོང་དུ་སོང་སྟེ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་གིས་ཁུལ་སྤྱི་བདེ་ཅུའི2025ལོའི་ལས་དོན་གླེང་བརྗོད་གྲོས་ཚོགས་དང་ཁུལ་སྤྱི་བདེ་ཅུའི་ཏང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྒྲིག་འཛུགས་བྱས་ནས་འཚོགས།

ཟླ1ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་སོང་སྟེ་ཀྲུང་གུང་མཚོ་སྔོན་ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས། 

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་རྐང་ཚ་རྫོང་དུ་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བར་ཕྱིན་པ་དང་འབྲེལ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་ཚོགས་པ་དང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དུ་གཙོ་གནད་ལས་དོན་འབྲེལ་མཐུད་བྱེད་པར་ཕྱིན།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང2025ལོའི་མཚོ་བྱང་ཁུལ་གྱི“ཞིང་ལས་རིག་གནས་གནས་སྐོར་ཚོང་ལས”ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང“མཚོ་སྔོནBA”མཚོ་བྱང་ཁུལ་གྱི་སླེ་གྲུག་མཉམ་འབྲེལ་འགྲན་བསྡུར་གྱི་བཀོད་སྒྲིག་ཚོགས་འདུར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཁུལ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མཚོ་བྱང་ཁུལ་གྱི་ཞབས་ཞུ་འཛད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས།

ཟླ1ཚེས9ནས་ཚེས10ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཧྲན་ཏུང་ཞིང་ཆེན་དུ་རོགས་སྐྲུན་ལས་དོན་འབྲེལ་མཐུད་བྱེད་པར་ཕྱིན།

ཟླ1པའི་ཚེས9ནས་ཚེས10ཉིན་བར། ཁུལ་དཔོན་གཞོན་པ་འམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོར་ཞུགས།

ཟླ1ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་དང་དེ་བཞིན་རྩ་འཛུགས་ཀྱི་གླེང་མོལ་ནང་ཞུགས། ཁུལ་རིམ་པའི་མགོ་ཁྲིད་མ་རུའུ་ཞང་དང་། ཧ་ཝུན་ཞུག ལི་ཞན་རུང་བཅས་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་སོང་སྟེ་ཞིང་ཨུའི་རྒྱུན་ཨུའི(རྒྱ་སྐྱེད)གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཨའེ་ཧུང་དང་མཉམ་དུ་ཁུལ་སྤྱི་བདེ་ཅུའི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བར་ཕྱིན་པ་དང་འབྲེལ་སྤྱི་བདེ་དམག་མི་དང་གཞོགས་འདེགས་ཉེན་རྟོག་པ་ཡོངས་ལ་འཚམས་འདྲི་ཡང་གནང་།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དུ་སོང་སྟེ་ཞིང་ཆེན་ཡོངས་ཀྱི་གསར་སྤེལ་ཁུལ་གྱི་དཀར་ཆག་ཞིབ་བཤེར་ལས་དོན་གྱི་བསམ་འཆར་ལྡོག་ལན་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་འབྲེལ་ཡོད་ཁེ་ལས་སུ་སོང་སྟེ་དམའ་དབྱིངས་དཔལ་འབྱོར་གྱི་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་སྲིད་གཞུང་དུ་སོང་སྟེ། བོད་ལུག་ཐོན་ལས་འཆར་འགོད་ལས་དོན་འབྲེལ་མཐུད་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་མཚོ་བྱང་ཁུལ་སྒོ་དབྱེ་སློབ་ཆེན་གྱི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས“ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་གྲོས་ཚོགས”སྒྲིག་འཛུགས་བྱས་ཏེ་འཚོགས།

ཟླ1ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་དང་མཉམ་དུ་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་བར་ཕྱིན། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་གྱིས་འགྲོ་རོགས་བྱས།

ཟླ1ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས84པ་གཙོ་སྐྱོང་གནང་། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། ཧ་ཝུན་ཞུག ལི་ཞན་རུང་བཅས་ཞུགས་ཡོད།

