རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ1ཚེས29ཉིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་སྔ་རྗེས་སུ་ཁུལ་འགྲིམ་འགྲུལ་ཉེན་རྟོག་བཀོད་འདོམས་ལྟེ་གནས་དང་། ཁུལ་འཕྲལ་སྡོམ་དོ་དམ་ཅུ། མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོ་བཅས་སུ་སོང་སྟེ། དཔྱིད་གསར་དུས་ཆེན་རིང་གི་འཕྲལ་སྡོམ་ལས་རེས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་འབྲེལ་ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ས་དང་པོའི་ལས་བཟོ་བར་འཚམས་འདྲི་ཡང་བྱས།
ཟླ1ཚེས30ཉིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་སྔ་རྗེས་སུ་མདའ་བཞི་རྫོང་སྤྱི་བདེ་ཅུ་དང་རྐང་ཚ་རྫོང་སྤྱི་བདེ་ཅུ། དེ་བཞིན་འབྲེལ་ཡོད་གཞི་རིམ་མངགས་གཏོང་ཁང་དུ་སོང་སྟེ། དཔྱིད་གསར་དུས་ཆེན་རིང་གི་ལས་རེས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་དང་། འཐབ་ས་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་གཞོགས་འདེགས་ཉེན་རྟོག་པར་འཚམས་འདྲི་བྱས།
ཟླ2ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཟི་ལིང་དུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་སྐུལ་འདེད་གཏོང་བའི་ཚོང་འགུག་མ་འདྲེན་གྱི་ཚོགས་ཆེན་ལ་ཞུགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཁུལ་གྱི་ཡན་ལག་ཚོགས་ར་ནས་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་ཕྱིན་ནས་ཞིང་ཨུའི་ཞིང་སྡེ་དང་འབྲོལ་ཁུལ་ལས་དོན་ཚོགས་འདུར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་རུང་ཧུང་ཀྲི་དང་། སངས་འབུམ། ཀརྨ་ཚེ་རིང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཁུལ་གྱི་ཡན་ལག་ཚོགས་ར་ནས་ཚོགས་འདུར་ཞུགས།
ཟླ2ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་སྲིད་གཞུང་གི་གཙོ་གནད་ལས་དོན་གྱི་སྙན་ཞུར་ཉན་པ་མ་ཟད་ལས་དོན་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཁུལ་ཨུའི་རོང་འབྲོལ་ཁུལ་གྱི་ལས་དོན་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་འགན་ལ་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་གིས་ཁུལ་སྤྱི་བདེ་ཅུའི་ཏང་ཨུའི་གྲོས་ཚོགས་སྒྲིག་འཛུགས་བྱས་ནས་འཚོགས།
ཟླ2ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་ཕྱིན་ནས། ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་གྱི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕྱིན་ནས་ལས་དོན་ལ་འབྲེལ་མཐུད་བྱས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཟི་ལིང་དུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་འཇོན་མིའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་རོགས་སྐྱོར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས3པར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་རུ་ཕྱིན་ནས་ལས་དོན་ལ་འབྲེལ་མཐུད་བྱས།
