དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇར་མན་མནའ་འབྲེལ་ཏང་ལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ།

2025-02-24 11:25:59   |   834

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་པོ་ལིན་ནས་ཟླ2ཚེས24ཉིན་གྱི་གློག་འཕྲིན། ཚེས24ཉིན་གྱི་སྔ་མོར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ལྷན་གྱིས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང(དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་ཁང་འོག་མ)གི་འདེམས་བསྐོའི་འདེམས་ཤོག་རྩིས་པའི་ཐོག་མའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་རེད། ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་ལས་གྲུབ་པའི་མནའ་འབྲེལ་ཏང་ལ་སྲིད་ཏང་གཞན་པ་ལས་འདེམས་ཤོག་མང་པོ་ཐོབ་ནས་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཧྥུ་ལི་ཏེ་ལི་ཞི·མོ་ཚི(弗里德里希·默茨)འཇར་མན་གྱི་གསར་དུ་བསྐོ་རྒྱུའི་ཙུང་ལིར་མིང་འདོན་བྱ་རྒྱུའི་སྔོན་དཔག་བྱས་པ་རེད། 

འདེམས་ཤོག་རྩིས་རྒྱག་རགས་ཙམ་བྱས་པའི་འབྲས་བུ་ལས་མངོན་པར། མོ་ཚི་ཙུང་ལི་འོས་མིར་བྱས་པའི་མནའ་འབྲེལ་ཏང་ལ་འདེམས་ཤོག་ཐོབ་ཚད28.6%ཡིན་པ་དང་། འཇར་མན་གདམ་གསེས་ཏང་ལ་འདེམས་ཤོག་ཐོབ་ཚད20.8%ཡིན་ལ། ཨང་རིམ་གཉིས་པ་ཡིན། ད་ལྟའི་ཙུང་ལི་ཧྲུའུ་ཨེར་ཚི་ཙུང་ལིའི་འོས་མིར་བྱས་པའི་སྤྱི་ཚོགས་དམངས་གཙོ་ཏང་ལ་འདེམས་ཤོག་ཐོབ་ཚད16.4%ཡིན་པ་དང་ཨང་རིམ་གསུམ་པ་ཡིན། ལྗང་ཏང་གི་འདེམས་ཤོག་ཐོབ་ཚད11.6%ཡིན་དང་། ཨང་རིམ་བཞི་པ་ཡིན། གཡོན་ཕྱོགས་ཏང་གི་འདེམས་ཤོག་ཐོབ་ཚད8.8%ཡིན། ཧྲ་ལ·ཝ་ཀེན་ཁེ་ནེ་ཞི་ཐེ་མནའ་འབྲེལ་གྱི་འདེམས་ཤོག་ཐོབ་ཚད4.9%ཡིན། རང་མོས་དམངས་གཙོ་ཏང་གི་འདེམས་ཤོག་ཐོབ་ཚད4.3%ཡིན།


མཉམ་སྤྱོད།