དེ་རིང་ནི2024ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག

2022-10-10 08:37   |   669

རྩོམ་སྒྲིག  སངས་དོན།  ལོ་ཙཱ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


(2014ལོའི་ཟླ1པོའི་ཚེས13ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་དྲུག་པས་གྲོས་འཆམ་བྱུང་ལ། 2014ལོའི་ཟླ5བའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བས་ཆོག་མཆན་ཐོབ།)
        དོན་ཚན་དང་པོ། འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།  འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞི་བྱས་ཏེ།  རང་སྐྱོང་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
         དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་སུ་བཀོལ་སྤྱོད་བྱེད་པར་འཚམ།
         དོན་ཚན་གསུམ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་གྱི་གལ་ཆེའི་གྲུབ་ཆ་དང་།  རྒྱལ་ཁབ་ཀྱི་མི་རིགས་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ།   མི་རིགས་ཀྱི་འབྲེལ་བ་ལེགས་སྒྲིག་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།   མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ།    སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ།   མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པའི་མ་ལག་ཅན་གྱི་བཟོ་བཀོད་ཅིག་ཡིན།
         དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས།   མི་རིགས་ཁག་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱིས་ངེས་པར་དུ་རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་སོ་སོའང་ཕན་ཚུན་ལ་ཁ་འབྲལ་ཐབས་མེད་པའི་བསམ་བློ་ཚུགས་དགོས།
རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་མངོན་པར་བྱེད་དགོས་ལ། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ངོས་ལེན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱིས་ངེས་པར་དུ་སྤྱི་ཚོགས་གཏན་འཇགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན། རྒྱལ་ཁབ་ཀྱི་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་བྱེད་དགོས།
        དོན་ཚན་ལྔ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་སུ་གཏོང་བ་ནི་རང་སྐྱོང་ཁུལ་མངའ་ཁོངས་ཀྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས།    ལས་དོན་ལས་ཁུངས།    མཁར་གྲོང་དང་ཡུལ་ཚོའི་གཞི་རིམ་རྩ་འཛུགས།    རྩ་འཛུགས་གཞན་པ།   སྤྱི་དམངས་བཅས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན།
དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ཐད་ཀྱི་འགན་འཁྲི་ནི།
        གཅིག  མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འཕེལ་རྒྱས་གྱི་འཆར་བཀོད་ཞིབ་འཇུག་དང་གཏན་འབེབས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་དམིགས་འབེན་འགན་ཁུར་གཏན་ཁེལ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱུན་ཕན་སྒྲིག་ལུགས་བཙུགས་ནས་འཐུས་ཚང་བཟོ་བ།
       གཉིས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་གྱི་འཆར་གཞིའི་ནང་བཅུག་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣ་སོ་སོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ།   གཅིག་གྱུར་གྱིས་བཀོད་སྒྲིག་དང་གཅིག་གྱུར་གྱིས་དོན་འཁྱོལ་བྱེད་པ།
