མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཏང་གི་ལོ་རྒྱུས་ཤེས་བྱ།

2022-11-19 09:50:37   |   533

གཅིག  གཞི་རྩའི་ཤེས་བྱ།

1.1921ལོའི་ཟླ7པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་རུ་འཚོགས་པ་དེས་རྣམ་པ་གསར་བས་ཡོངས་སུ་ཁེངས་བ་དང་མར་ཁེ་སི་རིང་ལུགས་ནི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ། གཅིག་གྱུར་དང་གཅིག་པུ་ཡིན་པའི་ཀྲུང་གོའི་བཟོ་བའི་གྲལ་རིམ་གྱི་སྲིད་ཏང་མཚོན་པར་བྱས་ཏེ——ཀྲུང་གོ་གུང་ཁྲན་ཏང་དངོས་སུ་དབུ་བརྙེས་ཡོད། 

2.ཀྲུང་གོ་གུང་ཁྲན་ཏང་གསར་འབྱེད་པའི་ཁྲོད། མི་གཉིས་ཀྱིས་བྱས་རྗེས་ཧ་ཅང་མངོན་གསལ་བཞག་ཡོད་པ་དང་། ཏང་གསར་འཛུགས་ཀྱི་ལོ་རྒྱུས་ཐོག“ལྷོ་ཁྲིན་བྱང་ལིས”ཞེས་འབོད་ཀྱིན་ཡོད་ལ།  ཁོང་གཉིས་ནི་ཁྲིན་ཏུའུ་ཕྱུག་དང་ལིས་ཏ་ཀྲོ་རེད། 

3.1921ལོའི་ཟླ8པར། ཀྲུང་གོ་གུང་ཁྲན་ཏང་གིས་ཧྲང་ཧའེ་རུ་ཀྲུང་གོའི་ངལ་རྩོལ་སྡེབ་སྒྲིག་ཧྲུའུ་ཅི་པུ་བཙུགས་ཏེ། ཏང་གིས་ཡོངས་བསྒྲགས་ཀྱིས་བཟོ་བའི་ལས་འགུལ་ལ་མགོ་ཁྲིད་བྱེད་པའི་ལས་ཁུངས་བྱས། 

4.1922ལོའི་ཟླ7པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ཧྲང་ཧའེ་ནས་འཚོགས་ཤིང་། ཐོག་དང་པོར་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་གསར་བརྗེའི་རྩ་འཛིན་གསལ་བོར་བཏོན་པས། ཀྲུང་གོའི་མི་དམངས་ཀྱི་གསར་བརྗེའི་འཐབ་རྩོད་ལ་ཁ་ཕྱོགས་དང་བགྲོད་ལམ་གསལ་བོར་བསྟན།

5.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག   ཏང་གི་སྒྲིག་ཡིག་ཐོག་མ་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ལ་གྲོས་འཆམ་བྱུང་སྟེ། ཏང་ཡོན་གྱི་ཆ་རྐྱེན་དང་། ཏང་གི་རྩ་འཛུགས་རིམ་པ་སོ་སོ། ཏང་གི་སྒྲིག་ཁྲིམས་བཅས་གཏན་འབེབས་ཞིབ་ཕྲ་བྱས་པ་མ་ཟད། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལའང་གསལ་འགྲེལ་བྱས་ཡོད།

 6.1922ལོའི་ཟླ་དང་པོར་ཞང་ཀང་གི་མཚོ་འགྲུལ་གྲུ་བས་ལས་མཚམས་བཞག་པ་དེས། ཀྲུང་གོའི་བཟོ་བའི་ལས་འགུལ་གྱི་མཐོ་རླབས་འཕྱུར་བ་མཚོན། 1923ལོའི་ཟླ2པའི་ཚེས4ཉིན་ཝུའུ་ཧན་ལྟེ་བ་ཡིན་པའི་ཅིན་ཧན་ལྕགས་ལམ་བཟོ་བའི་ལས་མཚམས་ཆེན་པོ་བཞག་པ་དེས་རྒྱལ་ཡོངས་ཀྱི་བཟོ་བའི་ལས་འགུལ་ཐེངས་དང་པོའི་མཐོ་རླབས་དེ་ཡང་རྩེར་དེད།

7.1923ལོའི་ཟླ6པར། ཀྲུང་གོ་གུང་ཁྲན་ཏང་གིས་ཀོང་ཀྲོའུ་ནས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ཏེ། གུང་ཁྲན་ཏང་ཡོན་རང་ཉིད་ཀྱི་སྒེར་གྱི་མིང་ཐོག་ནས་གོ་མིན་ཏང་ནང་ཞུགས་ནས་གོ་གུང་མཉམ་ལས་མངོན་འགྱུར་བྱས་ཏེ། གསར་བརྗེའི་འཐབ་ཕྱོགས་གཅིག་གྱུར་འཛུགས་རྒྱུ་ཐག་བཅད། 

8.1924ལོའི་ཟླ་དང་པོར། ཀྲུང་གོ་གོ་མིན་ཏང་གིས་ཀོང་ཀྲོའུ་ནས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་བསྡུས་ཤིང་། ཚོགས་ཆེན་གྱིས་དམངས་གསུམ་རིང་ལུགས་ལ་འགྲེལ་བཤད་གསར་བ་བྱས། དོན་དངོས་ཐོག་ཨུ་རུ་སུ་དང་མཉམ་འབྲེལ་དང་། གུང་ཁྲན་ཏང་དང་མཉམ་འབྲེལ། ཞིང་བཟོ་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་ཆེན་པོ་གསུམ་གཏན་ཁེལ་བྱས་ཏེ། གོ་གུང་མཉམ་འབྲེལ་གྱི་ཆབ་སྲིད་རྨང་གཞི་བཏིང་བ་དང་། འདིས་གོ་གུང་མཉམ་འབྲེལ་ཐེངས་དང་པོ་དངོས་སུ་གྲུབ་པ་མཚོན། 

9.1925ལོའི་ཟླ་དང་པོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཞི་བ་ཧྲང་ཧའེ་རུ་འཚོགས་ཤིང་། ཐེངས་དང་པོར་འབྱོར་མེད་གྲལ་རིམ་གྱི་དམངས་གཙོ་གསར་བརྗེའི་ཁྲོད་ཀྱི་མགོ་ཁྲིད་དབང་ཆ་དང་བཟོ་ཞིང་མནའ་འབྲེལ་གྱི་གནད་དོན་བཏོན་པ་རེད། 

10.1925ལོའི་ཟླ12པར། མའོ་ཙེ་ཏུང་གིས《ཀྲུང་གོའི་སྤྱི་ཚོགས་ཀྱི་གྲལ་རིམ་སོ་སོའི་དབྱེ་ཞིབ》ཅེས་པའི་རྩོམ་ཡིག་སྤེལ་ནས། མར་ཁེ་སི་རིང་ལུགས་ཀྱི་གྲལ་རིམ་དབྱེ་ཞིབ་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་ཀྲུང་གོའི་སྤྱི་ཚོགས་ཀྱི་གྲལ་རིམ་སོ་སོར་དབྱེ་ཞིབ་བྱས་ཏེ། སུ་ཞིག་ཀྲུང་གོའི་གསར་བརྗེའི་དགྲ་བོ་ཡིན་པ་དང་། སུ་ཞིག་ཀྲུང་གོའི་གསར་བརྗེའི་གྲོགས་པོ་ཡིན་པ་བསྟན།

11.1926ལོའི་ཟླ9བར། མའོ་ཙེ་ཏུང་གིས《རྒྱལ་དམངས་གསར་བརྗེ་དང་ཞིང་བའི་ལས་འགུལ》ཞེས་པའི་རྩོམ་ཡིག་སྤེལ་ནས། “ཞིང་བའི་གནད་དོན་ནི་རྒྱལ་དམངས་གསར་བརྗེའི་ལྟེ་བའི་གནད་དོན་ཡིན་པ”བསྟན། 

12.1927ལོའི་ལོ་མགོར། མའོ་ཙེ་ཏུང་ཧུའུ་ནན་ཞང་ཐན་དང་ཞང་ཤང་། ཁྲང་ཧྲ་སོགས་སུ་རྟོག་ཞིབ་གནང་བར་ཕེབས་ནས《ཧུའུ་ནན་གྱི་ཞིང་བའི་ལས་འགུལ་གྱི་རྟོག་ཞིབ་སྙན་ཞུ》ཞེས་པ་བྲིས་ནས། ཏང་ནང་གི་ཞིང་བའི་ལས་འགུལ་ལ་སྐྱོན་འཛུགས་སྣ་ཚོགས་བྱས་པར་དགག་པ་བརྒྱབ་པ་དང་། ཞིང་སྡེའི་གསར་བརྗེ་བྱེད་པའི་དོན་སྙིང་རླབས་ཆེན་རྒྱས་བཤད་གནང་ཡོད།

13.1927ལོའི་ཟླ4བའི་ཚེས12ཉིན། ཅང་ཅེ་ཧྲི་ཡིས་ཧྲང་ཧའེ་ནས་གསར་བརྗེར་ངོ་རྒོལ་གྱི་སྲིད་འགྱུར་བསླངས། ཟླ7པའི་ཚེས15ཉིན། ཝང་ཅིན་ཝེ་ཡིས་ཝུའུ་ཧན་དུ་གོ་མིན་ཏང་གི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། གུང་ཁྲན་ཏང་དང་དངོས་སུ་འབྲེལ་ཐག་བཅད་ནས་ཐེངས་དང་པོའི་གོ་གུང་མཉམ་འབྲེལ་ཕྱོགས་ཡོངས་ནས་ཐོར་ཞིག་ཏུ་བཏང་།

14.1927ལོའི་ཟླ8པའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་དེ་ནན་ཁྲང་འོས་ལངས་བསླངས་ཏེ། དྲག་ཤུགས་ཀྱིས་གོ་མིན་ཏང་ལ་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ་པ་དང་། དེས་ཀྲུང་གོ་གུང་ཁྲན་ཏང་གིས་སྒེར་ཚུགས་ཀྱིས་གསར་བརྗེའི་དམག་འཁྲུག་ལ་མགོ་ཁྲིད་དང་། མི་དམངས་དམག་དཔུང་གསར་འཛུགས།  དྲག་ཤུགས་ཀྱིས་སྲིད་དབང་འཕྲོག་པའི་མགོ་ཚུགས་པ་མཚོན།

15.1927ལོའི་ཟླ8པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཧན་ཁོ་རུ་བྲེལ་མྱུར་ཀྱི་གྲོས་ཚོགས་བསྡུས་ཤིང་། མའོ་ཙེ་ཏུང་གིས་ཚོགས་ཐོག་ཏུ“མེ་མདའི་ནང་ནས་སྲིད་དབང་ཐོན”ཟེར་བའི་དགོངས་པ་གལ་ཆེན་བཏོན།  ཐེངས་འདིའི་གྲོས་ཚོགས་ལ་ལོ་རྒྱུས་ཐོག“བརྒྱད་བདུན་གྲོས་ཚོགས”ཀྱང་ཟེར།   

