དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུ་དང་ཨ་རི་ཐུག་འཕྲད་བྱས་པའི་ཐད་ཀྲུང་གོ་ཕྱོགས་ཀྱི་ལྟ་སྟངས།

2025-02-19 15:14:12   |   840

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་ཟླ2པའི་ཚེས18ཉིན། ཨུ་རུ་སུ་དང་ཨ་རིའི་འཐུས་མི་ཚོགས་པས་སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ་རུ་ཐུག་འཕྲད་བྱས།    

 

ཨུ་རུ་སུ་ཕྱོགས་ཀྱི་ཕྱི་འབྲེལ་པུ་ཀྲང་ལ་ཧྥུ་ལོ་ཧྥུ་དང་ཙུང་ཐུང་ལས་རོགས་ཝུ་ཧྲ་ཁོ་ཧྥུ་ལི་ཡ་ཏེའི་གྲོས་མོལ་ནང་ཞུགས་ཡོད།   

1.jpg

ཨ་རི་ཕྱོགས་ཀྱི་གྲོས་མོལ་ནང་ཞུགས་མཁན་ནི་རྒྱལ་དོན་བློན་ཆེན་ལུའུ་པི་ཨོ་དང་། ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧའོ་ཨེར་ཙི།    ཙུང་ཐུང་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཧྥུ་བཅས་རེད། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སར་ཡང་ཚོགས་འདུའི་ཡུལ་དངོས་སུ་ཡོད།

2.jpg

ཕྱི་འབྲེལ་པུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེའི་འབད་བརྩོན་མཐའ་དག་མཐོང་རྒྱུར་དགའ་པོ་ཡོད་ཅེས་བསྟན།   

ཟླ2པའི་ཚེས18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་། གནས་ཚུལ་སྤེལ་བར་གཞིགས་ན། ཚེས18ཉིན་ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་ཐུག་འཕྲད་བྱས་ནས་ཡུག་རེན་གནད་དོན་སྐོར་གྱི་གྲོས་མོལ་ཚོགས་འདུར་གྲ་སྒྲིག་བྱས། ཚེས17ཉིན་ཡོ་རོབ་རྒྱལ་ཁབ་མང་པོའི་མགོ་ཁྲིད་ཀྱིས་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཛ་དྲག་ཚོགས་འདུ་འཚོགས་ནས་ཡུག་རེན་གྱི་དུས་བབ་དང་ཡོ་རོབ་གླིང་གི་ཐུན་མོང་བདེ་འཇགས་སོགས་ཀྱི་གྲོས་གཞིར་གྲོས་མོལ་བྱས། 

3.png

དེའི་ཐད་ཀུའོ་ཅ་ཁུན་གྱིས་ཡུག་རེན་གྱི་ཉམས་ཉེན་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་ནི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་།    ཐོག་མཐའ་བར་གསུམ་དུ་ཞི་མཐུན་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་ཞི་བདེའི་འབད་བརྩོན་མཐའ་དག་མཐོང་རྒྱུར་དགའ་པོ་ཡོད་དེ། ཨ་རི་དང་ཨུ་རུ་སུའི་ཞི་བའི་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་ཀྱང་ཚུད། དེ་དང་ཆབས་ཅིག་ང་ཚོས་དོ་བདག་ཕྱོགས་དང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་གཉིས་ཀ་དུས་ཐོག་ཏུ་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ནང་ཞུགས་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཅེས་བསྟན།    


མཉམ་སྤྱོད།