       གསུམ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་ལས་འགན་བཀོད་སྒྲིག་བྱེད་པ་དང་།  རིམ་པ་ཞོལ་མའི་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤེལ་བར་མཛུབ་སྟོན་དང་ལྟ་སྐུལ།  ཞིབ་བཤེར་བྱེད་པ།
       བཞི། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཁྲོད་ཀྱི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པ།
       ལྔ། མི་རིགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བ་དང་།   དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་པ།   མི་རིགས་ཁག་གི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ།
       དྲུག  སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ།   སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་གཏོང་བ། མི་རིགས་དང་ཆོས་ལུགས་ཀྱི་རང་བཞིན་ལྡན་པའི་འགལ་བ་དང་རྩོད་གཞི་ཞི་འདུམ་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ།
      བདུན།  ཏང་གི་ཆོགས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་།   ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་འགྲིག་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་བྱེད་པ།
     བརྒྱད། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་བར་ཤུགས་སྣོན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱེད་པ།   གྲངས་ཉུང་མི་རིགས་ཁོ་ནར་ཡོད་པའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན། མི་རིགས་ཁག་གི་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།
      དགུ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་ལེགས་བཅོས་བྱེད་པ། ལུགས་མཐུན་སྒོས་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད་བྱས་ཏེ།   མི་གྲངས་དང་ཐོན་ཁུངས།   ཁོར་ཡུག་བཅས་མཐུན་འབྱོར་ངང་གོང་འཕེལ་འགྲོ་བ་མངོན་འགྱུར་བྱེད་པ།    ཐོན་ཁུངས་ཡོད་སའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།
       དོན་ཚན་བདུན་པ།     རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་མངའ་ཁོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེ་བྲག་གི་བྱ་བར་འགན་འཁུར་དགོས་ལ། འགན་འཁྲི་གཙོ་བོ་ནི།
       གཅིག  ཏང་གི་མི་རིགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཁྲོད་ཀྱི་དཔེ་མཚོན་དང་སྔོན་ཐོན་ལས་དོན་དྲིལ་སྒྲོག་བྱེད་པ།  མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དེ་ཡུལ་སྡེ་དང་གཞིས་ཁུལ།   སློབ་གྲྭ། ལས་ཁུངས། ཁེ་ལས། དམག་སྒར། ཆོས་ལུགས་བྱེད་སྒོ་སྤེལ་ས། ཚོང་ར་སོགས་ཡུལ་དངོས་སུ་བསྐྱོད་པའི་བྱ་འགུལ་སྤེལ་བ།
       གཉིས། སྲིད་འཛིན་མངའ་ཁོངས་ནང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་པ།
       གསུམ། མི་རིགས་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱེད་པ་ཤུགས་སྣོན་དང་། མི་རིགས་རང་སྐྱོང་ས་ཁུལ་གྱིས་ཁྲིམས་ལྟར་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པར་ཁག་ཐེག  མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་།
       བཞི། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མི་རིགས་ཆོས་ལུགས་ཁག་གི་མི་སྣ་གསོ་སྐྱོང་དང་སློབ་གསོ་བྱས་ཏེ། མི་རིགས་ཆོས་ལུགས་ཁག་གི་མི་སྣའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