ཟླ2ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཨུར་ཕྱིན་ནས། གཙོ་གནད་ལས་དོན་སྙན་ཞུ་བྱས་པ་དང་། ཞིང་ཕྱུགས་དང་། ནོར་སྲིད། མི་སྤྱི་བཅས་ཀྱི་འབྲེལ་ཡོད་ལས་དོན་གྱི་སྙན་ཞུར་ཉན་པ་མ་ཟད་ལས་དོན་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་བརྙན་ལམ་གྲོས་ཚོགས་ཐེངས50པར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་ཁུལ་ཁྲིམས་འཛིན་ཅུའི་ཏང་ཙུའུ་ཚོགས་འདུར་ཞུགས།
ཟླ2ཚེས10ནས་ཚེས14ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཧྲན་ཏུང་ཞིང་ཆེན་དུ་ཕྱིན་ནས། མཚོ་སྔོན་རོགས་སྐྱོར་གྱི་འབྲེལ་ཡོད་ལས་དོན་ལ་འབྲེལ་མཐུད་བྱས།
ཟླ2ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཨུའི་རྒྱུན་ཨུ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས87པར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་ཀརྨ་ཚེ་རིང་དང་། ཧན་ཧྲི་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཚེ་ཐར་གཏེར་ཁུངས་སུ་ཕྱིན་ནས། ཀྲུང་དབྱང་ཁོར་སྲུང་སྐུལ་བཤེར་གྱི་ལྡོག་ལན་གནད་དོན་གྱི་དག་ཐེར་ལས་དོན་རྟོག་འདོམས་དང་ཞིབ་དཔྱོད་བྱས་པ་དང་། དཀོན་ལོ་གོང་མ་སྡེ་བའི་བཙོག་ཆུའི་ཆུ་སྦུག་རྣམ་གྲངས་ལ་མཐུན་སྦྱོར་ཐག་གཅོད་བྱས།
ཉིན་དེར། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞན་རུང་གིས་ནུབ་མཚོ་ལུས་རྩལ་ར་བའི་ཡུལ་དངོས་ནས་ལྒང་ཞུ་དུས་ཆེན་གྱི་བྱེད་སྒོའི་བདེ་འཇགས་དོ་དམ་ལས་དོན་ལ་ཞིབ་དཔྱོད་དང་ཁྲིད་སྟོན་བྱས།
ཟླ2ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན2025ལོའི་ལྒང་ཞུ་དུས་ཆེན་གྱི་འཁྲབ་སྟོན་བྱེད་སྒོར་ཞུགས། ཁུལ་རིམ་པའི་མགོ་ཁྲིད་ཀརྨ་ཚེ་རིང་དང་། ཧན་ཧྲི། ལི་ཞན་རུང་བཅས་བྱེད་སྒོར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་ཕྱིན་ནས་ལས་དོན་ལ་འབྲེལ་མཐུད་བྱས།
ཟླ2ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཟི་ལིང་དུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་དོན་གྲོས་ཚོགས་སུ་ཞུགས། ཁུལ་རིམ་པའི་མགོ་ཁྲིད་ཀརྨ་ཚེ་རིང་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གཞུང་དུ་ཕྱིན་ནས་འབྲེལ་ཡོད་ལས་དོན་འབྲེལ་མཐུད་བྱས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་ཚོང་འགུག་མ་འདྲེན་ལས་དོན་ལ་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་སྲིད་གཞུང་དུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཕྱོགས་ཀྱི་གཙོ་གནད་གཉིས་ཀྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུར་ཞུགས།
ཟླ2ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཨུའི་རྒྱུན་ཨུ་ལྷན་ཚོགས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སྔོན་གྱི་གཅིག་བསྡུས་སློབ་སྦྱོང་ལ་ཞུགས། ཁུལ་རིམ་པའི་མགོ་ཁྲིད་ཧན་ཧྲི་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཨུའི་འཇོན་མི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དུ་ཕྱིན་ནས་ལས་དོན་ལ་འབྲེལ་མཐུད་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཡིས་ལས་བགོས་སྡེ་ཁག་སྒྲིག་འཛུགས་བྱས་ནས12345ཐད་སྦྲེལ་ཁ་པར་ནས་བཏོན་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས།
