དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུ་དང་ཨ་རིའི་ཙུང་ཐུང་གིས་ཕན་ཚུན་ལ་ཁ་པར་བཏང་ནས་ཡུག་རེན་གྱི་དུས་བབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

2025-02-13 15:27:03   |   1530

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས12ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ཡིས་ཕན་ཚུན་ཁ་པར་བཏང་ནས་ཡུག་རེན་གྱི་དུས་བབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།     

ཚེས12ཉིན་གྱི་དགོང་མོར། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཕུ་ཡིས་སྨྲས་དོན། ཕྱོགས་གཉིས་པོས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་ཁ་པར་བཏང་ཟེར། ཕུའུ་ཅིང་གིས་ཁ་པར་ནང་དུ་ཁྲོམ་ཕུ་ལ་ཡུག་རེན་ཉམས་ཉེན་གྱི་འབྱུང་རྩ་སེལ་དགོས་ཞེས་བཤད། ཕུའུ་ཅིང་གིས་གྲོས་མོལ་བྱས་པ་བརྒྱུད་ཡུག་རེན་གྱི་ཉམས་ཉེན་ཡུན་རིང་ཐག་གཅོད་ཐུབ་པའི་སྐོར་གྱི་ཁྲོམ་ཕུའི་ལྟ་བར་མོས་མཐུན་གནང་།  ཁྲོམ་ཕུས་ཁ་པར་གཏོང་སྐབས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མགྱོགས་མྱུར་མཇུག་འགྲིལ་དགོས་ཞེས་བཤད་པ་དང་འབྲེལ་ཕུའུ་ཅིང་དང“ཕན་འབྲས་ལྡན་པའི་གླེང་མོལ་”བྱས་ཡོད་ཅེས་བཤད།    

ཕེ་སི་ཁོ་ཕུ་ཡིས་ད་དུང་སྨྲས་དོན། ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཁ་པར་གཏོང་སྐབས་ཁོང་གཉིས་ཐུག་འཕྲད་བྱེད་པ་སྒྲིག་འཛུགས་བྱ་རྒྱུར་མོས་མཐུན་བྱུང་བ་དང་ཕུའུ་ཅིང་གིས་ཁྲོམ་ཕུ་མོ་སི་ཁོར་འཚམས་འདྲིར་ཕེབས་པར་གདན་འདྲེན་ཞུས་ཟེར། གཞན་ཕྱོགས་གཉིས་པོས་ད་དུང་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་དང་དབུས་ཤར་ས་ཁུལ་གྱི་དུས་བབ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།     

ཉིན་དེར་ཁྲོམ་ཕུ་ཡིས་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ཐོག་ཁོང་གིས་ཕུའུ་ཅིང་དང་ཁ་པར་བཏང་མ་ཐག་ཡིན་པ་དང་ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་འགྲིལ་བར“མཉམ་ལས་དམ་ཟབ་”བྱ་རྒྱུའི་མོས་མཐུན་བྱུང་བ་མ་ཟད། རང་སོ་སོའི་ཚོགས་པ་མངགས་ནས“འཕྲལ་དུ་གྲོས་མོལ་བྱེད་མགོ་ཚུགས་རྒྱུ”ཡིན། ཨ་རི་ཕྱོགས་ཀྱི་ཚོགས་པའི་སྣེ་ཁྲིད་པ་ནི་རྒྱལ་དོན་བློན་ཆེན་ལུའུ་པི་ཨོ་དང་། ཀྲུང་དབྱང་གསང་འཕྲིན་ཅུའི་ཅུ་ཀྲང་ལ་ཐེ་ཁེ་ལི་ཧྥུ། ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཝར་ཙི། ཨ་རིའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཕུ་བཅས་ཡིན་ཞེས་བྲིས་ཏེ་བསྐུར་བ་དང་། ཁྲོམ་ཕུ་ཡིས་ད་དུང་ཁོང་གིས་འཕྲལ་མར་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ལ་ཕུའུ་ཅིང་ལ་ཁ་པར་བཏང་བའི་ནང་དོན་བརྡ་ཁྱབ་གཏོང་རྒྱུ་དང་འབྲེལ་ཡོད་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅེས་བསྟན།

ཁྲོམ་ཕུ་ཡིས་ཁོང་དང་ཕུའུ་ཅིང་གིས་ད་དུང་དབུས་ཤར་ས་ཁུལ་དང་། ནུས་ཁུངས། མིས་བཟོས་རིག་ནུས་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཞེས་བཤད།


མཉམ་སྤྱོད།