16.1929ལོའི་ཟླ12པའི་ཟླ་སྨད་དུ། ཀྲུང་གོ་གུང་ཁྲན་ཏང་གི་དམར་དམག་འབུམ་ཤོག་བཞི་བའི་འཐུས་མི་ཚོགས་ཆེན་ཐེངས་དགུ་བའི་ཐོག  ཏང་ནང་གི་ནོར་འཁྲུལ་གྱི་བསམ་བློ་ཡོ་བསྲང་བྱེད་པའི་ཐད་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བས། དེ་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་འཛུགས་སྐྲུན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆར་གྱུར།  ཐེངས་འདིའི་གྲོས་ཚོགས་ལ་ཀུའུ་ཐེན་གྲོས་ཚོགས་ཞེས་འབོད།   

17.1931ལོའི་ཟླ11པའི་ཚེས25ཉིན། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་དབྱང་སྲིད་གཞུང་ལ་གནས་སྐབས་ཀྱི་བཀའ་ཁྱབ་སྤེལ་ནས། ཀྲུའུ་ཏེ་ཀྲུའུ་ཞི་ཡིན་པ་དང་། ཝང་ཅ་ཞང་དང་ཕེང་ཏེ་ཧེ་རྣམ་གཉིས་ཀྲུའུ་ཞི་གཞོན་པ་ཡིན་པའི་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང (བསྡུས་མིང་ལ་ཀྲུང་ཧྭ་གསར་བརྗེའི་དམག་ཨུ)བཙུགས་ནས། རྒྱལ་ཡོངས་ཀྱི་དམར་དམག་ལ་གཅིག་གྱུར་གྱིས་མགོ་ཁྲིད་དང་བཀོད་འདོམས་བྱས།

18.1934ལོའི་ཟླ10བར། ཀྲུང་དབྱང་སུའུ་ཁུལ་གྱི་ཐེངས་ལྔ་བའི“སྐོར་བཅོམ”ལ་ངོ་རྒོལ་བྱེད་པ་ཕམ་ཞིང་། ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་འཐབ་ཇུས་ཀྱི་གནས་སྤོ་མི་བྱེད་ཀ་མེད་བྱུང་ནས། ལེ་བར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱེད་མགོ་བརྩམས།   

19.1935ལོའི་ཟླ9བར། དམར་དམག་འབུམ་ཤོག་ཉེར་ལྔ་བ་དང་ཧྲའན་ཀན་དམར་དམག་གཉིས་ཧྲའན་ཞི་ཞིང་ཆེན་ཡན་ཕིང་རྫོང་དུ་མཉམ་འཛོམས་བྱུང་ཞིང་། དམར་དམག་རྒྱང་སྐྱོད་ཀྱི་ཁྲོད་ཧྲའན་པེ་རུ་འབྱོར་བའི་དམག་དཔུང་སྐོར་ཁག་དང་པོ་ཡིན།

20.1935ལོའི་ཟླ8པའི་ཚེས1ཉིན། བཅའ་སྡོད་གུང་ཁྲན་རྒྱལ་སྤྱིའི་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་པས《འཇར་འགོག་རྒྱལ་སྐྱོབ་ཀྱི་ཆེད་དུ་སྤུན་ཟླ་ཡོངས་ལ་བསྒྲགས་པའི་ཡི་གེ》སྟེ། 《བརྒྱད་གཅིག་བསྒྲགས་གཏམ》བྲིས་ནས། རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་བྱས་ནས་ནང་འཁྲུག་གི་མཚམས་བཞག་སྟེ་འཇར་འགོག་རྒྱལ་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

21.1935ལོའི་ཟླ12པར་ཀྲུང་གུང་ཀྲུང་དབྱང་གིས་ཧྲའན་ཞིའི་བྱང་རྒྱུད་ཀྱི་ཝ་ཡོ་པའོ་རུ་ཆབ་སྲིད་ཅུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པའི་ཐབས་ཇུས་གསར་བ་གཏན་ཁེལ་བྱས། 

22.1936ལོའི་ཟླ10བར་དམར་དམག་གི་གཙོ་ཤུགས་ཆེན་པོ་གསུམ་ཀན་སུའུ་ཧེ་ཉིན་ས་ཁུལ་དུ་མཉམ་འཛོམས་བྱུང་བ་དེས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་རྒྱལ་ཁའི་ངང་མཇུག་འགྲིལ་བ་མཚོན་ཡོད།

23.1937ལོའི་ཟླ8པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་དེ་རྒྱལ་དམངས་གསར་བརྗེ་དམག་གི་དམག་སྡེ་བརྒྱད་པར་བཅོས་སྒྲིག་བྱས་པའི་བཀའ་ཁྱབ་བསྒྲགས་ཤིང་། ཀྲུའུ་ཏེ་ཡིས་སྤྱི་ཁྱབ་དམག་སྤྱི་དང་ཕེང་ཏེ་ཧེ་ཡིས་སྤྱི་ཁྱབ་དམག་སྤྱི་གཞོན་པའི་འགན་ཁུར།  

24.1937ལོའི་ཟླ9བའི་ཚེས22ཉིན། གོ་མིན་ཏང་ཀྲུང་དབྱང་གསར་འགྱུར་ཁང་གིས《ཀྲུང་གུང་ཀྲུང་དབྱང་གིས་གོ་གུང་མཉམ་འབྲེལ་བྱེད་པའི་བསྒྲགས་གཏམ》སྤེལ་བ་དང་། ཚེས23ཉིན་ལ་ཅང་ཅེ་ཧྲི་ཡིས་དོན་དངོས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ཁྲིམས་མཐུན་གོ་གནས་ལ་ཁས་ལེན་པའི་གཏམ་བཤད་སྤེལ་བ་དེས། གོ་གུང་ཏང་གཉིས་མཉམ་འབྲེལ་བྱེད་པ་དེ་རྨང་གཞི་ཡིན་པའི་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་དངོས་སུ་གྲུབ་པ་མཚོན།

25.1937ལོའི་ཟླ10བར། ཀྲུང་གོ་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱིས་གྲོས་མཐུན་བཞག་སྟེ། ལྷོ་ཕྱོགས་ཀྱི་ཞིང་ཆེན8དང་ས་ཁུལ13གྱི་དམར་དམག་དང་དམར་དམག་ངེས་མེད་རྒོལ་རྡུང་རུ་ཁག་དེ་གསར་དུ་བསྒྲིགས་པའི་རྒྱལ་དམངས་གསར་བརྗེའི་དམག་གི་སྐམ་དམག་འབུམ་ཤོག་བཞི་བར་དངོས་སུ་བཅོས་སྒྲིག་བྱས།

26.1937ལོའི་ཟླ12པའི་ཚེས25ཉིན། གསར་དམག་འབུམ་ཤོག་བཞི་བའི་འབུམ་ཤོག་དང་པོ་ཝུའུ་ཧན་དུ་བཙུགས་ནས། ཡེ་ཐིན་གྱིས་འབུམ་དཔོན་གྱི་འགན་བཞེས་པ་དང་། ཞང་དབྱིན་གྱིས་འབུམ་དཔོན་གཞོན་པའི་འགན་བཞེས།

27.1938ལོའི་ཟླ9པའི་ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་ཨུ་ཚང་འཛོམས་སྐབས་དྲུག་པའི་གྲོས་ཚོགས་ཐེངས་དྲུག་པ་ཡན་ཨན་དུ་འཚོགས་ཤིང་། ཏང་གི་འཇར་འགོག་དམག་འཁྲུག་གི་ཕན་ཚུན་སྲ་འཛིན་བྱེད་པའི་དུས་རིམ་གྱི་གཞི་རྩའི་བྱེད་ཕྱོགས་དང་ལས་འགན་གཏན་ཁེལ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་མའོ་ཙེ་ཏུང་གི་ཏང་ཡོངས་ཀྱི་མགོ་ཁྲིད་གོ་གནས་གཏན་ཁེལ་བྱས། 

28.1939ལོའི་ཟླ7པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གིས《འཇར་འགོག་དམག་འཁྲུག་གི་ལོ་གཉིས་ལ་དྲན་གསོ་བྱེད་པའི་དུས་གནས་ཐད་ཀྱི་བསྒྲགས་གཏམ》སྤེལ་ནས། “འཇར་འགོག་མཐའ་འཁྱོལ་དང་། བར་མཚམས་ནས་འོས་མེད་འགྲིག་ཐབས་བྱེད་པར་ངོ་རྒོལ་བྱེད་པ”དང་། “རྒྱལ་ནང་གི་མཐུན་སྒྲིལ་སྲ་བརྟན་དང་། ནང་ཁུལ་ཁ་འབྲལ་ལ་ངོ་རྒོལ་བྱེད་པ། ”“རྒྱལ་ཡོངས་ཡར་ཐོན་ཡོང་བར་བརྩོན་ལེན་དང་། རྒྱབ་ཕྱོགས་ཕྱིར་བཤོལ་བྱེད་པར་ངོ་རྒོལ་བྱེད་པ”སོགས་ཀྱི་འདོད་ཚུལ་བཏོན། ཟླ9བའི་ཚེས16ཉིན། མའོ་ཙེ་ཏུང་གིས་གོང་གསལ་གྱི་འདོད་ཚུལ་གསུམ་པོ་དེ“འཇར་འགོག་རྒྱུན་འཁྱོངས་དང་མགོ་འདོགས་ལ་ངོ་རྒོལ” “མཐུན་སྒྲིལ་རྒྱུན་འཁྱོངས་དང་ཁ་འབྲལ་ལ་ངོ་རྒོལ།” “ཡར་ཐོན་རྒྱུན་འཁྱོངས་དང་ཕྱིར་བཤོལ་ལ་ངོ་རྒོལ”བཅས་ཀྱི་ཆབ་སྲིད་ཀྱི་འབོད་ཚིག་ཆེན་པོ་གསུམ་དུ་བསྡུས།

29.1939ལོའི་ཟླ8པའི་ཚེས7ཉིན། ལུའུ་ཧྲའོ་ཆི་ཡིས་ཡན་ཨན་མར་ལེ་སློབ་གླིང་དུ《གུང་ཁྲན་ཏང་ཡོན་གྱི་བློ་སྦྱོང་སྐོར་གླེང་བ》ཞེས་པའི་གསུང་བཤད་གནང་།

