མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་གཞོངས་རང་བཞིན་གྱི་བོད་ལུག་སྲུང་སྐྱོང་སྲོལ་ཡིག

2023-02-13 15:20:56   |   407

རྩོམ་སྒྲིག  སངས་དོན།   ལོ་ཙཱ།  མཚོ་བྱང་ཁུལ་མིགས་སྐད་ཡིག་ལས་དོན་ལྟེ་གནས།


(2015ལོའི་ཟླ2ཚེས6ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པས་གྲོས་འཆམ་བྱུང་བ་དང་། 2015ལོའི་ཟླ9ཚེས25ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་ཆོག་མཆན་ཐོབ།)
         དོན་ཚན་དང་པོ།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་རྒྱུད་བཟང་གི་ཐོན་ཁུངས་ལ་སྲུང་སྐྱོབ་དང་གདམ་གསོ།  ཁྲོམ་རྒྱུད་ཐོན་སྐྱེད་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་།  ཁྲོམ་རྒྱུད་ནང་འདྲེན་དང་ཁྱབ་གདལ་སོགས་ཀྱི་སྤྱོད་སྟངས་ཚད་ལྡན་དུ་གཏོང་བ།  ཁྲོམ་རྒྱུད་ཀྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ།  ཞིང་ལས་ལས་རིགས་འཕེལ་རྒྱས་སྐུལ་འདེད་བཅས་བྱེད་ཆེད།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱུགས་ལས་བཅའ་ཁྲིམས》དང《སོན་ཕྱུགས་དང་སོན་བྱའི་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་ཁེལ་གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
        དོན་ཚན་གཉིས་པ།  སྲོལ་ཡིག་འདིས་བརྗོད་པའི་མཐོ་གཞོངས་རང་བཞིན་གྱི་བོད་ལུག་ནི་མངའ་ཁོངས་འདིའི་ནང་ནས་ཡུན་རིང་གི་རང་བྱུང་ཁམས་དང་མིས་ཐབས་ཀྱིས་བདམས་ནས་གྲུབ་པའི་གཞན་ལས་ལྷག་པའི་རྒྱུད་བཟང་བ་དང་ཕྱུགས་རྒྱུད་ལེགས་པོ་ཅན་གྱི་ལུག་གི་རིགས་རྒྱུད་ལ་ཟེར་བ་ཡིན།
        དོན་ཚན་གསུམ་པ།  རང་ཁུལ་གྱི་མངའ་ཁོངས་སུ་མཐོ་གཞོངས་རང་བཞིན་གྱི་བོད་ལུག་རྒྱུད་བཟང་གི་ཐོན་ཁུངས་ལ་སྲུང་སྐྱོབ་དང་།   གདམ་གསོ་དང་ཁྲོམ་རྒྱུད་ཐོན་སྐྱེད།  གཉེར་སྐྱོང་།  ནང་འདྲེན།  ཁྱབ་གདལ་བཅས་བྱེད་པའི་ལས་ཁུངས་དང་མི་སྒེར་སུ་ཡིན་རུང་སྲོལ་ཡིག་འདི་བརྩི་སྲུང་བྱེད་དགོས།
        དོན་ཚན་བཞི་བ།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་རྒྱུད་བཟང་ལ་སྲུང་སྐྱོང་དང་དོ་དམ་བྱེད་པར།  སྲུང་སྐྱོང་གཙོ་བོ་དང་།  རྒྱུད་བཟང་གདམ་གསོ།  ཞིབ་ཕྲའི་དོ་དམ།  རྒྱུ་མཐོ་འབྲས་ལྡན་གྱི་རྩ་དོན་བརྩི་སྲུང་བྱེད་དགོས།
        དོན་ཚན་ལྔ་བ།  ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མཐོ་གཞོངས་རང་བཞིན་གྱི་བོད་ལུག་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་མ་དངུལ་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇོག་དགོས།