       ལྔ། ཟླ་བརྒྱད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།
       དྲུག  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བའི་ནང་སྔོན་ཐོན་ལས་ཁུངས་དང་མི་སྒེར་དཔྱད་འདེམ་བྱེད་པའི་བྱ་བ་དང་། འབྲེལ་ཡོད་བྱ་བ་གཞན་དག་སྒྲུབ་པའི་འགན་ཁུར་དགོས།
       དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར།   མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས།
       དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་སྐྱོང་སྲིད་འཛིན་སྡེ་ཁག་བཅས་ཀྱིས་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་ཁག་ཐག་བྱེད་པ་དང་། རྒྱལ་ཁབ་ཁ་བྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་བྱེད་དགོས།
       དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་ཞིབ་བཤེར་དང་གཟིགས་ཞིབ། རྟོག་ཞིབ་བྱེད་དགོས་པ་མ་ཟད། རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གིས་མི་རིགས་མཐུག་སྒྲིལ་ཡར་ཐོན་གྱི་ལས་དོན་སྒྲུབ་པར་སྐུལ་འདེད་བྱེད་དགོས།
       དོན་ཚན་བཅུ་གཅིག   མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་མགོ་ཁྲིད་ཀྱིས་འགན་ཁུར་ལམ་ལུགས་དང་ལོ་རེའི་དམིགས་འབེན་ཚད་ལེན་ལམ་ལུགས་ལག་བསྟར་བྱེད་རྒྱུ།
       དོན་ཚན་བཅུ་གཉིས། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པས་ཕན་ཚུན་གྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་བྱེད་པར་སྐུལ་མ་དང་སློབ་གསོ་གཏོང་བ།   རྒྱ་རིགས་ལས་བྱེད་ཀྱིས་ས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་མཉམ་དུ། རྒྱལ་ཡོངས་ཀྱི་ཚད་ལྡན་སྐད་ཆ་དང་ཡི་གེ་ལ་སློབ་སྦྱོང་བྱེད་དགོས།
       དོན་ཚན་བཅུ་གསུམ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས། ལས་དོན་ལས་ཁུངས་བཅས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རྒྱལ་ཁབ་གཞུང་ཞབས་པ་དང་ཆེད་ལས་ལས་རིགས་སྣ་ཚོགས་ཀྱི་ལག་རྩལ་མི་སྣ། ཁྱད་པ་དུ་གྲངས་ཉུང་མི་རིགས་ཀྱི་བུད་མེད་གཞུང་ཞབས་པ་དང་ཆེད་ལས་ལས་རིགས་སྣ་ཚོགས་ཀྱི་ལག་རྩལ་མི་སྣ་གསོ་སྐྱོང་དང་བཀོད་སྤྱོད་བྱེད་པར་གཙིགས་སུ་འཛིན་དགོས།
      རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་སྲིད་འཛིན་དང་ལས་དོན་ལས་ཁུངས་ཀྱིས་བྱ་བའི་དགོས་མཁོར་གཞིགས་ཏེ། སྐད་གཉིས་གཞུང་ཞབས་པ་གསོ་སྐྱོང་དང་བཀོད་སྒྲིག་བྱེད་དགོས།
       རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས། ལས་དོན་ལས་ཁུངས།   མཁར་གྲོང་དང་ཡུལ་ཚོའི་གཞི་རིམ་རྩ་འཛུགས་ཀྱིས་ལས་བྱེད་མི་སྣ་བསྡུ་ལེན་བྱེད་སྐབས། ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ལྟར་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ལ་འོས་འཚམ་གྱིས་གཟིགས་སྐྱོང་བྱེད་དགོས།
       དོན་ཚན་བཅུ་བཞི། ལོ་རེའི་ཟླ8ནི་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་བྱེད་པའི་ཟླ་བར་གཏན་ཁེལ་བྱས་ཡོད།
       དོན་ཚན་བཅོ་ལྔ། མི་རིགས་ཁག་ཚང་མ་ཁྲིམས་ལུགས་ཀྱི་གཏན་ཁེལ་ལྟར་འདྲ་མཉམ་གྱིས་རང་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་ལས་དོན་བཅས་ཀྱི་དོ་དམ་ལ་ཞུགས་དགོས།
       དོན་ཚན་བཅུ་དྲུག   མི་རིགས་ཁག་གིས་ཕན་ཚུན་གྱི་ལོ་རྒྱུས་རིག་གནས། སྐད་དང་ཡི་གེ  སྲོལ་རྒྱུན་དུས་ཆེན། ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས་བཅས་ལ་བརྩི་འཇོག་བྱེད་དགོས།