30.1940ལོའི་ཟླ8པར། དམག་སྡེ་བརྒྱད་པའི་སྤྱི་ཁྱབ་པུ་ཡིས་ཧྭ་བྱང་འཇར་དམག་ལ་དགྲ་བོའི་འགྲིམ་འགྲུལ་ལམ་ཐིག་གཏོར་བ་དམིགས་ཡུལ་གཙོ་བོ་ཡིན་པའི་ཕར་རྒོལ་གཡུལ་འགྱེད་རྒྱ་ཆེན་པོ་བྱས་ཤིང་། དམག་དཔུང་ལ་མདའ་ཤོག105དང་མི་ཁྲི20ཙམ་ཡོད་པས་ཐོན་བརྒྱའི་དམག་ཆེན་ཞེས་བརྗོད། གཡུལ་འགྱེད་དེས་དགྲ་དམག་ལ་རྡུང་རྡེག་དྲག་པོ་བཏང་བ་དང་། རྒྱལ་ཡོངས་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་སྤྲོ་སེམས་འཕེལ་ལ།  གུང་ཁྲན་ཏང་དང་དམག་སྡེ་བརྒྱད་པའི་སྙན་གྲགས་སྔར་ལས་རྒྱས། 

31.1942ལོའི་ཟླ5བའི་ཚེས25ཉིན། དམག་སྡེ་བརྒྱད་པའི་དྲག་ཇུས་དམག་དཔོན་གཞོན་པ་ཙུའུ་ཆོན་ཧྲན་ཞི་ཞིང་ཆེན་ལིའོ་རྫོང་གི་ཧྲི་ཙི་ལེན་དུ་འཇར་ཕན་དམག་འཁྲུག་ཁྲོད་གཟི་བརྗིད་ངང་རྒྱལ་ཁབ་ཀྱི་ཆེན་དུ་རང་སྲོག་བློས་བཏང་བ་དང་། ཁོང་ནི་འཇར་འགོག་དམག་འཁྲུག་སྐབས་སུ་རང་སྲོག་བློས་བཏང་བའི་ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔོན་མཐོ་ཤོས་ཡིན། 

32.1942ལོའི་ཟླ5བར། མའོ་ཙེ་ཏུང་གིས་ཡན་ཨན་དུ་བསྡུས་པའི་རིག་རྩལ་ལས་དོན་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་ནས། གསར་བརྗེའི་རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ལ། ཐོག་མར་བཟོ་ཞིང་དམག་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས་གསལ་བཤད་གནང་།

33.1942ལོའི་ཟླ2པར། ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་དེ་ཏང་ཡོངས་སུ་ཁྱབ་གདལ་དུ་སྤེལ། ཐེངས་འདིའི་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་གྱི་བྱེད་ཕྱོགས་ནི། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱ་དགོས་པ་དང་། བསམ་བློ་གསལ་འབྱེད་དང་བློ་མཐུན་ལ་མཐུན་སྒྲིལ་བྱ་དགོས་པ་དེ་ཡིན།

34.1944ལོའི་ཟླ9བའི་ཚེས8ཉིན། མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་ཉེན་སྲུང་ཐོན་གྱིས་ཀྲང་སི་ཏེ་ལ་མྱ་ངན་ཞུ་བའི་ཚོགས་འདུའི་ཐོག《མི་དམངས་ལ་ཞབས་འདེགས་ཞུ》ཞེས་པའི་གསུང་བཤད་གནང་།

35.1945ལོའི་ཟླ4བའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ཡན་ཨན་ནས་འཚོགས། མའོ་ཙེ་ཏུང་གི་དགོངས་པ་ཏང་གི་སློབ་སྟོན་བསམ་བློར་འཛིན་རྒྱུ་གཏན་ཁེལ་བྱས་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ནང་བཀོད། དེ་ནི་ཚོགས་ཆེན་ཐེངས་བདུན་པའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ཤིག་ཡིན།

36.1945ལོའི་ཟླ8པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གིས《མིག་སྔའི་དུས་གནས་ཐད་ཀྱི་བསྒྲགས་གཏམ》སྤེལ་ནས། ཞི་བདེ་དང་དམངས་གཙོ། མཐུན་སྒྲིལ་བཅས་ཀྱི་འབོད་ཚིག་ཆེན་པོ་གསུམ་གསལ་བོར་བཏོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི“ཞི་བདེ་དམངས་གཙོ་མཐུན་སྒྲིལ་གྱི་རྨང་གཞིའི་སྟེང་། རྒྱལ་ཡོངས་གཅིག་གྱུར་མངོན་འགྱུར་དང་། རང་བཙན་རང་དབང་དང་སྟོབས་འབྱོར་ལྡན་པའི་ཀྲུང་གོ་གསར་བ་འཛུགས་སྐྲུན་བྱེད་དགོས”པའི་འདོད་ཚུལ་གསལ་བཤད་གནང་།   

37.1945ལོའི་ཟླ10བའི་ཚེས10ཉིན། གོ་གུང་ཕྱོགས་གཉིས་ཀྱི་གྲོས་མོལ་འཐུས་མིས་ཁྲུང་ཆིན་དུ་《སྲིད་གཞུང་དང་ཀྲུང་གུང་འཐུས་མིའི་གྲོས་མོལ་གྱི་ཟིན་བྲིས་གནད་བསྡུས》ཞེས་པ་སྟེ“བཅུ་བའི་ཚེས་བཅུའི་ཆོད་ཡིག”ལ་མིང་རྟགས་བཀོད་པ་རེད།

38.1946ལོའི་ཟླ6པའི་ཚེས26ཉིན། གོ་མིན་ཏང་གི་དམག་དཔུང་གིས་ཀྲུང་ཡོན་བཅིངས་འགྲོལ་ས་ཁུལ་ལ་ཚུར་རྒོལ་ཆེན་པོ་བྱས་ཏེ་ཕྱོགས་ཡོངས་ནས་ནང་འཁྲུག་ལངས། ཀྲུང་ཡོན་དམག་ཁུལ་གྱི་དམག་དཔུང་གིས་ཀྲུང་ཡོན་ལ་མཐའ་སྐོར་གཡུལ་འགྱེད་བྱས་པས། རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་གི་མགོ་བརྩམས།   

39.1946ལོའི་ཟླ8པར་མའོ་ཙེ་ཏུང་དང་ཨ་རིའི་གསར་འགྱུར་འགོད་མཁན་ཨཱན་ན•ལོ་ཨིས་སི•སི་ཐེར་རོང་གི་གླེང་མོལ་ནང་དུ། “ལོག་སྤྱོད་ཕྱོགས་ཁག་མཐའ་དག་ཤོག་བུས་བཟོས་པའི་སྟག་རེད”ཅེས་པའི་ཆོད་གཏམ་གྲགས་ཅན་བཏོན་པ་རེད།

40.1947ལོའི་ཟླ6པའི་ཚེས30ཉིན། ལིག་པོ་ཁྲིན་དང་ཏེང་ཞའོ་ཕིང་གིས་ཅིན་ཅི་ལུའུ་ཡུས་བྱེས་འཐབ་དམག་སྡེའི་གཙོ་ཤུགས་ཁྲིད་དེ་རྨ་ཆུའི་ཉེན་ཁ་ལས་བརྒལ་ནས་ཏ་པེ་རི་བོར་བསྐྱོད་དེ་མི་དམངས་བཅིངས་འགྲོལ་དམག་འཁྲུག་གི་འཐབ་ཇུས་ཕར་རྒོལ་གྱི་མགོ་བརྩམས།

41.1947ལོའི་ཟླ10བའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གིས་དངོས་སུ《ཀྲུང་གོའི་ས་ཞིང་བཅའ་ཁྲིམས་ཀྱི་རྩ་འཛིན》ཁྱབ་བསྒྲགས་བྱས་ཤིང་། ས་ཞིང་བཅོས་བསྒྱུར་གྱི་ལས་དོན་མྱུར་དུ་རྒྱལ་ཡོངས་ཀྱི་བཅིངས་འགྲོལ་ས་ཁུལ་སོ་སོ་ནས་སྤེལ།

42.1948ལོའི་ཟླ9བའི་ཚེས12ནས་ཟླ11པའི་ཚེས2ཉིན་བར། བྱང་ཤར་བྱེས་འཐབ་དམག་སྡེ་ཡིས་ལིའོ་ཧྲིན་གཡུལ་འགྱེད་བསླངས། གཡུལ་འགྱེད་འདི་ཉིན52ལ་འཐབ་ཅིང་། གོ་མིན་ཏང་གི་དམག་མི་ཁྲི47ལྷག་ཚར་བཅད་པ་དང་བྱང་ཤར་ས་ཁུལ་ཡོངས་སུ་བཅིངས་འགྲོལ་བྱས། 

43.1949ལོའི་ཟླ་དང་པོའི་ཚེས1ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས《གསར་བརྗེ་མཐར་ཕྱིན་པ་བྱ་དགོས》ཞེས་པའི་ལོ་གསར་གྱི་ཤིས་ཚིག་སྤེལ་ནས། ངེས་པར་དུ་ལོག་སྤྱོད་སྟོབས་ཤུགས་ཡོད་ཚད་རྩ་མེད་དུ་གཏོང་དགོས་པ་ནན་བཤད་བྱས།

44.1949ལོའི་ཟླ6པའི་ཚེས30ཉིན། མའོ་ཙེ་ཏུང་གིས《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྐོར་གླེང་བ》ཞེས་པའི་རྩོམ་ཡིག་སྤེལ་ནས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཞེས་པའི་ཚན་རིག་གི་ཐ་སྙད་འདི་བཏོན་པ་རེད།

45.1949ལོའི་ཟླ9ཚེས21ནས30ཉིན་བར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་པེ་ཕིང(དེང་གི་པེ་ཅིང)དུ་འཚོགས། གྲོས་ཚོགས་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན》ལ་གྲོས་འཆམ་བྱུང་ཞིང་། དེས་ཀྲུང་གོ་གསར་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་གསལ་བོར་བསྟན་ཡོད། དེ་ནི་ཀྲུང་གོ་གསར་བའི་རྒྱལ་འཛུགས་རྩ་འཛིན་ཡིན།

46.རྒྱལ་ཁབ་བཙུགས་པའི་དུས་མགོའི“ལས་འགུལ་ཆེན་པོ་གསུམ”ནི་མེ་འགོག་ཁྲའོ་རོགས་དང་། ས་ཞིང་ལམ་ལུགས་སྒྱུར་བཅོས། གསར་བརྗེར་ངོ་རྒོལ་པར་དྲག་གནོན་བྱེད་པ་བཅས་ལ་ཟེར།

47.1951ལོ་ནས1952ལོའི་བར། རང་རྒྱལ་གྱིས་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་ཁྲོད་དུ་ལྐོག་ཟ་དང་ཆུད་ཟོས་ལ་ངོ་རྒོལ། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་སྤེལ་བ་སྟེ། “ངོ་རྒོལ་གསུམ”གྱི་ལས་འགུལ་ཡང་ཟེར།

48.1952ལོའི་ཟླ8པའི་ཚེས8ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་རྩ་གནད》ལ་ཆོག་མཆན་བཀོད་པ་དེས། རང་རྒྱལ་གྱིས་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་པ་མཚོན་ཡོད།