        དོན་ཚན་དྲུག་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རང་མངའ་ཁོངས་ནང་གི་མཐོ་གཞོངས་རང་བཞིན་གྱི་བོད་ལུག་རྒྱུད་བཟང་ཐོན་ཁུངས་ལ་སྲུང་སྐྱོང་དང་ཁྲོམ་རྒྱུད་ཐོན་སྐྱེད།  གཉེར་སྐྱོང་།  ནང་འདྲེན།  ཁྱབ་གདལ་བྱེད་པའི་ལྟ་སྐུལ་དོ་དམ་བྱ་བར་འགན་ཁུར་དགོས།
ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་གིས་མཐོ་གཞོངས་རང་བཞིན་གྱི་བོད་ལུག་གི་སྲུང་སྐྱོང་བྱ་བ་རྩ་འཛུགས་དང་ལག་བསྟར་བྱེད་དགོས།
རྫོང་དང་ཡུལ་ཚོ་ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱིས་མཐོ་གཞོངས་རང་བཞིན་གྱི་བོད་ལུག་གི་རྒྱུད་ངོ་མ་གདམ་གསོ་དང་ཁྲོམ་རྒྱུད་ཐོན་སྐྱེད།  གཉེར་སྐྱོང་དོ་དམ་སོགས་ཀྱི་ལག་རྩལ་ཞབས་ཞུ་སྒྲུབ་དགོས།
        དོན་ཚན་བདུན་པ།  ཁྲོམ་རྒྱུད་ཐོན་སྐྱེད།  གདམ་གསོ་དང་བཀོལ་སྤྱོད་མཁན་གྱིས་ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་དང་བྱེད་སྒོ་ལས་ཁུངས་ལ་མཉམ་འབྲེལ་བྱས་ཏེ་མཐོ་གཞོངས་རང་བཞིན་གྱི་བོད་ལུག་གི་རིགས་རྒྱུད་གདམ་གསོ་དང་སྲུང་སྐྱོབ་བྱ་བ་ལེགས་སྒྲུབ་བྱེད་དགོས།
དོན་ཚན་བརྒྱད་པ།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་རིགས་རྒྱུད་ཐོན་ཁུངས་ལ་སྲུང་སྐྱོབ་དང་།  རིགས་རྒྱུད་འདི་ལས་གདམ་གསོ་བྱེད་པ།  རྒྱུད་སྤེལ་ལག་རྩལ་ཁྱབ་གདལ།  ཁྲོམ་རྒྱུད་དོ་དམ་དང་བཀོལ་སྤྱོད་ཁྲོད་ནས་འབུར་ཐོན་གྱི་གྲུབ་འབྲས་ཡོད་པའི་ལས་ཁུངས་དང་།  འབྲོག་ཁྱིམ།  མི་སྒེར་ལ་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།
        དོན་ཚན་དགུ་བ།  ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་རང་ས་གནས་ཀྱི་ཕྱུགས་ལས་འཕེལ་རྒྱས་མངའ་ཁོངས་ཀྱི་འཆར་བཀོད་དང་ཕྱུགས་རིགས་ཁྱབ་ཚུལ་གཞིར་བཟུང་ནས།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་གི་རིགས་རྒྱུད་ལ་སྲུང་སྐྱོབ་དང་།  གསར་སྤེལ།  བེད་སྤྱོད་དང་གདམ་གསོ་འཆར་བཀོད་གཏན་འབེབས་བྱེད་པ་དང་།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་གསོ་སྤེལ་ས་གནས་གཏན་ཁེལ་བྱེད་པ།  ཕྱུགས་ཁྱུ་གཙོ་བོར་སྲུང་སྐྱོང་དང་གདམ་གསོ་བྱེད་པ་གསལ་བོ་བྱེད་དགོས།  ཕྱུགས་ཁྱུ་གཙོ་བོ་གསོ་སྤེལ་བྱེད་མཁན་གྱི་གསོ་སྤེལ་ཕྱུགས་ར་དང་འབྲོག་ཁྱིམ་ལ་མ་དངུལ་གྱི་ཁ་གསབ་དང་ཡང་ན་སྐྱེད་ཀའི་རོགས་དངུལ་སྟེར་དགོས།