       དོན་ཚན་བཅུ་བདུན། རྩ་འཛུགས་དང་མི་སྒེར་གང་རུང་གིས་མི་རིགས་ཀྱི་དུང་ཞེན་དང་མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་ལ་གནོད་པའི་གཏམ་བརྗོད་དང་ཆ་འཕྲིན་སོགས་སྒྲིག་བཟོ་དང་བརྒྱུད་སྒྲོག་བྱས་མི་ཆོག
       རྩ་འཛུགས་དང་མི་སྒེར་གང་རུང་གིས་དཔེ་ཆ་དང་དུས་དེབ། སྒྲ་བརྙན། གློག་བརྙན་འཕྲིན་དྲ་བ། ཚོང་རྟགས། བརྡ་ཁྱབ་སོགས་རིག་གནས་མཚོན་བྱེད་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་དུང་ཞེན་ལ་གནོད་པའི་ནང་དོན་བཀོད་མི་ཆོག
       རྩ་འཛུགས་དང་མི་སྒེར་གང་རུང་གིས་མི་རིགས་ཀྱི་དུང་ཞེན་དང་མི་རིགས་མཐུན་སྒྲིལ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་པ་ཡོད་པ་དང་། མི་རིགས་ལ་མཐོང་ཆུང་དང་མི་རིགས་ཀྱི་འཁོན་སེམས་སློང་བ་སོགས་ནང་དོན་ཡོད་པའི་ལེ་ཚན་སྒྲོག་གཏོང་དང་ཉན་པ། ལྟ་བ། འཁྲབ་དཀྲོལ། གྱེར་འདོན། འཁྲབ་སྟོན་བཅས་བྱས་མི་ཆོག
       དོན་ཚན་བཅོ་བརྒྱད། སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད།   སྤྱི་དམངས་ཀྱི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོང་བྱེད་དགོས།
       དོན་ཚན་བཅུ་དགུ། རྩ་འཛུགས་དང་མི་སྒེར་གང་རུང་གིས་རྒྱུ་མཚན་གང་རུང་ལ་བརྟེན་ནས་ཆོས་ལུགས་ཀྱི་འགལ་རྐྱེན་དང་གྲུབ་མཐའི་རྩོད་གླེང་བསླང་མི་ཆོག
རྩ་འཛུགས་དང་མི་སྒེར་གང་རུང་གིས་ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱིན་བཟོ་བ་དང་། ཁྲིམས་ལུགས་དང་སྲིད་འཛིན་བྱ་བར་ཐེ་གཏོགས་བྱེད་པ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་པའི་བྱ་འགུལ་སྤེལ་མི་ཆོག
         ལོག་ཆོས་སྒྲོག་སྤེལ་དང་ཁྲིམས་མཐུན་མིན་པའི་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་མི་ཆོག
        དོན་ཚན་ཉི་ཤུ། གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་ཟུར་ཟ་བྱེད་པའི་ཁེ་ལས་ཀྱི་མཚན་བྱང་སྤྱད་མི་ཆོག
        དོན་ཚན་ཉེར་གཅིག  རང་སྐྱོང་ཁུལ་གྱི་མགྲོན་ཁང་དང་ཟ་ཁང་། རླངས་འཁོར་ས་ཚིགས་བཅས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་འདྲ་མཉམ་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།
        དོན་ཚན་ཉེར་གཉིས། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་བྱ་བའི་ཆེད་སྤྱོད་གྲོན་དངུལ་གཏན་འབེབས་བྱས་ནས། ཁུལ་དང་རྫོང་། ཡུལ་ཚོ། གཞིས་ཁུལ། སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚད་གཞི་ལྟར་ནོར་སྲིད་ཀྱི་སྔོན་རྩིས་ནང་བཞག་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བདེ་ལེགས་ངང་སྤེལ་བར་ཁག་ཐག་བྱེད་དགོས།
        རང་སྐྱོང་ཁུལ་གྱིས་སྤྱི་ཚོགས་ཚོགས་པ་དང་ཁེ་ལས། མི་སྒེར་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས།
ཁྲལ་དོན་སྡེ་ཁག་གིས་ཁྲལ་བསྡུའི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཞལ་འདེབས་བྱེད་མཁན་གྱི་སྤྱི་ཚོགས་ཚོགས་པ་དང་ཁེ་ལས། མི་སྒེར་བཅས་ལ་དཔྱ་ཁྲལ་མ་འཇལ་སྔོན་གྱི་ཚབ་འཕྲིའི་གྲོན་དངུལ་བྱིན་ཆོག
        དོན་ཚན་ཉེར་གསུམ། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་གིས་ལོ5ཡི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་རེ་འཚོགས་པ་དང་། མཁར་གྲོང་དང་ཡུལ་ཚོ་སོ་སོའི་ལོ3རེའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་དགོས།
        དོན་ཚན་ཉེ་བཞི། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཚད་གཞིར་ཐོན་པའི་ལས་ཁུངས་ལ་བྱ་དགའ་སྟེར་དགོས།