ཟླ2ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་ཀྱི2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་། སྐོར་ཞིབ་དག་ཐེར་ཆེད་དོན་གྱི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས2025ལོའི་ཁུལ་དཔོན་གྱི་ཐུག་འཕྲད་གྲོས་མོལ་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་བྱས་ནས་འཚོགས་པ་དང་། 2025ལོའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་དང་གཙོ་གནད་རྣམ་གྲངས་ཀྱི་སྐུལ་འདེད་འཆར་འགོད་གནས་ཚུལ་ལ་ཉན་པ་མ་ཟད། མིག་སྔར་གྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། ཧ་ཝུན་ཞུག ཧན་ཧྲི་བཅས་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཟི་ལིང་དུ་ཕྱིན་ནས་རྒྱལ་ཁབ་ཆེད་ཚན་གྱི་ཡུལ་དངོས་ཀྱི་མཉམ་བཤེར་ལས་དོན་ཚན་སྐོར་གྱི་ལྡོག་ལན་ཚོགས་འདུར་ཞུགས།
ཟླ2ཚེས17ནས་ཚེས21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་ཧྲན་ཏུང་ཞིང་ཆེན་དུ་མཚོ་སྔོན་རོགས་སྐྱོར་ལས་དོན་ལ་འབྲེལ་མཐུད་བྱས།
ཟླ2ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་པོའི་སྔར་གྱི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནས་རྙིང་དང་། སྨོན་ལམ་མཐོན་པོའི་ལྗོངས་ཁུལ་དང་སྒར་འདེབས་རྟེན་གཞི། བྱེ་མ་ལ་བདུན་སྐྱེ་ཁམས་ཉམས་ལེན་ས་གནས། ཁི་ཐར་བྱེ་བཅོས་སྐྱེ་ཁམས་སློབ་སྦྱོང་ས་གནས་བཅས་སུ་ཡུལ་དངོས་ནས་གཞུང་ལས་སྤེལ། ཁུལ་རིམ་པའི་མགོ་ཁྲིད་ཧན་ཧྲི་བྱེད་སྒོར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གཞུང་དུ་ཕྱིན་ནས་ལས་དོན་སྙན་ཞུ་བྱས།
ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་ལས་བགོས་སྡེ་ཁག་གི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཚན་རྩལ(གྲོང་གསེབ་དར་སྤེལ)གྱི་གཙོ་གནད་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུར་ཞུགས་པ་མ་ཟད། བོད་ལུག་ཐོན་ལས་འཕེལ་རྒྱས་དང་། འདེབས་འཛུགས་དར་སྤེལ། ཞིང་ལས་མ་གཏོང་སྤྱི་གཉེར་གྱི་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་འགན་ལ་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་རུ་ཕྱིན་ནས་རྒྱལ་དབང་ཁེ་ལས་འཁོར་སྐྱོད་དོ་དམ་ལས་དོན་ལ་ཞིབ་དཔྱོད་བྱས།
ཟླ2ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གསར་བརྗེའི་རིག་དངོས་བེད་སྤྱོད་དང་། བེད་མེད་བཞག་པའི་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས། སྔར་གྱི་རྒྱལ་ཁབ་དམག་སྒར་གཉིས་གཉིས་གཅིག་གི་གནས་རྙིང་གི་ཡན་ལག་ཁུལ་ཁ་ཤས་དང་། ཁུལ་ཀྲུང་ལུགས་བོད་སྨན་ཁམས་གསོ་ལྟེ་གནས་བཅས་ནས་ཡུལ་དངོས་ཀྱི་རྣམ་པའི་ཐོག་ནས། སྔོན་དུས་སུ་སྒྲུབ་ཏུ་བཅུག་པའི་ལས་དོན་སྐུལ་འདེད་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་འདོམས་བྱས། ཁུལ་རིམ་པའི་མགོ་ཁྲིད་ཧན་ཧྲི་དང་། ལི་ཞན་རུང་བྱེད་སྒོར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས། ཁུལ་རིམ་པའི་མགོ་ཁྲིད