ཟླ1ཚེས13ཉིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་འགན་བབ་སྡེ་ཚན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཅིན་ཁྲང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་འཁོར་དང་བཅས་པ་དང་མཉམ་དུ་མདའ་བཞི་རྫོང་དུ་འཚམས་འདྲིར་ཕྱིན་པ་དང་འབྲེལ་བཞུགས་མོལ་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་འཇུ་ལག་རྫོང་དུ་སོང་སྟེ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཟླ1ཚེས13ཉིན་ནས་ཚེས17ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཧྲན་ཏུང་དུ་ཁ་གཏད་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་ཕྱིན།

ཟླ1ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ནུབ་མཚོ་གྲོང་རྡལ་དུ་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་ཚོགས་པའི་མཉམ་ལས་སྤེལ་རེས་བཞུགས་མོལ་གྲོས་ཚོགས་ལ་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་ཞུགས་ཡོད།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་གྲོང་རྡལ་དུ་དུས་ཆེན་སྔོན་གྱི་འཚམས་འདྲིའི་ལས་དོན་སྤེལ་བ་དང་། ལས་བྱེད་པ་རྒན་གྲས་ཀྱི་ཇ་སྟོན་གྲོས་ཚོགས་ཀྱི་ཆེད་དོན་བརྙན་ལ་ཞིབ་བཤེར་དང་མཛུབ་སྟོན་གནང་བ་དང་། ཁུལ་ཡོངས་ཀྱི་སྡོམ་རྩིས་དང་མི་སྤྱིའི་ལས་དོན་ལ་ཉན་པ་དང་འབྲེལ་བཀོད་སྒྲིག་ཀྱང་བྱས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་འགན་བབ་སྡེ་ཚན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་དང་། ཁུལ་གྱི་རིམ་པ་དེ་གའི་གཞུང་ཁོངས་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་གྱི་སྐུལ་འདེད་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་དུ་སོང་སྟེ། བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་རེ་ཞུའི་ལས་དོན་ལ་འབྲེལ་མཐུད་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མཚོ་སྔོན་པོའི་གླང་ཆེན་ཆེ་བ་ལྗོངས་ཁུལ་དུ་སོང་སྟེ། 2025ལོའི་མཚོ་སྔོན་པོའི་སྐོར་ལམ་ཆེ་མོའི་འཁྱགས་བཀག་དུས་ཀྱི་ཙོང་ཉའི་ཐོན་ཁུངས་སྲུང་སྐྱོང་མཉམ་འབྲེལ་ཁྲིམས་འཛིན་བྱ་འགུལ་སྤེལ་མགོ་ཚུགས་པའི་མཛད་སྒོར་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཁུལ་དམངས་ཆེན་གྱི་ཁུ་ལུན་རིག་གནས་སྔོག་འདོན་དང་། འཚོལ་བསྡུ། ལེགས་སྒྲིག་བཅས་ཀྱི་བཞུགས་མོལ་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཞིང་ཆེན་ལུས་རྩལ་ཅུ་རུ་སོང་སྟེ། མཚོ་སྐོར་འགྲན་བསྡུར་གྱི་འབྲེལ་ཡོད་ལས་དོན་ལ་འབྲེལ་མཐུད་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་འགན་བབ་སྡེ་ཚན་གྱི2025ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་མདའ་བཞི་རྫོང་དུ་སོང་སྟེ་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཟླ1ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིན་ཡོན་ནུབ་མཚོ་གྲོང་རྡལ་དུ་བརྙན་ལམ་གྲོས་ཚོགས་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་ཞུགས་ཡོད།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་དང་ཁུལ་དཔོན་གཞོན་པ་སངས་འབུམ་འཇུ་ལག་རྫོང་དང་མེ་ལྷ་གངས་དཀར་གནས་སྐོར་ཞབས་ཞུ་ལྟེ་གནས་སུ་སོང་སྟེ་ལོ་སར་སྔོན་གྱི་བདེ་འཇགས་ཐོན་སྐྱེད་དང་དགུན་དུས་གནས་སྐོར་གྱི་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་དམག་སྒར་བཅུ་གཉིས་པའི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུར་ཉན། 