       དོན་ཚན་བཅུ་བ།  ཁུལ་དང་རྫོང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་ཁུར་ནས་མཐོ་གཞོངས་རང་བཞིན་གྱི་བོད་ལུག་གདམ་གསོའི་བྱེད་ཐབས་སྒྲིག་འབྲི་བྱེད་དགོས་ལ།  དཔེ་སྟོན་ར་བ་དང་།  རྒྱུད་བཟང་གནས་གཞི།  ཕྱུགས་ཁྱུ་གཙོ་བོ། དཔེ་སྟོན་ཁྱིམ་ཚང་སོགས་བརྒྱུད་ནས་མཐོ་གཞོངས་རང་བཞིན་གྱི་བོད་ལུག་རྒྱུད་བཟང་རྒྱུད་སྤེལ་མ་ལག་བཙུགས་ནས།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་གི་ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་དགོས།
      དོན་ཚན་བཅུ་གཅིག  ཁུལ་དང་རྫོང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཕྱུགས་རིགས་མངའ་ཁོངས་ཁྱབ་ཁོངས་ཀྱི་འཆར་གཞི་ལྟར་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་དགོས་ལ།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་གི་རིགས་རྒྱུད་གདམ་གསོ་དང་ལག་རྩལ་ཁྱབ་གདལ་བྱེད་པ་དང་།  མཐོ་གཞོངས་རང་བཞིན་གྱི་བོད་ལུག་གདམ་གསོ་ལས་གཞི་གོང་ཞུ་བྱེད་པའི་འགན་ཁུར་ནས།  ཆོག་མཆན་ཐོབ་ནས་ལག་བསྟར་བྱེད་པའི་ལས་གཞི་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་།  གདམ་གསོ་དང་སྲུང་སྐྱོང་བྱ་བར་དཔྱད་ཞིབ་བྱེད་དགོས།
       དོན་ཚན་བཅུ་གཉིས།  ཁྲོམ་རྒྱུད་ནང་འདྲེན་བྱེད་པར་རིམ་པ་དགར་ནས་མཆན་འགོད་དོ་དམ་བྱེད་པ་མ་ཟད།  སོན་ཕྱུགས་ནང་འདྲེན་གྱི་གཏན་ཁེལ་དང་གོ་རིམ་ལྟར་ལས་སྒྲུབ་བྱེད་དགོས།  ཆོག་མཆན་བཀོད་མེད་པའི་ལས་ཁུངས་དང་གསོ་སྤེལ་ཁང་།  འབྲོག་ཁྱིམ་གང་ཡིན་རུང་རང་དགར་གྱིས་རང་ཁུལ་གྱི་མངའ་ཁོངས་བརྒལ་ནས་ཁྲོམ་རྒྱུད་ནང་འདྲེན་བྱས་ཏེ་རྒྱུད་སྤེལ་བྱས་མི་ཆོག
       ཞིང་ཆེན་གཞན་པ་ནས་ཁྲོམ་ནང་འདྲེན་བྱེད་པར། ཁུལ་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ཞིབ་བཤེར་བྱས་རྗེས། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཕུལ་ཏེ་ཆོག་མཆན་འགོད་དགོས། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ནས་ཁྲོམ་ནང་འདྲེན་བྱེད་པར། ཁུལ་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་ཐོབ་དགོས།
རང་ཁུལ་ནས་ཁྲོམ་བརྗེ་རེས་བྱེད་པ་དེ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཅིག་གྱུར་གྱིས་དོ་དམ་བྱེད་པ་མ་ཟད། བརྗེ་རེས་བྱེད་ཡུལ་གྱི་རྫོང་ཕྱུགས་སྨན་ས་ཚིགས་ཀྱི《སོན་ཕྱུགས་ཚད་ལྡན་དཔང་ཡིག》དང《སྲོག་ཆགས་ནད་རིགས་ཞིབ་བཤེར་ཚད་ལྡན་དཔང་ཡིག》ལེན་དགོས།