་སངས་འབུམ་དང་། ཀརྨ་ཚེ་རིང་། ཧན་ཧྲི་བཅས་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཅུ་དང་ལས་དོན་ལ་འབྲེལ་མཐུད་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཞིང་ཆེན་ཆུ་བེད་ཐིང་དུ་ཕྱིན་ནས། མདོ་ལ་གསེར་ལྡན་ཆུ་བོའི་བདེ་སྐྱིད་ཆུ་མཚོ་འཛུགས་སྐྲུན་དང་། མདོ་ལའི་ཆུ་ཁུངས་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཀྱི་སྙན་ཞུའི་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་ཕྱིན་ནས། རིམ་པ་གསུམ་པའི་སྨན་ཁང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་འབྲེལ་མཐུད་བྱས།
ཟླ2ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་བྱས་ནས་འཚོགས་པ་དང་། ཉེ་དུས་ཀྱི་གཙོ་གནད་ལས་དོན་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ནས་ཐེངས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས། ཁུལ་རིམ་པའི་མགོ་ཁྲིད་ཀྲང་ཧྲིང་ཡོན་དང་། སངས་འབུམ། ཀརྨ་ཚེ་རིང་། ཧ་ཝུན་ཞུག ཧན་ཧྲི། ལི་ཞན་རུང་བཅས་ཚོགས་འདུར་ཞུགས།
ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གཞུང་དུ་ཕྱིན་ནས་ལས་དོན་ལ་འབྲེལ་མཐུད་བྱས།
ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་ལས་བགོས་སྡེ་ཁག་གི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོར་ཕྱིན་ནས་དམངས་གཙོ་འཚོ་བའི་ཚོགས་འདུར་མཛུབ་སྟོན་བྱས་པ་མ་ཟད། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱས།
ཉིན་དེར། ཁུལ་དཔོན་གཞོན་ཧ་ཝུན་ཞུག་ཞིང་ཆེན་སློབ་གསོ་ཐིང་དུ་ཕྱིན་ནས་ལས་དོན་ལ་འབྲེལ་མཐུད་བྱས།
ཟླ2ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཟི་ལིང་དུ་ཕྱིན་ནས་ཞིང་ཆེན་དཔོན་ཁྲིན་ཅི་ཝེ་ལ་ཐུག ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་བྱེད་སྒོར་ཞུགས།
ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་ཁུལ་ཡོངས་ཀྱི་སྲིད་དོན་སྤྱི་སྒྲོག་ལས་དོན་སྐུལ་འདེད་ཚོགས་འདུ་དང་། སྲིད་གཞུང་གི་དྲ་བ་དང་སྲིད་དོན་སྨྱན་སྦྱོར་གསར་བའི་ལས་དོན་གྱི་གཅིག་བསྡུས་གླེང་མོལ་ཚོགས་འདུར་ཞུགས་པ་མ་ཟད། ལས་བགོས་སྡེ་ཁག་གི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས།
ཉིན་དེར། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་མདོ་ལ་རྫོང་དུ་ཕྱིན་ནས་གྲོང་གསེབ་དར་སྤེལ་གྱི་གནད་དོན་རྣམ་གྲངས་ཀྱི་རིགས་བཞིའི་ཐག་གཅོད་གནས་ཚུལ་ལ་ཡུལ་དངོས་ནས་ཞིབ་བཤེར་བྱས་པ་མ་ཟད། གསར་བཙུགས་རྣམ་གྲངས་དང་གཅིག་ཅན་དགུའི་ལས་གཞིའི་རྣམ་གྲངས་འཁོར་སྐྱོར་བྱས་ཚུལ་ལ་ཞིབ་དཔྱོད་བྱས།
ཟླ2ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཟི་ལིང་དུ་ཕྱིན་ནས་མཚོ་བྱང་ཁུལ་གྱི་ལས་བྱེད་རྒན་པའི་བྱེད་སྒོ་ལྟེ་གནས་འཁོར་སྐྱོད་བྱས་པའི་གནས་ཚུལ་ལ་ཞིབ་དཔྱོད་དང་། མཚོ་བྱང་ཁུལ་གྱི་འཇོན་མིའི་སྤྱི་ཁང་གི་སྔར་དུས་ཀྱི་སྐུལ་སྒྲུབ་ལས་དོན་ལག་བསྟར་བྱས་པའི་གནས་ཚུལ། ལས་བྱེད་རྒན་པའི་ལས་དོན་སྒྲུབ་པའི་གནས་ཚུལ་ལ་བཅས་ལ་ཞིབ་བཤེར་བྱས། ཁུལ་རིམ་པའི་མགོ་ཁྲིད་ཀརྨ་ཚེ་རིང་བྱེད་སྒོར་ཞུགས།