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཁུལ་ཡོངས་ཀྱི་རྒན་པའི་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་སྒྲིག་འཛུགས་བྱས་ཏེ་འཚོགས།

ཟླ1ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས85པར(རྒྱ་སྐྱེད)ཞུགས།

ཟླ1པའི་ཚེས17ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུའི་ཚབ་བྱས་ནས2024ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལ་ཕྱོགས་སྡོམ་བྱས་ལ། 2025ལོའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ལི་ཞན་རུང་བཅས་ཞུགས་ཡོད།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་དོན་གྱི་བརྙན་ལམ་གྲོས་ཚོགས་ལ་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ལི་ཞན་རུང་བཅས་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཨུའི་སྐོར་ཞིབ་ཚོགས་ཆུང་བཞི་པས་མཚོ་བྱང་ཁུལ་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་གྱི་ཚུར་ལན་གྲོས་ཚོགས་ལ་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་།ཧ་ཝུན་ཞིག ལི་ཞན་རུང་བཅས་ཞུགས།

ཟླ1ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་སོང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས།

ཟླ1ཚེས20ཉིན། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སུ་གཙོ་གནད་ལས་དོན་འབྲེལ་མཐུད་བྱེད་པར་ཕྱིན།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཞིང་ཆེན་སྒྲིག་ཨུར་འབྲེལ་ཡོད་ལས་དོན་སྙན་སེང་ཞུ་བར་ཕྱིན།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་གིས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་བཀོད་གཏོང་གྲོས་ཚོགས་སྒྲིག་འཛུགས་བྱས་ནས་འཚོགས་པ་དང་འབྲེལ་ཁུལ་སྤྱི་བདེ་ཅུའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པར་འཚམས་འདྲི་ཡང་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་འཇུ་ལག་རྫོང་དུ་དུས་ཆེན་སྔོན་གྱི་ཁྲོམ་རའི་བདེ་འཇགས་དང་། ཐོན་རྫས་ཀྱི་སྤུས་ཚད། ཟོག་གོང་སྙོམས་སྒྲིག་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་ཕྱིན།

ཟླ1ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྡོད་གནས་སུ་སོང་སྟེ་རང་རེའི་ཁུལ་གྱི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་མཁན་གྱི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མཚོ་བྱང་ཁུལ་རྩིས་བཤེར་ཚུར་ལན་གནད་དོན་དག་ཐེར་ལས་དོན་གྱི་སྐུལ་འདེད་གྲོས་ཚོགས་ལ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཞིང་ཆེན་ཐིང་དུ་སོང་སྟེ་འབྲེལ་མཐུད་དང་འབྲེལ་བའི་ལས་དོན་སྙན་སེང་ཞུས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་འཇུ་ལག་རྫོང་རྒན་གསོ་ཁང་དང་རྒན་གསོའི་ཟས་རོགས་ས་ཚིགས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་དང་འབྲེལ་དཔྱིད་གསར་དུས་ཆེན་སྔོན་གྱི་རྒན་པའི་འཚམས་འདྲིའི་ལས་དོན་སྤེལ།

ཟླ1ཚེས22ཉིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་སྲིད་གཞུང་གི་ཐང་ཆེན་དུ“མཚོ་བྱང་ཁུལ་གྱིས་མེས་རྒྱལ་གྱི་མཚོ་སྲུང་དཔོན་དམག་ལ་གཅེས་སྐྱོང་དང་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲིའི་དངོས་ཟོག་རླངས་འཁོར་གཏོང་བའི་མཛད་སྒོའི”ནང་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་སུ་དཔྱད་ཞིབ་ཀྱི་གཙོ་གནད་ལས་དོན་འབྲེལ་མཐུད་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་མདའ་བཞི་རྫོང་དུ་སོང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་སོགས་དུས་ཆེན་སྔོན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ཐིང་དང་ཅུ་རུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་བར་ཕྱིན།

