མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བོད་རྒྱ་ཤན་སྦྱར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ།

2022-12-23 20:39:57   |   531

རྩོམ་སྒྲིག   སངས་དོན།   ཡོང་ཁུངས། གུང་ཁྲན་ཏང་དྲ་བ།  ལོ་ཙཱ། རྨ་ལྷོ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    དུས་ཚོད།  2022-12-23    20:48


       ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ནས་མགོ་བརྩམས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་ཁྲོད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་དང་འཐབ་ཇུས་དོན་སྙིང་ཁོང་དུ་ཆུད་པར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། གསར་གཏོད་རང་བཞིན་ལྡན་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གྲུབ་པར་བྱས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་དང་ཟུང་འབྲེལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་དང་ཟུང་འབྲེལ་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་གསར་སྐྲུན་དང་གཞུང་ལུགས་གསར་སྐྲུན་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཅིག་སྡུད་ཁྲོད་མངོན་པ་ཡིན་ལ། དུས་རབས་གསར་པའི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་ཡང་ཡིན།

    2018ལོའི་ཟླ5པའི་ཚེས18ཉིན་ནས་ཚེས19ཉིན། རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་ཚོགས་ཆེན་ལས“ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ”གསལ་པོར་བཏོན་པ་མ་ཟད། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་བརྩི་སྲུང་བྱ་དགོས་པའི་རྩ་དོན་གལ་ཆེན་དྲུག་བཏོན་ཡོད། “རྩ་དོན་དྲུག་པོ”འདི་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཉིང་བཅུད་ཡིན། དེ་ནི། (1)མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་དང་། གྲོན་ཆུང་དམིགས་སུ་འཛིན་པ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ། རང་བྱུང་སླར་གསོ་གཙོ་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མིག་འབྲས་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ། རང་བྱུང་གི་སྐྱེ་ཁམས་མཛེས་ལྗོངས་ནམ་ཡང་མི་ཡུལ་དུ་གནས་ཤིང་། རང་བྱུང་ལ་དབེན་འཇགས་དང་། འཆམ་མཐུན། མཛེས་སྡུག་ཡོང་བར་བྱ་དགོས།  (2)ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་ཞིང་། གསར་སྐྲུན་དང་། མཐུན་འགྱུར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་དུ་བསྟར་ནས་ཐོན་ཁུངས་གྲོན་ཆུང་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་རྣམ་པ་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་བཅས་མགྱོགས་པོར་ཆགས་པར་བྱས་ནས་རང་བྱུང་སྐྱེ་ཁམས་ཀྱི་སོར་ཆུད་སྐྱེས་འཕེལ་ལ་དུས་ཚོད་དང་བར་སྟོང་ལྡན་པར་བྱ་དགོས། (3)སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ལེགས་པོ་ནི་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་ཡིན། སྐྱེ་ཁམས་ཀྱིས་དམངས་ལ་གཟིགས་སྐྱོང་ཐོབ་པ་དང་། སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ། སྐྱེ་ཁམས་ནི་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་ཁོར་ཡུག་གནད་དོན་འབུར་ཐོན་ཅན་གཙོ་གནད་དུ་བཟུང་ནས་ཐག་གཅོད་པ་དང་། རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་རེར་ཇེ་མཐོར་འགྲོ་བའི་མཛེས་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐང་དགོས། (4)རི་ཆུང་ནགས་ཞིང་མཚེའུ་རྩྭ་བཅས་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཡིན་ཞིང་། གཅིག་གྱུར་བཀོད་འདོམས་དང་། སྤྱི་ཡོངས་ནས་སྲིད་ཇུས་ལག་བསྟར། ཐབས་མང་མཉམ་སྤེལ་བྱ་དགོས་ལ། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡོངས། བརྒྱུད་རིམ་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་དགོས། (5)ཆེས་གཟབ་ནན་ཡིན་པའི་ལམ་ལུགས་དང་། ཆེས་ཚགས་དམ་པའི་ངང་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། ལམ་ལུགས་གསར་སྐྲུན་ཇེ་མགྱོགས་དང་། ལམ་ལུགས་ལག་བསྟར་ཇེ་དྲག་ཏུ་བཏང་ནས་ལམ་ལུགས་དེ་འགྱུར་མེད་རང་བཞིན་གྱི་ཚོད་འཛིན་དང་རེག་མི་རུང་བའི་མཐོ་གནོན་གློག་སྐུད་ལྟ་བུར་འགྱུར་བར་བྱ་དགོས། (6)ཐུན་མོང་གི་འཛམ་གླིང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཚོལ་ཞིབ་དང་། འཛམ་གླིང་གི་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་ནས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞི་རུ་འགྱུར་བ་དང་། གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྣེ་ཁྲིད་བྱ་དགོས།