49.1953ལོ་ནས་བཟུང་རང་རྒྱལ་གྱིས་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་དང་པོ་ལག་བསྟར་བྱེད་མགོ་བརྩམས་པ་དེས། གཞི་ཁྱོན་ཆེ་ཞིང་འཆར་གཞི་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱེད་མགོ་ཚུགས་པ་མཚོན་ཡོད།

50.1956ལོའི་ཟླ་དང་པོར། ཀྲོའུ་ཨེན་ལའེ་ཡིས་ཤེས་ཡོན་ཅན་གྱི་གནད་དོན་སྐོར་གྱི་གྲོས་ཚོགས་སྟེང་དེང་རབས་ཚན་རིག་གི་ཕྱོགས་ལ་དཔུང་སྐྱོད་བྱེད་པའི་འབོད་སྐུལ་བཏང་།   

51.1956ལོའི་ཟླ4བར། མའོ་ཙེ་ཏུང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱས་འཛོམས་གྲོས་ཚོགས་སྟེང་《འབྲེལ་བ་ཆེན་པོ་བཅུ་གླེང་བ》ཞེས་པའི་སྙན་ཞུ་གནང་བ་དེས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་འཚོལ་ཞིབ་བྱེད་མགོ་བརྩམས་པ་མཚོན་ཡོད།  

52.1956ལོའི་ཟླ9བར། ཀྲུང་གུང་ཚོགས་ཆེན་བརྒྱད་པའི་ཆབ་སྲིད་སྙན་ཞུའི་སྐོར་གྱི་གྲོས་ཆོད་ནང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གིས་ཚན་རིག་དང་རིག་གནས་སྒྱུ་རྩལ་ལས་དོན་ལ་དར་རྒྱས་གཏོང་བའི་མཛུབ་སྟོན་བྱེད་ཕྱོགས་གཏན་ཁེལ་བྱས། 

53.1956ལོའི་ལོ་མཇུག་ཏུ་སླེབས་དུས། རང་རྒྱལ་གྱིས་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། དམངས་གཙོ་རིང་ལུགས་གསར་བ་ནས་སྤྱི་ཚོགས་རིང་ལུགས་སུ་འགྱུར་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་མངོན་འགྱུར་བྱུང་།

54.1957ལོའི་ཟླ2པར། མའོ་ཙེ་ཏུང་གིས་ཆེས་མཐོའི་རྒྱལ་སྲིད་གྲོས་ཚོགས་ཐེངས་བཅུ་གཅིག་པའི(རྒྱས་འཛོམས)གྲོས་ཚོགས་ཐོག《མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པའི་གནད་དོན་སྐོར》ཞེས་པའི་གསུང་བཤད་གནང་སྟེ། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བ་ནི་སྔར་བཞིན་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ། དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པའི་བར་གྱི་འགལ་བ་ཡིན་ཞེས་བསྟན།

55.1957ལོའི་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་གྱི་ནང་དོན་གཙོ་བོ་ནི། དཔོན་ཉམས་རིང་ལུགས་དང་། ཕྱོགས་རིས་རིང་ལུགས་དང་རང་ཤེད་རིང་ལུགས་བཅས་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན། 

56.1961ལོའི་ཟླ་དང་པོར། ཀྲུང་གུང་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་སྟེང་། མའོ་ཙེ་ཏུང་གིས་དངོས་ཐོག་བདེན་འཚོལ་གྱི་སྲོལ་རྒྱུན་བཟང་པོ་སླར་གསོ་བྱེད་དགོས་པ་ནན་བཤད་གནང་བ་དང་། ཏང་ཡོངས་ལ་བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་དར་སྤེལ་གཏོང་དགོས་པའི་འབོད་སྐུལ་གནང་།

57.1964ལོའི་ཟླ10བའི་ཚེས16ཉིན། རང་རྒྱལ་གྱིས་རྡུལ་ཕྲན་འབར་མདེལ་དང་པོ་འབར་གས་ལེགས་འགྲུབ་བྱུང་བས། རིམ་འདས་རྒྱལ་ཁབ་ཆེན་པོའི་ཉིང་རྡུལ་སྒེར་སྡེམ་དང་ཉིང་རྡུལ་གྱི་གཡོ་སྒྱུ་གཏོར་ནས་རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་ཇེ་མཐོར་བཏང་།

58.1970ལོའི་ཟླ4བའི་ཚེས24ཉིན། རང་རྒྱལ་གྱིས་མིས་བཟོས་སའི་གོ་ལའི་འཁོར་སྐར་དང་པོ་བདེ་བླག་ངང་བཏང་བ་རེད།

59.1970ལོའི་ཟླ12པའི་ཚེས30ཉིན། རང་རྒྱལ་གྱིས་རང་གིས་ཇུས་འགོད་དང་རང་གིས་ལས་བཟོ་བྱས་པའི་ལེ་བར་ཁྲི་ཡི་འབྲི་ཆུའི་ཆུ་རགས་དང་པོ་སྟེ། ཀེ་ཀྲོའུ་ཆུ་རགས་ཆུ་བེད་ལྟེ་བའི་བཟོ་སྐྲུན་ལས་མགོ་ཚུགས། 1988ལོར་ཡོངས་སུ་འགྲུབ།

60.1978ལོའི་ཟླ3པར། ཏེང་ཞའོ་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་ཐོག་ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པའི་ལྟ་བ་བཏོན།   

61.དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེའི་དུས་སྐབས་སུ། ཧུའུ་པེ་ཧུང་ཨན་རྫོང་དུ་མཐོ་རིམ་དམག་དཔོན200ལྷག་བྱུང་བས། ཀྲུང་གོའི་དམག་དཔོན་དང་པོའི་རྫོང་ཞེས་འབོད།

62.སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་པོ་བཅུ་ནི་ཀྲུའུ་ཏེ་དང་། ཕེང་ཏེ་ཧེ། ལིན་པའོ། ལིག་པོ་ཁྲེང་། ཧོ་ལུང་། ཁྲིན་དབྱི། ལུའུ་རུང་ཧོན། ཞུས་ཞང་ཆན། ཉེ་རུང་ཀྲེན། ཡེ་ཅན་ཡུན་བཅས་ཡིན།

63.སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དམག་དཔོན་ཆེན་མོ་ནི་སུའུ་ཡུས་དང་། ཞུས་ཧའེ་ཏུང་། ཧོང་ཁེ་ཁྲེང་། ཁྲིན་ཀུན། ཐན་ཀྲིན། ཞའོ་ཅིན་ཀོང་། ཀྲང་ཡུན་དབྱི། ལུའོ་རུའེ་ཆིང་། ཝང་ཧྲུའུ་ཧྲིན། ཞུས་ཀོང་ཏ་བཅས་ཡིན། 

64.1979ལོའི་ཟླ1ཚེས1ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཐའེ་ཝན་སྤུན་ཟླར་སྤྲིངས་བའི་ཡི་གེ》སྤེལ་ནས། ཐའེ་ཝན་གྱི་ད་ལྟའི་གནས་ཚུལ་ལ་བརྩི་འཇོག་དང་ཞི་བདེས་གཅིག་གྱུར་མངོན་འགྱུར་བྱེད་པའི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་བཏོན་ཏེ། ངོགས་གཉིས་ཀྱི་ཚོང་འགྲུལ་དང་། སྦྲག་སྲིད། གནམ་གྲུ་ཤར་གཏོང་བཅས་མངོན་འགྱུར་བྱེད་པའི་གྲོས་གཞི་བཏོན།

65.1978ལོའི་སྟོན་ཁར། ཨན་ཧུའེ་ཞིང་ཆེན་ཧྥེང་དབྱང་རྫོང་ཧྥེང་ལིས་ཀུང་ཧྲེ་ཞའོ་ཀང་སྡེ་བའི་ཞིང་བས་མགོ་ཁྲིད་ནས་དུད་ཁྱིམ་གྱིས་འགན་གཙང་ལེན་བྱས། 1982ལོའི་ཟླ1ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་གི་ཞིང་སྡེ་ལས་དོན་སྐོར་གྱི་ཡིག་ཆ་དང་པོའི་ནང་གསལ་བོར་བསྟན་དོན། ཐོན་ཚད་དུད་ཁྱིམ་གྱིས་འགན་གཙང་ལེན་བྱེད་པ་དང་ལས་ཀ་དུད་ཁྱིམ་གྱིས་འགན་གཙང་ལེན་བྱེད་པ་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཡིན།

66.1980ལོའི་ཟླ8པའི་ཚེས18ཉིན། ཏེང་ཞའོ་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་རྒྱས་འཛོམས་གྲོས་ཚོགས་སྟེང《ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལམ་ལུགས་སྒྱུར་བཅོས》ཞེས་པའི་གསུང་བཤད་གནང་། གསུང་བཤད་འདི་རང་རྒྱལ་གྱི་ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆར་གྱུར་ཡོད།

67.1980ལོའི་ཟླ8ཚེས26ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《ཀོང་ཏུང་ཞིང་ཆེན་གྱི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྲོལ་ཡིག》དང《ཧྥུ་ཅན་ཞིང་ཆེན་གྱི་ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྲོལ་ཡིག》ལ་ཆོག་མཆན་བཀོད་དེ་ཀོང་ཏུང་གི་ཧྲིན་ཀྲིན་དང་། ཀྲུའུ་ཧའེ། ཧྲན་ཐོའུ། ཧྥུ་ཅན་གྱི་ཞ་མོན་བཅས་སུ་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུའི་གྲོས་ཐག་བཅད་པ་རེད།

68.1981ལོའི་ཟླ2པའི་ཚེས25ཉིན། རྒྱལ་ཡོངས་ཀྱི་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པའི་ཀྲུང་དབྱང་སོགས་ལས་ཁུངས་དགུ་ཡིས་ལྷན་ཏུ་རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ན་གཞོན་ལ་འབོད་སྐུལ་བཏང་ནས། “དང་དོད་ལྔ”(ཡ་རབས་ལ་དང་དོད་དང་། གུས་ཞབས་ལ་དང་དོད། འཕྲོད་བསྟེན་ལ་དང་དོད། སྒྲིག་ལམ་ལ་དང་དོད། ཀུན་སྤྱོད་ལ་དང་དོད)དང“ཡག་བཞི”(སེམས་པ་བཟང་། སྐད་ཆ་ཡག  བྱ་སྤྱོད་ལེགས། ཁོར་ཡུག་མཛེས)ནང་དོན་གཙོ་བོ་ཡིན་པའི་ཡ་རབས་གུས་ལྡན་གྱི་བྱེད་སྒོ་སྤེལ་བ་རེད། དེའི་རྗེས་སུ་བྱེད་སྒོ་འདི་ཡང“དགའ་ཞེན་གསུམ”(མེས་རྒྱལ་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། ཏང་ལ་དགའ་ཞེན)གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཡོད།