         དོན་ཚན་ཉེར་ལྔ། རང་སྐྱོང་ཁུལ་ནང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས།   ལས་དོན་ལས་ཁུངས། མཁར་གྲོང་དང་ཡུལ་ཚོའི་གཞི་རིམ་རྩ་འཛུགས་ལ་གཤམ་གྱི་སྣང་ཚུལ་ཡོད་ན། མི་རིགས་ལས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྐྱོན་བརྗོད་དང་སློབ་གསོ་བྱེད་དགོས་པ་མ་ཟད། བཀའ་ཕབ་ཏེ་བཅོས་སྒྱུར་བྱེད་དུ་འཇུག་དགོས་པ། དག་ཐེར་ལེགས་བཅོས་ཀྱི་སྐབས་སུ་རིམ་པ་སོ་སོའི་རིགས་སྣ་ཚོགས་ཀྱི་སྔོན་ཐོན་ཐུན་མོང་གི་དཔྱད་འདེམ་ལ་ཞུགས་མི་ཆོག   གལ་ཏེ་དུས་ལྟར་སྒྱུར་བཅོས་མ་བྱས་ན། སྲིད་འཛིན་མངའ་ཁོངས་སུ་བརྡ་ཁྱབ་གཏོང་ནས། དེ་སྔ་ཐོབ་པའི་རིགས་སྣ་ཚོགས་ཀྱི་མཚན་སྙན་དང་ཚད་ཐོན་ལས་ཁུངས་ཀྱི་ཐོབ་ཐང་མེད་པར་བཟོ་རྒྱུ།
        གཅིག  གཏན་ཁེལ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱེད་སྒོ་མི་སྤེལ་བ།
        གཉིས། གཏན་ཁེལ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་དམིགས་འབེན་འགན་ཁུར་ལམ་ལུགས་ཀྱི་དོ་དམ་དོན་འཁྱོལ་མི་བྱེད་པ།  
        གསུམ། དུས་ལྟར་རང་ལས་ཁག་དང་རང་ལས་ཁུངས་ནང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ངན་ཤུགས་ཐེབས་པའི་འགལ་བ་དང་རྩོད་གཞི་ཐག་གཅོད་དང་ཞི་འདུམ་མི་བྱེད་པ།
        བཞི། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བའི་སྣང་ཚུལ་གཞན་པ།
        དོན་ཚན་ཉེ་དྲུག  རང་སྐྱོང་ཁུལ་ནང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཁྲོད་གང་འདོད་ཀྱིས་འགན་དབང་བེད་སྤྱོད་བྱེད་པ་དང་ལས་འགན་སྣང་མེད་དུ་འཇོག་པ།  ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ་བསྐོ་འཐེན་ལས་ཁུངས་སམ་ལྟ་ཞིབ་ལས་ཁུངས་ཀྱིས་གནས་ཚུལ་གྱི་ཡང་ལྕི་ལ་བལྟས་ནས་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་བར་འབྲེལ་ཡོད་ཀྱི་སྲིད་འཛིན་ཆད་པ་གཅོད་དགོས་ལ། ནག་ཉེས་བསགས་པར་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་རྒྱུ།
        དོན་ཚན་ཉེར་བདུན། སྲོལ་ཡིག་འདིའི་དོན་ཚན་བཅུ་བདུན་པ་དང་དོན་ཚན་བཅུ་དགུ་བའི་གཏན་ཁེལ་དང་འགལ་ན།   རང་ལས་ཁུངས་དང་གོང་རིམ་གཙོ་སྐྱོང་སྡེ་ཁག    ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས་ལ། བཀའ་ཕབ་ཏེ་སྒྱུར་བཅོས་བྱེད་དུ་འཇུག་དགོས། གལ་ཏེ་གནས་ཚུལ་ཚབས་ཆེན་ཡིན་ན། བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་རྒྱུ། རྒྱལ་ཁབ་ཀྱི་ལས་བཟོ་ཡིན་པར་སྲིད་འཛིན་ཆད་པ་གཅོད་པ་དང་། ནག་ཉེས་བསགས་ཚེ། ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་རྒྱུ།
         དོན་ཚན་ཉེར་བརྒྱད། སྲོལ་ཡིག་འདིའི་དོན་ཚན་ཉི་ཤུ་དང་ཉེར་གཅིག་པའི་གཏན་ཁེལ་དང་འགལ་ཚེ། རྗོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྐྱོན་བརྗོད་སློབ་གསོ་བྱེད་པ་དང་བཀའ་བཀོད་སྒྱུར་བཅོས་བྱེད་དགོས།   གནས་ཚུལ་ཚབས་ཆེན་ཡིན་ན།   ཁྲིམས་ལྟར་ཁྲིམས་ལུགས་ཀྱི་འགན་ཁུར་རྩད་གཅོད་བྱེད་རྒྱུ།
         དོན་ཚན་ཉེར་དགུ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞི་བཟུང་ནས་ལག་བསྟར་གྱི་སྒྲིག་སྲོལ་ཞིབ་ཕྲ་གཏན་འབེབས་བྱེད་དགོས།
         དོན་ཚན་སུམ་ཅུ། སྲོལ་ཡིག་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གྲོས་འཆམ་བྱུང་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་ལ་ཡར་འབུལ་བྱས་ཏེ་ཆོག་མཆན་ཐོབ་རྗེས་ཁྱབ་སྒྲོག་ལག་བསྟར་བྱེད་རྒྱུ།





མཉམ་སྤྱོད།