       དོན་ཚན་བཅུ་གསུམ། རྫོང་དང་ཡུལ་ཚོའི་ཕྱུགས་སྨན་ས་ཚིགས་ཀྱིས《མཚོ་སྔོན་བོད་ལུག་གི་ཚད་གཞིའི》གཏན་ཁེལ་ལྟར། མཐོ་གཞོངས་བོད་ལུག་གི་ཕྱུགས་རྒྱུད་ངོ་མ་གསོ་སྤེལ་བྱེད་པ་དང་། གསོ་སྤེལ་ཁང་དང་འབྲོག་པར་མ་ཁྱུ་གསོ་སྤེལ་བྱེད་པའི་ཐད་མཛུབ་སྟོན་བྱེད་པ། མ་ཁྱུ་ལ་མངོན་གསལ་གྱི་རྟགས་བརྒྱབ་ནས་དམིགས་བསལ་གྱིས་གསོ་སྐྱོང་བྱེད་དགོས།
       རྫོང་ཕྱུགས་སྨན་ས་ཚིགས་ཀྱིས་ལུག་རྒྱུད་གདམ་གསེས་དང་བཀོལ་སྤྱོད་དོ་དམ་ཐད་ལག་རྩལ་ཞབས་ཞུ་དང་ལས་སྒོའི་མཛུབ་སྟོན་བྱེད་དགོས། ཁྲོམ་གསོ་སྤེལ་གྱི་མ་ལག་འཐུས་ཚང་བཟོ་དགོས།
       རྫོང་དང་ཡུལ་ཚོའི་ཕྱུགས་སྨན་ས་ཚིགས་ཀྱིས་མཐོ་གཞོངས་བོད་ལུག་གི་ལུག་རྒྱུད་ཐོན་ཁུངས་སྲུང་སྐྱོང་ཀྱི་ཡིག་ཚགས་དང་ཐོན་སྐྱེད་གཤིས་ནུས་ཀྱི་གྲངས་མཛོད་བཟོ་དགོས། གསོ་སྤེལ་ཁང་དང་འབྲོག་པས་མ་ཁྱུ་གཙོ་བོའི་ལུག་རེ་རེའི་ཡིག་ཚགས་བཟོ་བར་མཛུབ་སྟོན་དང་སྐུལ་མ་བྱེད་པ་དང་། ཁྲོམ་གྱི་ནད་རིགས་ལྟ་ཞིབ་གྱི་འགན་ཁུར་ཏེ། སོན་ལུག་གི་ཆ་རྐྱེན་དང་མི་འཚམ་པ་དུས་ལྟར་བརྗེ་སྤོ་བྱེད་དགོས།
       དོན་ཚན་བཅུ་བཞི། སྡེ་བ་རིམ་པའི་ཕྱུགས་ནད་སྔོན་འགོག་དང་འབྲོག་ཁྱིམ་གྱིས་ས་གནས་ཀྱི་ཕྱུགས་སྨན་ས་ཚིགས་ཀྱི་མཛུབ་སྟོན་འོག  མཐོ་གཞོངས་བོད་ལུག་གི་ནད་རིགས་སྔོན་འགོག་བྱེད་པ་དང་། ནད་རིགས་སྔོན་འགོག་བྱས་པའི་ལུག་ལ་མངོན་གསལ་གྱི་བརྟག་བརྒྱབ་ནས་ནད་རིགས་གནས་ཚུལ་གྱི་ཡིག་ཚགས་གསལ་བོ་བཟོ་དགོས།
       དོན་ཚན་བཅོ་ལྔ། མ་མོའི་ལུག་རྒྱུད་སྤེལ་སྐབས། ཁྲོམ་རྒྱུད་ལེགས་པོ་འདེམ་དགོས། ལུག་རྒྱུད་གཞན་པ་དང་ཡང་ན་ཚད་ལྡན་མིན་པའི་ཁྲོམ་གྱིས་ལུག་གསོ་སྤེལ་བྱེད་མི་ཆོག
       དོན་ཚན་བཅུ་དྲུག  ལུག་ཁྱུ་གཙོ་བོ་གསོ་སྤེལ་བྱེད་པའི་གསོ་སྤེལ་ཁང་དང་འབྲོག་ཁྱིམ་གྱིས་ས་གནས་ཕྱུགས་སྨན་ཁང་གི་ལག་རྩལ་མཛུབ་སྟོན་འོག ཚད་ལྡན་མིན་པའི་ཁྲོམ་དང་མ་མོ་དོར་ལེན་བྱེད་པ་མ་ཟད། ཁ་གསབ་བྱེད་པའི་ལུག་འདེམ་གསོ་བྱེད་དགོས།
       དོན་ཚན་བཅུ་བདུན། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་ནས། ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་དེའི་ལས་བྱེད་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ་དང་རང་འགན་སྣང་མེད་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པར། རང་ཡོད་སའི་ལས་ཁུངས་སམ་ལྟ་ཞིབ་ལས་ཁུངས་ཀྱིས་ཐད་ཀར་འགན་ཁུར་བྱེད་པའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་བ་གཞན་པར་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས་ལ། ནག་ཉེས་བསགས་ཚེ། ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་དགོས།