ཟླ1ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ལི་ཞན་རུང་བཅས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས86པར་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་གྲོས་ཚོགས་ལྟེ་གནས་སུ་མཚོ་བྱང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་མཁན་གྱི་འཐུས་མི་དང་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་བྱང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་ཞུགས་མཁན་གྱི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་གནང་།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་མི་རིགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི། ལི་ཞན་རུང་བཅས་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཟི་ལིང་གི་ཤེས་ལྡན་མི་སྣའི་ལས་ཤག་ཏུ་མཚོ་བྱང་ཁུལ་གྱི2025ལོའི་ལས་བྱེད་པ་རྒན་གྲས་ཀྱི་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་གྲོས་ཚོགས་ལ་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་འགན་གཙང་ལེན་སྒོ་རྩིས་ཚོང་ཁང་དུ་སོང་སྟེ། དུས་ཆེན་སྔོན་གྱི་དངོས་ཟོག་མཁོ་འདོན་དང་བཟའ་བཅའི་བདེ་འཇགས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་གིས་རུ་སྣེ་ཁྲིད་དེ་མདའ་བཞི་རྫོང་དུ་སོང་སྟེ། དཔྱིད་གསར་དུས་ཆེན་སྔོན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཡན་ལག་ཁག་བགོས་ས་ཁུལ་གྱི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ།

ཟླ1ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཞེ་ཁྲེང་ཚོགས་པའི་སྤྱི་ཁྱབ་གཞོན་པའམ་མཉམ་ལས་རྒྱ་སྐྱེད་པུའི་སྤྱི་ཁྱབ་ཅིང་ལི་ཀྲང་ཞུས་དང་བཅས་པས་བཞུགས་མོལ་གྲོས་ཚོགས་འཚོགས། ཁུལ་རིམ་པའི་མགོ་ཁྲིད་མ་རུའུ་ཞང་ཞུགས།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་མི་རིགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི། ལི་ཞན་རུང་བཅས་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཟི་ལིང་དུ་སོང་སྟེ། 2024ལོའི་ཀྲུང་དབྱང་པུ་ཨུ་གསུམ་གྱི་གནས་སྦྱར་ལས་དོན་ཕྱོགས་སྡོམ་གྲོས་ཚོགས་དང2025ལོའི་གནས་སྦྱར་ལས་བྱེད་པའི་སྐྱེལ་མའི་གྲོས་ཚོགས་ལ་ཞུགས།

ཟླ1ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་མི་རིགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅོ་ལྔ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་མཇུག་སྒྲིལ་མཛད་སྒོར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི། ལི་ཞན་རུང་བཅས་ཞུགས།

ཟླ1ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རེན་ཆན་གོ་ཆིང་། ཁུལ་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་ཀྲུང་ཀྲི་ཅུན་བཅས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་བཟོ་པའི་ཁྱིམ་དུ་སོང་སྟེ། ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ཚབ་བྱས་ནས་དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ཁུལ་ཡོངས་ཀྱི་འཐབ་ས་དང་པོའི་ངལ་རྩོལ་པར་འཚམས་འདྲི་གནང་།

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ནུབ་མཚོ་གྲོང་རྡལ་དུ་ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་ཁུལ་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། མ་རུའུ་ཞང་། ཧ་ཝུན་ཞུག ཧན་ཧྲི། ལི་ཞན་རུང་བཅས་ཞུགས།

ཟླ1ཚེས27ཉིན། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སུ་སོང་སྟེ་དཔྱད་ཞིབ་ཀྱི་གཙོ་གནད་ལས་དོན་འབྲེལ་མཐུད་བྱས།

ཉིན་དེར། ཁུལ་དཔོན་གཞོན་པ་མ་རུའུ་ཞང་ཞིང་ཆེན་ཐིང་དུ་འབྲེལ་ཡོད་ལས་དོན་འབྲེལ་མཐུད་བྱེད་པར་ཕྱིན།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།
སྐབས་རྗེས་མ། མེད།
མཉམ་སྤྱོད།