 69.1983ལོའི་ཟླ10བར། ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཀྲུང་གུང་ཀྲུང་དབྱང་གི་ཏང་དག་ཐེར་བྱེད་པའི་སྐོར་གྱི་ཆོད་དོན》ལ་གྲོས་འཆམ་བྱུང་། 《ཆོད་དོན》ལས་ཏང་དག་ཐེར་བྱེད་པའི་ལས་འགན་ནི་བསམ་བློ་གཅིག་གྱུར་དང་། ཀུན་སྤྱོད་དག་ཐེར། སྒྲིག་ཁྲིམས་ལ་ཤུགས་སྣོན། རྩ་འཛུགས་དྭངས་གཙང་བཅས་བྱ་རྒྱུ་དེ་ཡིན་ཞེས་གཏན་འབེབས་བྱས་ཡོད།

70.1985ལོའི་ཟླ6པའི་ཚེས9ནས་ཚེས15ཉིན་བར། རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་ལས་དོན་ཚོགས་འདུ་ཐེངས་དང་པོ་པེ་ཅིན་དུ་འཚོགས། ཚོགས་འདུའི་ཐོག《གཞི་རྩའི་ཆ་ནས་སྤྱི་དམངས་ཡོངས་ལ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལོ་ལྔའི་འཆར་འགོད》ལ་གྲོས་འཆམ་བྱུང་བ་རེད།

71.1987ལོའི་ཟླ10ཚེས25ཉིན་ནས་ཟླ11ཚེས1ཉིན་བར་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིན་དུ་འཚོགས། ཏང་གི་ཚོགས་ཆེན་བཅུ་གསུམ་པའི་སྙན་ཞུའི་ནང་རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་ཅེས་གསལ་བོར་བསྟན་ཡོད།

72.1992ལོའི་ཟླ10བའི་ཚེས12ཉིན་ནས་ཚེས18ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་པེ་ཅིན་དུ་འཚོགས་པ་རེད། ཚོགས་ཆེན་བཅུ་བཞི་པའི་སྙན་ཞུའི་ནང་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུ་དེ་ཡིན་པ་གསལ་བོར་བཏོན་ཡོད།

73.1992ལོའི་ཟླ11པར། སྐམ་ས་ཆེན་པོའི་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་དང་ཐའེ་ཝན་གྱི་མཚོ་འགག་བརྗེ་རེས་ཐེབས་རྩ་ལྷན་ཚོགས་ཀྱིས་ཚོགས་ཆེན་གཉིས་ཀྱི་ལས་དོན་རང་བཞིན་གྱི་གྲོས་མོལ་ཁྲོད་བཞག་པའི་ངག་ཐོག་གི་རྣམ་པས་མཚོན་པའི“མཚོ་འགག་ངོགས་གཉིས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི”ཐུན་མོང་གི་ངོས་འཛིན་ཐག་བཅད་པ་དང་། རྗེས་སུ་དེར“དགུ་གཉིས་ཐུན་མོང་ལྟ་བ”ཞེས་འབོད།

74.1998ལོའི་ཟླ11པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྫོང་རིམ་པ་ཡན་གྱི་ཏང་སྲིད་མགོ་ཁྲིད་ཚན་ཆུང་དང་མགོ་ཁྲིད་ལས་བྱེད་པའི་ཁྲོད་དུ“སློབ་སྦྱོང་ལ་མཐོང་ཆེན་དང་། ཆབ་སྲིད་ལ་དང་དོད། སྲོལ་བཟང་དར་སྤེལ”བཅས་ནང་དོན་གཙོ་བོ་ཡིན་པའི་ཏང་གཤིས་ཏང་སྲོལ་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་སྤེལ། “མཐོང་དོད་སྤེལ་གསུམ”གྱི་སློབ་གསོ་དེ་ནས་བཟུང་མགོ་བརྩམས་པ་རེད།

75.1999ལོའི་ཟླ12པའི་ཚེས20ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་སྟེང་།  ཀྲུང་ཕུའུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཨའོ་མོན་དུ་སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་བསྡུས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཨའོ་མོན་ལ་བདག་དབང་སྤྱོད་རྒྱུ་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས་པ་རེད།   

76.2001ལོའི་ཟླ9པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་གིས《སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལག་བསྟར་རྩ་གནད》པར་འགྲེམས་བྱས་ནས། སྤྱི་ཚོགས་ཡོངས་སུ“རྒྱལ་གཅེས་ཁྲིམས་སྲུང་དང་། ལུགས་མཐུན་ཡིད་རྟོན། མཐུན་སྒྲིལ་མཛའ་བརྩེ། ཧུར་བརྩོན་རང་བཀུར། ལས་བཀུར་སྐྱེས་འབུལ”བཅས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞི་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་བཏོན་ཡོད།   

77.ཀྲུང་གུང་ཀྲུང་དབྱང་གིས2005ལོའི་ཟླ་དང་པོ་ནས་མགོ་བརྩམས་ཏེ། ལོ་གཅིག་དང་ཕྱེད་ཀ་ཡས་མས་ཀྱི་དུས་ཚོད་སྤྱད་ནས། ཏང་ཡོངས་སུ་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་པ་རེད།

78.2005ལོའི་ཟླ4བའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་པེ་ཅིན་དུ་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ལེན་ཀྲན་དང་དངོས་གཞིའི་གྲོས་མོལ་བྱས། ཚོགས་འདུ་གྲོལ་རྗེས་ཐུན་མོང་ཐོག“ངོགས་གཉིས་ཞི་བདེ་འཕེལ་རྒྱས་ཀྱི་ཐུན་མོང་གི་བསམ་འདུན”ཁྱབ་བསྒྲགས་བྱས་པ་རེད།

79.2006ལོའི་ཟླ3པར། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་ན་གཞོན་ལ“གཟི་བརྗིད་བརྒྱད་དང་ཞེ་ཁྲེལ་བརྒྱད”ནང་དོན་གཙོ་བོར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་འཛུགས་པར་ཁྲིད་སྟོན་བྱ་དགོས་པ་བཏོན་ཡོད།  

80.2010ལོའི་ཟླ4བའི་ཚེས6ཉིན། ཀྲུང་དབྱང་རྩ་འཛུགས་པུ་དང་ཀྲུང་དབྱང་དྲིལ་སྒྲོག་པུ་ཡིས་པེ་ཅིན་དུ་ཚོགས་འདུ་འཚོགས་ནས། སྔོན་ཐོན་དང་ཕུལ་བྱུང་བརྩོན་ལེན་བྱེད་སྒོ་བཀོད་སྒྲིག་བྱས་ཡོད། སྔོན་ཐོན་གསར་འཛུགས་དང་ཕུལ་བྱུང་བརྩོན་ལེན་བྱེད་སྒོ་སྤེལ་བ་དང་། ནང་དོན་གཙོ་བོ་ནི་གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས་གསར་འཛུགས་དང་། གུང་ཁྲན་ཏང་ཡོན་ཕུལ་བྱུང་བརྩོན་ལེན་བྱ་རྒྱུ་དེ་ཡིན།

81.2010ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་གིས《གནས་བབ་གསར་པའི་འོག་གི་ཏང་གི་ལོ་རྒྱུས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཤིང་། འདི་ནི་ཏང་གི་ལོ་རྒྱུས་ཐོག་ཀྲུང་གུང་ཀྲུང་དབྱང་གི་མིང་ཐོག་ནས་ཏང་གི་ལོ་རྒྱུས་སྐོར་གྱི་ལས་དོན་ཡིག་ཆ་གཏན་འབེབས་དང་གཤམ་སྤེལ་བྱེད་ཐེངས་དང་པོ་ཡིན།

82.ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་ཀྲུང་གོས་མུ་མཐུད་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱ་རྒྱུ་ཡིན་པ་བཏོན་ཡོད།  

83.ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཁྲོད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན་ནི་རྒྱལ་ཁབ་རིམ་པའི་རིན་ཐང་དམིགས་ཚད་ཡིན་པ་དང་། རང་དབང་དང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་ནི་སྤྱི་ཚོགས་རིམ་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཡིན་པ་དང་། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་ནི་སྤྱི་དམངས་མི་སྒེར་ངོས་ཀྱི་རིན་ཐང་ཚད་གཞི་ཡིན།

84.“རྒྱུད་གཅིག་ལམ་གཅིག”ནི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་བསྡུས་མིང་ཡིན།  

85.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་འདུན་མ”དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཚན་ཉིད་དུ་བཞག་པ་ནི། ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་ཆད་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན།

86.2015ལོའི་ཟླ11པའི་ཚེས10ཉིན། ཀྲུང་དབྱང་ནོར་དཔལ་མགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱིའི་དགོས་མཁོ་འོས་འཚམ་གྱིས་ཆེ་རུ་གཏོང་བ་དང་ཆབས་ཅིག་ཏུ་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་བསྣན་ནས། ཕར་རྒོལ་མ་ལག་གི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་འཕར་བའི་སྒུལ་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་འཕར་བར་སྐུལ་འདེད་བྱེད་དགོས།

87.“ལྔ་བཅུ་གསུམ”གྱི་དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཕམ་ཐག་གཅོད་བྱེད་པའི་དུས་མཚམས་ཤིག་ཡིན། ངེས་པར་དུ་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཁག་ཐེག་བྱ་དགོས། 

གཉིས།  མདོར་བརྗོད་དྲི་ལན།

1.ཙུན་དབྱིའི་གྲོས་ཚོགས་ཀྱི་ལོ་རྒྱུས་དོན་སྙིང་ཅི་ཞིག་ཡིན།  

ལན། ཙུན་དབྱིའི་གྲོས་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཁྲོད་ཀྱི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་དེ།  གཅིག་ནས་ཙུན་དབྱིའི་གྲོས་ཚོགས་ཀྱིས་ཀྲུང་གོའི་གསར་བརྗེ་ཤི་གསོན་དང་འབྲེལ་བའི་ཉེན་ཁར་འཕྲད་པའི་གནད་འགག་གི་དུས་སུ་ཀྲུང་གོའི་གསར་བརྗེ་བསྐྱབས་པ་རེད།  གཉིས་ནས་ཙུན་དབྱིའི་གྲོས་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་ལོ་ན་ཕྲ་བ་ནས་ན་སོ་སྨིན་པའི་་ཕྱོགས་སུ་འཕེལ་བའི་མཚོན་རྟགས་ཤིག་ཡིན།  གསུམ་ནས་ཙུན་དབྱིའི་གྲོས་ཚོགས་ཐོག་མའོ་ཙེ་ཏུང་གིས་ཀྲུང་གོའི་གུང་ཁྲན་ཏང་ཁྲོད་ཀྱི་མགོ་ཁྲིད་གོ་གནས་གཏན་ཁེལ་བྱས་པ་རེད།  