       དོན་ཚན་བཅོ་བརྒྱད། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་ནས། རྫོང་དང་ཡུལ་ཚོའི་ཕྱུགས་སྨན་ས་ཚིགས་ཀྱིས་རང་དགར་དུ་མཐོ་གཞོངས་བོད་ལུག་གི་ཐོན་ཁུངས་སྲུང་སྐྱོང་གི་གསོ་སྤེལ་ཡིག་ཚགས་དང་ཐོན་སྐྱེད་གཤིས་ནུས་ཀྱི་གྲངས་མཛོད་བཟོས་པའམ་ཡང་ན་འདེམ་གསོའི་མཛུབ་སྟོན་ཚད་ལྡན་མིན་པ་བཅས་ལ་བརྟེན་ནས་ལག་རྩལ་གྱི་ནོར་འཕྱུག་ཚབས་ཆེན་བྱུང་བ་དང་། ཤུགས་རྐྱེན་ངན་པ་བཟོས་བར། རྫོང་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་ཁུར་བའམ་ཐད་ཀར་འགན་ཁུར་བར་ཆད་པ་གཅོད་དགོས།
       དོན་ཚན་བཅུ་དགུ། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་ནས། གསོ་སྤེལ་ཁང་དང་འབྲོག་ཁྱིམ་གྱིས་གསོ་སྤེལ་བྱེད་པའི་མ་ཁྱུ་གཙོ་བོ་ལ་ཆེད་དུ་གསོ་སྤེལ་མ་བྱས་པར། ལུ་གུའི་སྤུས་ཚད་ཇེ་ཞན་དུ་སོང་བར། རྫོང་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཅད་ལྟར་ལེགས་བཅོས་བྱེད་པའི་བཀའ་ཕབ་པ་དང་། དུས་བཅད་ནང་བསྒྱུར་བཅོས་མ་བྱས་པར། སྒོར་སྟོང་གཅིག་ཡན་དང་སྒོར་སྟོང་ལྔ་མན་གྱི་ཆད་པ་གཅོད་དགོས།
      དོན་ཚན་ཉི་ཤུ། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་ནས། 《སོན་ཕྱུགས་ཚད་ལྡན་དཔང་ཡིག》དང《སྲོག་ཆགས་ནད་རིགས་ཞིབ་བཤེར་ཚད་ལྡན་དཔང་ཡིག》མེད་པར་ཁྲོམ་བརྗེ་རེས་བྱེད་པར། རྫོང་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ལེགས་བཅོས་བྱེད་པའི་བཀའ་སྒྲོག་པ་དང་། ཁྲིམས་འགལ་གྱི་ཡོང་སྒོ་གཞུང་བཞེས་བྱེད་ཆོག་པ་མ་ཟད། ཁྲིམས་འགལ་ཡོང་སྒོའི་ལྡབ་གཉིས་མན་གྱི་ཆད་པ་བཅད་ཆོག
      དོན་ཚན་ཉེར་གཅིག  སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་ནས། རང་དགར་དུ་སྤུ་མདོག་འདྲེས་མའི་ཁྲོམ་ནང་འདྲེན་དང་རྒྱུད་སྤེལ་བྱས་ཏེ། ལུག་རྒྱུད་འཛིན་པར་གནོད་སྐྱོན་བཟོས་པར། རྫོང་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྤུ་མདོག་འདྲེས་མའི་ཁྲོམ་རེར་སྒོར་ལྔ་བརྒྱ་དང་མ་མོར་རེར་སྒོར་ལྔ་བཅུ། རིགས་རྒྱུད་གཞན་པའི་ཁྲོམ་རེར་སྒོར་སྟོང་གཅིག་དང་མ་མོར་རེར་སྒོར་བརྒྱའི་ཆད་པ་གཅོད་དགོས།
     དོན་ཚན་ཉེར་གཉིས། སྲོལ་ཡིག་འདི2016ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།



本期证报PDF文件