       2018ལོའི་ཟླ6པར། «ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས་འབག་བཙོག་འགོག་བཅོས་ཀྱི་དམག་འཐབ་རྒྱག་པའི་སྐོར་གྱི་བསམ་འཆར»ལས“རྒྱུན་འཁྱོངས་བརྒྱད”ནས་བརྩམས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་ཏུ་སྤེལ་དགོས་པ་བཏོན་ཡོད། དེ་ནི། (1)སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་རྒྱུན་འཁྱོངས་བྱེད་པ། (2)མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་པ། (3)ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པ་རྒྱུན་འཁྱོངས་བྱེད་པ། (4)སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ལེགས་པོ་ནི་ཆེས་དམངས་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པ་རྒྱུན་འཁྱོངས་བྱེད་པ། (5)རི་ཆུ་ནགས་ཞིང་མཚེའུ་རྩྭ་ནི་ཚེ་སྲོག་གི་གཅིག་མཐུན་ཚོགས་པ་ཡིན་པ་རྒྱུན་འཁྱོངས་བྱེད་པ། (6)ཆེས་གཟབ་ནན་གྱི་ལམ་ལུགས་དང་། ཆེས་ཚགས་དམ་པའི་ངང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་པ། (7)མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམངས་ཡོངས་ཀྱི་འགུལ་སྐྱོད་རྒྱུན་འཁྱོངས་བྱེད་པ། (8)ཐུན་མོང་གིས་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཚོ་ཞིབ་རྒྱུན་འཁྱོངས་བྱེད་པ། ཡང་གཅིག་བཤད་ན། “རྩ་དོན་དྲུག”གི་སྟེང“སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་རྒྱུན་འཁྱོངས”དང་། “མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམངས་ཡོངས་ཀྱི་འགུལ་སྐྱོད་རྒྱུན་འཁྱོངས”བྱེད་པ་དེ་ཡིན།

            2022ལོའི་ཟླ8པའི་ཚེས18ཉིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་མི་དམངས་ཉིན་རེའི་ཚགས་པར་སྟེང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཞི་རྩའི་ནང་དོན་དེ“རྒྱུན་འཁྱོངས་བཅུ”རུ་བསྡུས་ཡོད། དེ་ནི། (1)ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། (2)སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་རྒྱུན་འཁྱོངས་བྱེད་པ། (3)མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་པ། (4)ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པ་རྒྱུན་འཁྱོངས་བྱེད་པ། (5)རྣམ་པ་ལེགས་པའི་སྐྱེ་ཁམས་ཁོར་ཡུག་ནི་ཆེས་དམངས་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པ་རྒྱུན་འཁྱོངས་བྱེད་པ། (6)ལྗང་མདོག་འཕེལ་རྒྱས་ནི་འཕེལ་རྒྱས་ལྟ་བའི་གསར་བརྗེ་ཡིན་པ་རྒྱུན་འཁྱོངས་བྱེད་པ། (7)རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མའི་མ་ལག་བཅོས་སྐྱོང་གཅིག་འདོམས་རྒྱུན་འཁྱོངས་བྱེད་པ། (8)ཆེས་གཟབ་ནན་གྱི་ལམ་ལུགས་དང་། ཆེས་ཚགས་དམ་པའི་ངང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་པ། (9)མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་དམངས་ཡོངས་རང་རྟོགས་ཀྱི་འགུལ་སྐྱོད་དུ་བསྒྱུར་བ་རྒྱུན་འཁྱོངས་བྱེད་པ། (10)འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་བཅས་སོ།།

              ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་གཉིས་ཀྱིས«ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་སློབ་སྦྱོང་རྩ་གནད»རྩོམ་སྒྲིག་བྱས་ཤིང་། མ་ལག་ལྡན་པའི་ངང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སྲོག་ཤིང་གི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་བླང་བྱ་བཅས་ལ་འགྲེལ་བཤད་བྱས་པས། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱབ་ཁོངས་སུ་ཐོག་མའི་གསར་རྩོམ་རང་བཞིན་མཚོན་པའི་བྱས་རྗེས་བཞག་ཡོད་པ་དང་། དེ་ནི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པར་དབང་ཟིལ་རོགས་འདེགས་ལྡན་པའི་ཀློག་དེབ་ཅིག་ཡིན།


习近平生态文明思想

    党的十八大以来,以习近平同志为核心的党中央从中华民族永续发展的高度出发,深刻把握生态文明建设在新时代中国特色社会主义事业中的重要地位和战略意义,大力推动生态文明理论创新、实践创新、制度创新,创造性提出一系列新理念新思想新战略,形成了习近平生态文明思想。习近平生态文明思想是习近平新时代中国特色社会主义思想的重要组成部分,是马克思主义基本原理同中国生态文明建设实践相结合、同中华优秀传统生态文化相结合的重大成果,是以习近平同志为核心的党中央治国理政实践创新和理论创新在生态文明建设领域的集中体现,是新时代我国生态文明建设的根本遵循和行动指南。

    2018年5月18日至19日,全国生态环境保护大会明确提出“习近平生态文明思想”,并对推进新时代生态文明建设提出必须遵循的六项重要原则,这“六项原则”是习近平生态文明思想的精髓。即:(1)坚持人与自然和谐共生,坚持节约优先、保护优先、自然恢复为主的方针,像保护眼睛一样保护生态环境,像对待生命一样对待生态环境,让自然生态美景永驻人间,还自然以宁静、和谐、美丽。(2)绿水青山就是金山银山,贯彻创新、协调、绿色、开放、共享的发展理念,加快形成节约资源和保护环境的空间格局、产业结构、生产方式、生活方式,给自然生态留下休养生息的时间和空间。(3)良好生态环境是最普惠的民生福祉,坚持生态惠民、生态利民、生态为民,重点解决损害群众健康的突出环境问题,不断满足人民日益增长的优美生态环境需要。(4)山水林田湖草是生命共同体,要统筹兼顾、整体施策、多措并举,全方位、全地域、全过程开展生态文明建设。(5)用最严格制度最严密法治保护生态环境,加快制度创新,强化制度执行,让制度成为刚性的约束和不可触碰的高压线。(6)共谋全球生态文明建设,深度参与全球环境治理,形成世界环境保护和可持续发展的解决方案,引导应对气候变化国际合作。

     2018年6月,《中共中央 国务院关于全面加强生态环境保护 坚决打好污染防治攻坚战的意见》提出从“八个坚持”深入贯彻习近平生态文明思想。即:(1)坚持生态兴则文明兴;(2)坚持人与自然和谐共生;(3)坚持绿水青山就是金山银山;(4)坚持良好生态环境是最普惠的民生福祉;(5)坚持山水林田湖草是生命共同体;(6)坚持用最严格制度最严密法治保护生态环境;(7)坚持建设美丽中国全民行动;(8)坚持共谋全球生态文明建设。也就是在“六项原则”的基础上增加了“坚持生态兴则文明兴”和“坚持建设美丽中国全民行动”。

     2022年8月18日,习近平生态文明思想研究中心在人民日报刊文,将习近平生态文明思想的基本内容概括为“十个坚持”。即:(1)坚持党对生态文明建设的全面领导。(2)坚持生态兴则文明兴。(3)坚持人与自然和谐共生。(4)坚持绿水青山就是金山银山。(5)坚持良好生态环境是最普惠的民生福祉。(6)坚持绿色发展是发展观的深刻革命。(7)坚持统筹山水林田湖草沙系统治理。(8)坚持用最严格制度最严密法治保护生态环境。(9)坚持把建设美丽中国转化为全体人民自觉行动。(10)坚持共谋全球生态文明建设之路。

     由中央宣传部、生态环境部组织编写的《习近平生态文明思想学习纲要》,系统阐释了习近平生态文明思想的核心要义、精神实质、丰富内涵、实践要求,全面反映习近平新时代中国特色社会主义思想在生态文明建设领域的原创性贡献,是广大干部群众深入学习领会习近平生态文明思想的权威辅助读物。



མཉམ་སྤྱོད།