2.ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་ནང་དོན་ཅི་ཡིན།  

ལན།  ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་ནང་དོན་ནི།  རང་སྣང་རིང་ལུགས་ལ་ངོ་རྒོལ་བྱས་ནས་སློབ་སྲོལ་དག་ཐེར་དང་།  ཕྱོགས་ལྷུང་རིང་ལུགས་ལ་ངོ་རྒོལ་བྱས་ནས་ཏང་སྲོལ་དག་ཐེར།  ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་ལ་ངོ་རྒོལ་བྱས་ནས་རྩོམ་སྲོལ་དག་ཐེར་བཅས་བྱེད་པ་རེད།  རང་སྣང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དེ་ནང་དོན་གཙོ་བོར་བཟུང་བ་རེད།  

3.ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བཏོན་པའི“ངེས་པར་དུ་བྱེད་དགོས་པ་གཉིས”ཞེས་པའི་ནང་དོན་ཞིབ་ཕྲ་ཅི་ཡིན།  

ལན།  ཏང་དོན་ཡོངས་ཀྱིས་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་།  ང་རྒྱལ་དང་འཚབ་འཚུབ་མེད་པའི་སྤྱོད་ཚུལ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ལ།  ངེས་པར་དུ་དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས།  

4. ཀྲུང་གོ་གུང་ཁྲན་ཏང་གི“སྤྱོད་ཚུལ་ཆེན་པོ་གསུམ”གང་ཡིན་ཞེ་ན།  

ལན།  ཏང་གི“སྤྱོད་ཚུལ་ཆེན་པོ་གསུམ”ནི་ཏང་ལ་དུས་ཡུན་རིང་པོའི་འཐབ་རྩོད་ཁྲོད་གྲུབ་པའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་དང་།  མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ།  སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་ཀྱི་སྤྱོད་ཚུལ་བཟང་པོ་ཡིན་ལ།  དེ་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་མཚོན་ཚུལ་ཡང་ཡིན།  

5.ཀྲུང་གོ་གསར་པ་དབུ་བརྙེས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བའི་བར་ནི་བར་བརྒལ་གྱི་དུས་སྐབས་ཤིག་ཡིན་ལ།  བར་བརྒལ་དུས་སྐབས་དེའི་རིང་གི་ཏང་གི་སྤྱིའི་ལམ་ཕྱོགས་ལ་ནང་དོན་གང་དག་འདུས་ཡོད།  

ལན།  དུས་སྐབས་དེའི་རིང་གི་ཏང་གི་སྤྱིའི་ལམ་ཕྱོགས་ནི་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཅན་དུ་རིམ་བཞིན་མངོན་འགྱུར་བྱས་ཏེ།  རྒྱལ་ཁབ་ཀྱིས་ཞིང་ལས་དང་ལག་ཤེས་བཟོ་ལས།  མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་པ་དེ་ཡིན།  

6.རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཐོག་གི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ནང་དོན་གཙོ་བོ་ཅི་ཡིན།  

ལན།  ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ནང་དོན་ནི།  བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་བྱེད་པ་དང་།  ཕན་ཚུན་བཙན་གནོད་མི་བྱེད་པ།  ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ།  འདྲ་མཉམ་གཉིས་ཕན།  ཞི་བདེ་མཉམ་གནས་བྱེད་པ་བཅས་ཡིན།  

7. མའོ་ཙེ་ཏུང་གིས《འབྲེལ་བ་ཆེན་པོ་བཅུའི་སྐོར་བཤད་པ》ཞེས་པའི་ནང་འབྲེལ་བ་ཆེན་པོ་གང་བཅུ་བོ་རྒྱས་བཤད་གནང་ཡོད།  

ལན།  འབྲེལ་བ་ཆེན་པོ་བཅུའི་ཁྲོད་དུ།  ལྕི་བའི་བཟོ་ལས་དང་ཡང་བའི་བཟོ་ལས།  ཞིང་ལས་བཅས་བར་གྱི་འབྲེལ་བ་དང་།  མཚོ་རྒྱུད་ཀྱི་བཟོ་ལས་དང་ནང་ལོགས་ས་ཁུལ་གྱི་བཟོ་ལས་བར་གྱི་འབྲེལ་བ།  དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བར་གྱི་འབྲེལ་བ།  རྒྱལ་ཁབ་དང་ཐོན་སྐྱེད་སྡེ་ཁག  ཐོན་སྐྱེད་བྱེད་མཁན་མི་སྒེར་བཅས་བར་གྱི་འབྲེལ་བ།  ཀྲུང་དབྱང་དང་ས་གནས་བར་གྱི་འབྲེལ་བ།  རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བ།  ཏང་ཡོན་དང་ཏང་ཡོན་མ་ཡིན་པའི་བར་གྱི་འབྲེལ་བ།  གསར་བརྗེ་དང་གསར་བརྗེར་ངོ་རྒོལ་བར་གྱི་འབྲེལ་བ།  ཡིན་མིན་བར་གྱི་འབྲེལ་བ།  ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་འབྲེལ་བ་བཅས་བརྗོད་ཡོད། 

8.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རང་རྒྱལ་རྒྱལ་ནང་གི་འགལ་བ་གཙོ་བོ་ཅི་ཞིག་བཏོན་ཡོད།  

ལན།  ཚོགས་ཆེན་འདིའི་ཐོག་བསྟན་དོན།  རང་རྒྱལ་རྒྱལ་ནང་གི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་འཛུགས་རྒྱུའི་རེ་བ་དང་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཀྱི་དངོས་ཡོད་བར་གྱི་འགལ་བ་དང་། མི་དམངས་ཀྱི་དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་བར་གྱི་འགལ་བ་ཡིན་ལ།  དེ་དོན་དངོས་ཐོག་སྔོན་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བར་གྱི་འགལ་བ་ཡིན།  

9.དུས་རབས20བའི་ལོ་རབས་དྲུག་ཅུ་བ་དང་བདུན་ཅུ་བའི་ནང་རང་རྒྱལ་གྱི་རྒྱལ་སྲུང་ལག་རྩལ་རྩེར་གྲའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པས།  གཤམ་གནས་དཔེར་མཚོན་ཁ་ཤས་མདོར་བསྡུས་ཏེ་འདྲེན་རོགས།  

ལན།  1964ལོར་རྡུལ་ཕྲན་འབར་མདེལ་དང་པོ་འབར་གས་ལེགས་འགྲུབ་བྱུང་བ་དང་།  1966ལོར་ཉིང་རྡུལ་མཚོན་ཆའི་འཕུར་མདའ་འཕེན་པའི་ཚོད་ལྟ་ལེགས་འགྲུབ་བྱུང་།  1970ལོར་མིས་བཟོས་འཁོར་སྐར་དང་པོ་བདེ་བླག་ངང་འཕེན་གཏོང་བྱས།  1974ལོར་ཉིང་རྡུལ་ཆུ་འཛུལ་དམག་གྲུ་དང་པོ་བཟོས་པ་མ་ཟད་ཚོད་ལྟ་ལེགས་འགྲུབ་བྱུང་།  

10.ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་རང་རྒྱལ་དུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཐེངས་གསུམ་བསྟུད་མར་མངོན་འགྱུར་བྱུང་ཡོད་པ་གང་དག་ཡིན།  

ལན།  རང་རྒྱལ་དུ་སྔ་རྗེས་སུ་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ནས་མི་རིགས་རང་བཙན་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་གསར་བར་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་།  དམངས་གཙོའི་རིང་ལུགས་གསར་བའི་གསར་བརྗེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ།  ཚད་མཐོའི་གཅིག་སྡུད་ཀྱི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བར་དང་། བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་ནས་སྒོ་འབྱེད་བྱས་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཅས་ལ་ཟེར། 

11.ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་སོ་སོའི་སྲིད་ཏང་བར་གྱི་འགྲོ་འོང་ཁྲོད་བརྩི་སྲུང་བྱེད་དགོས་པའི་གཞི་རྩའི་རྩ་དོན་བཞི་ཡོད་པ་གང་དག་ཡིན།  

ལན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་འགྲོ་འོང་བྱེད་སྐབས།  “རང་བཙན་རང་བདག་དང་ཡོངས་སུ་འདྲ་མཉམ།  ཕན་ཚུན་བརྩི་འཇོག  ཕན་ཚུན་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་མི་བྱེད་པ”བཅས་ཀྱི་གཞི་རྩའི་རྩ་དོན་བཞི་བརྩི་སྲུང་བྱེད་དགོས།  

12.“ཕན་པ་གསུམ”ཞེས་པའི་ནང་དོན་ཅི་ཡིན།  

ལན།  ང་ཚོའི་ལས་དོན་མཐའ་དག་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བར་ཕན་པ་ཡོད་དགོས་པ་དང་།  སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བར་ཕན་པ་ཡོད་དགོས་པ།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཕན་པ་ཡོད་དགོས་པ་བཅས་བྱེད་པ་དེ་སྤྱིའི་གཞི་འཛིན་ས་དང་ཞིབ་བཤེར་བྱེད་པའི་ཚད་གཞིར་འཛིན་དགོས།  

13.“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱི་ནང་དོན་ཅི་ཞིག་ཡིན།  

ལན།  2000ལོའི་ཟླ2ཚེས20ནས་ཚེས25ཉིན་བར།  ཅང་ཙེ་རྨིན་གྱིས་ཀོང་ཏུང་དུ་བྱ་བར་རྟོག་ཞིབ་གནང་སྐབས།  ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་མཚོན་བྱེད་དང་།  ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཀྱི་མཚོན་བྱེད།  ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་བྱེད་བཅས་ཡིན་པ་གསུངས་ཡོད།  

14.ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་ནང་དོན་གཙོ་བོ་ཅི་ཞིག་ཡིན།  

ལན།  ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་ཏུ།  སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ཆེད་འབད་འཐབ་བྱེད་དགོས》ཞེས་པའི་སྙན་ཞུ་གནང་བའི་ཁྲོད།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་དོན་སྙིང་ཨང་དང་པོ་ནི་འཕེལ་རྒྱས་སུ་གཏོང་རྒྱུ་དང་།  སྲོག་ཤིང་ནི་མི་གཙོ་བོར་འཛིན་རྒྱུ།  གཞི་རྩའི་བླང་བྱ་ནི་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ཐུབ་པ་བྱ་རྒྱུ།  རྩ་བའི་བྱེད་ཐབས་ནི་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་བཅས་ཡིན་ལུགས་བཏོན་ཡོད།  

15. མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ནང་དོན་བྱེ་བྲག་ཏུ་བརྗོད་ན་ཅི་ཞིག་ཡིན། 

