སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཚེས19ཉིན་ཨ་རིའི་དམག་ཕྱོགས་ཀྱིས་ཉིན་དེར་མདེལ་མགོ་མེད་པའི་གླིང་ཆེན་དབར་གྱི་མདེལ་ལམ་འཕུར་མདེལ་ཞིག་ཚོད་ལྟའི་ངང་འཕེན་གཏོང་བྱས་ཟེར།
ཨ་རིའི་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ད་ཐེངས་ཀྱི་ཚོད་ལྟའི་འཕེན་གཏོང་དུས་ཚོད་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་ཚེས19ཉིན་གྱི་ཆུ་ཚོད1(པེ་ཅིང་གི་དུས་ཚོད་ཚེས19ཉིན་གྱི་ཆུ་ཚོད17ཡིན)ཡིན་པ་དང་། འཕེན་གཏོང་བྱ་ཡུལ་ནི་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེ་རུ་གནས་པའི་ཧྥན་ཏེང་པོ་ཞི་བདེ་རྒྱ་མཚོ་ཆེན་པོའི་མཁའ་དམག་རྟེན་གཞི་ཡིན་ཞེས་བཀོད་ཡོད།
ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། “ཡུལ་དམག3”རྟགས་ཅན་གྱི་གླིང་ཆེན་དབར་གྱི་མདེལ་ལམ་འཕུར་མདེལ་དུས་རབས20པའི་ལོ་རབས70པར་ཨ་རིའི་དམག་དཔུང་དུ་སྒྲིག་སྦྱོར་བྱས་པ་དང་མིག་སྔར་ཨ་རིར་བཟོ་དབྱིབས་དེའི་དངོས་ཞབས་འཕུར་མདེལ་ཁྱོན400ཙམ་ཡོད།