ལན། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཆགས་པའི་བརྒྱུད་རིམ་ཞིག་ཡིན། བྱེ་བྲག་ཏུ་བཤད་ན། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལག་ལེན་དང་ཟུང་འབྲེལ་དང་། ཀྲུང་གོའི་ལོ་རྒྱུས་སྲོལ་རྒྱུན་ཕུལ་བྱུང་དང་རིག་གནས་ཕུལ་བྱུང་དང་ཟུང་འབྲེལ་བྱས་ཏེ། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱེད་ལ་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་ཀྱང་གཏོང་དགོས་པ་དེ་རེད། གཅིག་ནི་མར་ཁེ་སིའི་རིང་ལུགས་ཀྱིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་མཛུབ་སྟོན་བྱེད་པའི་ལག་ལེན་ཁྲོད་བྱེ་བྲག་ཏུ་བསྒྱུར་བ་མངོན་འགྱུར་བྱེད་པ། གཉིས་ནས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ལོ་རྒྱུས་ཀྱི་ཉམས་མྱོང་མར་ཁེ་སིའི་རིགས་པའི་གཞུང་ལུགས་སུ་རིམ་སྤོར་བྱེད་པ། གསུམ་ནི་མར་ཁེ་སིའི་རིང་ལུགས་དེ་ཕུལ་བྱུང་གི་ཀྲུང་ཧྭའི་རིག་གནས་ཁྲོད་དུ་རྩ་བ་ཚུགས་པ་བཅས་ཡིན། 

16.སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་གོ་དོན་ཅི་ཞིག་ཡིན།  

ལན།  སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་གོ་དོན་གཉིས་འདུས་ཡོད་དེ།  གཅིག་ནི་རང་རྒྱལ་སྤྱི་ཚོགས་ཀྱི་ངོ་བོ་ནི་སྤྱི་ཚོགས་རིང་ལུགས་ཡིན་ཟེར་བ་དང་།  གཉིས་ནི་ང་ཚོའི་སྤྱི་ཚོགས་རིང་ལུགས་ད་དུང་དར་རྒྱས་བྱུང་མེད་ཅིང་།  ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད་ཅེས་བཤད་པ་དེ་གཉིས་ཡིན།  

17.སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་གང་ཡིན།  

ལན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བརབཟུང་ཞིང་།  གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་དང་།  སྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས།  རང་སྟོབས་རང་སྤེལ།  དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས་རང་རྒྱལ་འདི་ཉིད་སྟོབས་འབྱོར་ལྡན་པ་དང་དམངས་གཙོ།  དཔལ་ཡོན།  འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འབུངས་བྱེད་དགོས་པ་དེ་ཡིན།  

18.ཚོགས་ཆེན་བཅུ་བདུན་པའི་བརྗོད་བྱ་གཙོ་བོ་ཅི་ཞིག་ཡིན།  

ལན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ།  ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྟོན་དུ་བཟུང་ནས།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་གཏིང་ཟབ་དང་།  མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་།  སྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་སྐུལ་འདེད།  སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་བཅས་བྱས་ཏེ།  འབྱོར་འབྲིང་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་ཆེད་འབད་འཐབ་བྱེད་དགོས།  

19.ཚོགས་ཆེན་བཅོ་བརྒྱད་པའི་བརྗོད་བྱ་གཙོ་བོ་ཅི་ཞིག་ཡིན།  

ལན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ།  ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།  “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས།  བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་སྒོ་འབྱེད།  སྟོབས་ཤུགས་གཅིག་སྒྲིལ།  འགག་སྒྲོལ་དཀའ་སེལ།  བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་ནས་མདུན་སྐྱོད་བྱས་ཏེ།  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་པ་དེ་ཡིན།  

20.ཅི་ཞིག་ལ“སློབ་གཉིས་བྱེད་གཅིག”ཟེར།  

ལན།  2016ལོར་ཏང་ཡོན་ཡོངས་ཀྱི་ཁྲོད་དུ“སློབ་གཉིས་བྱེད་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་རེད།  ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ལ་སློབ་སྦྱོང་དང་། གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱེད་པ་གཉིས་དང་། ཏང་ཡོན་ཚད་ལྡན་ཞིག་བྱེད་པ་ལ་ཟེར།  

21.ཞི་ཅིན་ཕིང་གིས་བཏོན་པའི“ནན་གསུམ་དངོས་གསུམ”གྱི་ཞིབ་ཕྲའི་ནང་དོན་ཅི་ཞིག་ཡིན།  

ལན།  2014ལོའི་ཟླ3ཚེས9ཉིན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཨན་ཧུའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པར“བློ་སྦྱོང་ནན་པོ་དང་།  དབང་ཆ་ནན་སྤྱོད།  རང་གཅུན་ནན་པོ་བཅས་བྱེད་དགོས་ལ།  ལས་དོན་དངོས་གཉེར་དང་ལས་གཏོད་དངོས་སྒྲུབ།  མི་གཞུང་དྲང་ཞིག་བྱེད་དགོས”པའི་བླང་བྱ་བཏོན་པ་ལ་གོ་བ་ཡིན།  

22.“ཕྱོགས་ཡོངས་བཞིའི”ཞིབ་ཕྲའི་ནང་དོན་ཅི་ཡིན།  

ལན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་བརྟག་ཞིབ་གནང་སྐབས།  “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་།  ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ།  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་སྤེལ།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ།  སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།”ཞེས་བསྟན་པ་ལ་ཟེར། 

23.ཀྲུང་དབྱང་གིས“སྤྱོད་ཚུལ་བཞི”ལ་ངོ་རྒོལ་བྱེད་པའི་ནང་དོན་གཙོ་བོ་གང་དག་ཡིན།  

ལན།  ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཐབས་ཇུས་དངོས་འདོན་པ་དང་།  ངར་ཤུགས་དངོས་སྩོལ་བ།  བྱ་བ་དངོས་སྒྲུབ་པ་བཅས་བྱེད་པ་ལས་མིང་སྟོང་དོན་གཉེར་མི་བྱེད་པ་དང་བྱས་རྗེས་རྫུན་མ་མི་གཉེར་བ།  ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས།  སྐྱིད་རོལ་རིང་ལུགས།  བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅས“སྤྱོད་ཚུལ་བཞི”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་རང་དཔེ་གཞན་སྟོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་མཐའ་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པར་བསྟན།  

24.གདེང་ཚོད་བཞིའི་ནང་དོན་ཞིབ་ཕྲ་ཅི་ཞིག་ཡིན། 

ལན། གདེང་ཚོད་བཞི་ནི་ཐོག་མར་བགྲོད་ལམ་གྱི་གདེང་ཚོད་ཡོད་དགོས་པ་སྟེ།  འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འབྱུང་འགྱུར་གྱི་ལས་དབང་ལ་གདེང་ཚོད་ཡོད་དགོས་པ་ཞིག་ཡིན།  དེ་རྗེས་རིགས་པའི་གཞུང་ལུགས་ལ་གདེང་ཚོད་ཡོད་པ་སྟེ།  མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་གདེང་ཚོད་ཡོད་དགོས།  དེ་ནས་ལམ་ལུགས་ཀྱི་གདེང་ཚོད་ཡོད་པ་དགོས་པ་སྟེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ལམ་ལུགས་ཀྱི་དགེ་མཚན་ལྡན་པའི་གདེང་ཚོད་དགོས་པ་རེད།  མཇུག་མཐར་རིག་གནས་ཀྱི་གདེང་ཚོད་ཡོད་དགོས། 

25.“སྲུང་སྐྱོང་གཉིས”ཀྱི་ནང་དོན་ཅི་ཡིན། 

ལན། “སྲུང་སྐྱོང་གཉིས”ཀྱི་ནང་དོན་ནི།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པར་ཟེར། སྣེ་ཁྲིད་ནས“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱ་རྒྱུ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཨང་དང་པོ་ཡིན། 

26.“འདུ་ཤེས་བཞི”ཞེས་པ་གང་དག་ཡིན། 

ལན། “འདུ་ཤེས་བཞི”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏུ། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེར་ལྟོས་ཀྱི་འདུ་ཤེས་བཅས་ལྡན་དགོས་ཞེས་ནན་བཤད་གནང་བ་ལ་ཟེར། 

27.ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་ནི་ཅི་ཞིག་ཡིན། 

ལན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པ་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་སྲོག་ཤིང་ཡིན་པ། ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་མཚོན་པ། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་ཡིན་ཞེས་གཏན་འབེབས་གསལ་པོ་བྱས་ཡོད། 

28.ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་གང་ཡིན། 

ལན། ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཡིན། 

29.ཏང་གི་སློབ་སྟོན་བསམ་བློ་གང་ཡིན། 

ལན། ཏང་གི་སློབ་སྟོན་བསམ་བློ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་རྒྱུ་དེ་ཡིན། 

30.ཏང་ཡོན་གྱི་གཞི་རྩའི་ཆ་རྐྱེན་གང་དག་ཡིན། 

ལན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ནི་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་ལྡན་པའི་ཀྲུང་གོའི་བཟོ་པ་གྲལ་རིམ་གྱི་གདོང་ལེན་འཐབ་མོ་བ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱིས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། རང་ཉིད་ཀྱི་ཡོད་རྒུ་ཕངས་སེམས་མེད་པར་བློས་བཏང་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བའི་ཆེད་དུ་ཚེ་གང་འབད་བརྩོན་བྱེད་དགོས། 

31.ཀྲུང་གོ་གུང་ཁྲན་ཏང་གི“ལོ་རྒྱུས་བཞི”ཞེས་པ་དེ་གང་དག་ལ་ཟེར། 

ལན། ཀྲུང་གོ་གུང་ཁྲན་ཏང་གི“ལོ་རྒྱུས་བཞི”ནི་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ལ་ཟེར། 

32.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་དུས་ཚོད་ནམ་ཞིག་ཏུ་ས་ཆ་གང་དུ་འཚོགས་པ་ཡིན། 

ལན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ནི1921ལོའི་ཟླ7ཚེས23ཉིན་འཚོགས་ཤིང་། ཚོགས་ར་དེ་ཧྲང་ཧའེ་ཧྥ་རན་སེའི་བཙན་གཡར་ས་ཆའི་ཝང་ཀྲི་ལམ་གྱི་སྒོ་རྟགས་ཨང106པ(དེང་གི་ཞིན་ཡེ་ལམ་ཨང76པ)ཡིན། ཆེས་མཇུག་མཐའི་ཚོགས་འདུ་ཀྲེ་ཅང་ཅ་ཞིན་ནན་མཚེའུའི་གནས་སྐོར་གྲུ་གཟིངས་ཤིག་གི་སྟེང་དུ་འཚོགས། 

33.ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཧྲུའུ་ཅི་དང་པོ་སུ་ཡིན། 

ལན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཁྲེན་ཏུའུ་ཞིའུ་ཀྲུང་དབྱང་ཅུ་ཡི་ཧྲུའུ་ཅིར་བདམས་ཐོན་བྱུང་། 

34.ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་གྲོས་གཞི་གཙོ་བོ་ཅི་ཞིག་ཡིན། 

ལན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་གྲོས་གཞི་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་དངོས་སུ་འཛུགས་རྒྱུ་དེ་ཡིན། 

35.ཏང་གི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གཏན་ཁེལ་བྱས་པའི་ཏང་གི་རྩ་འཛིན་མཐོ་ཤོས་དང་རྩ་འཛིན་དམའ་ཤོས་གང་ཡིན་ནམ། 

ལན། རྩ་འཛིན་མཐོ་ཤོས་ནི་འབྱོར་མེད་གྲལ་རིམ་རྩ་འཛུགས་བྱེད་པ་དང་། གྲལ་རིམ་འཐབ་རྩོད་ཀྱི་བྱེད་ཐབས་སྤྱད་དེ་ངལ་རྩོལ་དང་ཞིང་པར་སྲིད་དབང་སྒེར་འཛིན་བྱེད་པའི་ཆབ་སྲིད་འཛུགས་པ་དང་། སྒེར་ལ་དབང་བའི་རྒྱུ་ནོར་གྱི་ལམ་ལུགས་རྩ་མེད་དུ་བཏང་ནས་རིམ་བཞིན་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་ཏུ་སླེབས་པ་བྱ་རྒྱུ་དེ་ཡིན། རྩ་འཛིན་དམའ་ཤོས་ནི་ནང་འཁྲུག་མེད་པར་བཟོས་ནས་དམག་ཤེད་ཅན་རྩ་གཏོར་དུ་བཏང་སྟེ་རྒྱལ་ནང་གི་ཞི་བདེ་འཛུགས་སྐྲུན་བྱ་རྒྱུ་དང་། རྒྱལ་སྤྱི་བཙན་རྒྱལ་རིང་ལུགས་ཀྱི་གཉའ་གནོན་མགོ་རྟིང་བསློགས་ནས་ཀྲུང་ཧྭ་མི་རིགས་ཡོངས་རང་བཙན་ཡོང་བ་བྱ་རྒྱུ་དང་། ཀྲུང་གོ་འདི་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ངོ་མ་ཞིག་ཏུ་འགྱུར་བར་བྱེད་པ་དེ་ཡིན། 

36.ནན་ཁྲང་འོས་ལངས་ཀྱི་དོན་སྙིང་ཅི་ཡིན། 

ལན། ནན་ཁྲང་འོས་ལངས་ཀྱིས་དྲག་ཤུགས་ཀྱིས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ་ཅིང་། དེས་ཀྲུང་གོ་གུང་ཁྲན་ཏང་གིས་རང་རྐྱ་འཕེར་བའི་སྒོ་ནས་གསར་བརྗེའི་དམག་འཁྲུག་ལ་མགོ་ཁྲིད་དང་། མི་དམངས་དམག་དཔུང་གསར་འཛུགས། དྲག་ཤུགས་ཀྱིས་སྲིད་དབང་འཕྲོག་ལེན་བཅས་བྱེད་མགོ་བརྩམས་པ་མཚོན་ཡོད། 

37.བརྒྱད་བདུན་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཅི་ཡིན། 

ལན། བརྒྱད་བདུན་གྲོས་ཚོགས་དེ1927ལོའི་ཟླ8ཚེས7ཉིན་ཧུའུ་པེ་ཧན་ཁོའུ་རུ་འཚོགས་ཤིང་། བློ་མཐུན་མའོ་ཙེ་ཏུང་གིས“མེ་མདའི་ཁ་ནས་སྲིད་དབང་འཐོན”ཞེས་པའི་ཆོད་གཏམ་གྲགས་ཅན་བཏོན། 

38.ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་གྲོང་གསེབ་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་དང་པོ་གང་ཡིན། 

ལན། རི་བོ་ཅིན་ཀང་ཧྲན་གྱི་གསར་བརྗེའི་གནས་གཞིའི་ས་ཁུལ་ཡིན། 

39.དམར་དམག་རྒྱང་སྐྱོད་བྱེད་པའི་དུས་ཚོད་ནི་ནམ་ཡིན། 

ལན། དམར་དམག་རྒྱང་སྐྱོད་ནི1934ལོའི་ཟླ10པ་ནས1936ལོའི་ཟླ10པའི་བར་ཡིན། 

40.《བརྒྱད་གཅིག་བསྒྲགས་གཏམ》གྱི་མིང་ཆ་ཚང་ལ་ཅི་ཟེར། 

ལན། ཀྲུང་གོའི་སུའུ་ཝེ་ཨེད་སྲིད་གཞུང་དང་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་གིས་འཇར་འགོག་རྒྱལ་སྐྱོབ་ཀྱི་ཆེད་དུ་སྤུན་ཟླ་ཡོངས་ལ་བཏང་བའི་འཕྲིན་ཞེས་པ་ཡིན། 

41.ཡན་ཨན་དུ་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་སྤེལ་བའི་གཞི་རྩའི་བྱེད་ཕྱོགས་གང་ཡིན། 

ལན། ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་གཞི་རྩའི་བྱེད་ཕྱོགས་ནི“སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ”བྱེད་པ་ཡིན། 

42.ཝ་ཡོ་པོ་གྲོས་ཚོགས་ཀྱི་ནང་དོན་ཅི་ཡིན། 

ལན། ཝ་ཡོ་པོ་གྲོས་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཆབ་སྲིད་གནས་བབ་དང་ཏང་གི་ཐབས་ཇུས་ལམ་ཕྱོགས། དམག་དོན་འཐབ་ཇུས་བཅས་གཙོ་གནད་དུ་བཟུང་ནས་གྲོས་བསྡུར་བྱས་ཏེ། འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པའི་ཐབས་ཇུས་གསར་པ་གཏན་ཁེལ་བྱས་པར་མ་ཟད། དེ་དང་བསྟུན་ནས་སྲིད་ཇུས་བྱེ་བྲག་མང་བོར་ལེགས་སྒྲིག་བྱས། གྲོས་ཚོགས་ཐོག《དམག་དོན་འཐབ་ཇུས་གནད་དོན་སྐོར་གྱི་ཀྲུང་དབྱང་གི་གྲོས་ཆོད》དང《མིག་སྔའི་ཆབ་སྲིད་གནས་བབ་དང་ཏང་གི་ལས་འགན་སྐོར་གྱི་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་འཆམ་བྱུང་། 

43.བཅིངས་འགྲོལ་དམག་འཁྲུག་ཁྲོད་ཀྱི་གཡུལ་འགྱེད་ཆེན་པོ་གསུམ་གང་དག་ཡིན། 

ལན། ལིའོ་ཧྲེན་གཡུལ་འགྱེད་དང་ཧོའེ་ཧའེ་གཡུལ་འགྱེད། ཕིན་ཅིན་གཡུལ་འགྱེད་གསུམ་ཡིན།

44.ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཐོག་བཏོན་པའི་ཏང་གི་ལས་འགན་ཅི་ཞིག་ཡིན། 

ལན། བློ་རྒྱ་ཆེར་བསྐྱེད་ཀྱིས་མང་ཚོགས་སྐུལ་སློང་བྱས་ཏེ་མི་དམངས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། མི་དམངས་ལ་མགོ་ཁྲིད་བྱས་ཏེ་འཇར་ཕན་བཙན་འཛུལ་བ་གཏོར་ཕམ་བཏང་ནས། རྒྱལ་ཡོངས་མི་དམངས་བཅིངས་འགྲོལ་བཏང་སྟེ་རང་བཙན་དང་རང་དབང་། དམངས་གཙོ། གཅིག་གྱུར། སྟོབས་འབྱོར་ལྡན་པ་བཅས་ཀྱི་ཀྲུང་གོ་གསར་བ་ཞིག་འཛུགས་པ་དེ་ཡིན། 

45.ཀྲུང་གོ་གསར་པའི་རྩ་བའི་ཆབ་སྲིད་ལམ་ལུགས་དེ་དུས་ནམ་ཞིག་ལ་གཏན་ཁེལ་བྱས་པ་ཡིན། 

ལན། 1954ལོའི་ཟླ9པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་དུ་འཚོགས་ཏེ། ཀྲུང་གོ་གསར་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཏེ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དངོས་སུ་བཙུགས། 

46.“ངོ་རྒོལ་གསུམ”གྱི་ལས་འགུལ་ཞེས་པ་དེ་གང་ལ་ཟེར། 

ལན། “ངོ་རྒོལ་གསུམ”གྱི་ལས་འགུལ་ནི་ལྐོག་ཟ་ལ་ངོ་རྒོལ་དང་ཆུད་ཟོས་ལ་ངོ་རྒོལ། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་པ་ལ་ཟེར། 

47.“ངོ་རྒོལ་ལྔ”ཡི་ལས་འགུལ་ཞེས་པ་དེ་གང་ལ་ཟེར། 

ལན། “ངོ་རྒོལ་ལྔ”ཡི་ལས་འགུལ་ནི་ལྐོག་རྔན་སྤྲོད་པར་ངོ་རྒོལ་དང་ཁྲལ་སྐུང་ཁྲལ་ཆད་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་སླུ་བྱེད་པར་ངོ་རྒོལ། རྒྱུ་འཕྲི་སླ་བཅོས་བྱེད་པར་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་གསང་འཕྲིན་རྐུ་འཁྱེར་བྱེད་པར་ངོ་རྒོལ་བཅས་བྱེད་པ་ལ་ཟེར། 

48.ཏང་གི་རྩ་བའི་དགོངས་པ་ཅི་ཞིག་ཡིན། 

ལན། ཏང་གི་རྩ་བའི་དགོངས་པ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། 

49.ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གང་ཡིན། 

ལན། ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཡིན། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་གནང་སྐབས་བཏོན་པ་ཞིག་རེད། མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པ་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གཅིག་སྡུད་ཀྱིས་མཚོན་པ་དང་དངོས་ཡོད་ཀྱི་མཚོན་ཚུལ་ཞིག་ཡིན་པས། ལག་ལེན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་བར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་དགོས། 

50. ལོ་བརྒྱ་ཕྲག་གཉིས་ཀྱི་འབད་འཐབ་དམིགས་འབེན་ཅི་ཞིག་ཡིན།

ལན། ལོ་བརྒྱ་ཕྲག་གཉིས་ཀྱི་འབད་འཐབ་དམིགས་འབེན་ནི2021ལོར་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་སུ། རྒྱལ་དམངས་དཔལ་འབྱོར་སྔར་ལས་ལེགས་པ་དང་རྒྱལ་ཁབ་ཀྱི་ལམ་ལུགས་ཁག་སྔར་བས་འཐུས་ཚང་དུ་གཏོང་དགོས་པ་དང་གཅིག 2049ལོར་ཀྲུང་གོ་རྒྱལ་ཁབ་བཙུགས་ནས་ལོའཁོར100ལོན་པའི་སྐབས་སུ། ང་ཚོའི་རྒྱལ་ཁབ་གཞི་རྩའི་ཆ་ནས་དེང་རབས་ཅན་དུ་མངོན་འགྱུར་བྱས་ཏེ། སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་སྐྲུན་དགོས་པ་དང་གཉིས་ཡིན།


མཉམ་སྤྱོད།