དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱིས་འཇབ་རྒོལ་བྱས་ནས་ཕ་ཁི་སི་ཐན་གྱི་མི31རྐྱེན་ལམ་དུ་ཤོར་བ་དང་མི57ལ་རྨས་སྐྱོན་ཕོག

2025-05-09 11:30:14   |   42

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས8ཉིན་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བ(CNN)ནས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས7ཉིན་ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་དཔོན་རིགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱིས་ཕ་ཁི་སི་ཐན་ལ་འཇབ་རྒོལ་བྱས་ནས་མི31རྐྱེན་ལམ་དུ་ཤོར་བ་དང་མི57ལ་རྨས་སྐྱོན་ཕོག

དེ་སྔོན་གནས་ཚུལ་སྤེལ་བ་ལྟར་ན། ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུས་ཕ་ཁི་སི་ཐན་དུ་བཅའ་སྡོད་བྱས་པའི་རྒྱ་གར་གྱི་གནས་སྐབས་ལས་ཚབ་དོན་གཅོད་པ་གདན་འདྲེན་ཞུས་ནས“རྒྱ་གར་གྱིས་རྒྱུ་མཚན་མེད་པར་ཕ་ཁི་སི་ཐན་གྱི་རང་ཡུལ་དང་དེ་བཞིན་ཕ་ཁི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་གི་ཡོད”ཅེས་བཤད།

རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཟླ4པའི་ཚེས22ཉིན་གནས་སྐོར་བར་དམིགས་ནས་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོག་མི་སྣ་ཤི་རྨས་ཚབས་ཆེན་བྱུང་། རྒྱ་གར་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་མེ་མདའ་བརྒྱབ་པའི་དོན་རྐྱེན་དབར་འབྲེལ་བ་ཡོད་པའི་ངོས་འཛིན་བྱས་པ་དང་རྗེས་སུ་རྒྱལ་ཁབ་གཉིས་ཀྱིས་བྱེད་ཐབས་བཙན་པོ་སྤྱད་ནས་དུས་བབ་ཛ་དྲག་ཏུ་ཕྱིན་ཡོད།

ཚེས7ཉིན་ཕ་ཁི་སི་ཐན་གྱི་དམག་དཔུང་གསུམ་གྱི་གསར་འགྱུར་ཅུའི་ཅུས་ཀྲང་ཆའོ་ཏུའུ་ལིས་ཉིན་དེའི་ཐོ་རེངས་ལ་རྒྱ་གར་གྱིས་ཕ་ཁི་སི་ཐན་གྱི་རང་ཡུལ་དང་དེ་བཞིན་ཕ་ཁི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་ལ་མཁའ་རྒོལ་བྱས་པ་རེད། ཉིན་དེར་རྒྱ་གར་གྱི་རྒྱལ་སྲུང་པུས་གསལ་བསྒྲགས་སྤེལ་ནས་རྒྱ་གར་གྱི་དྲག་ཆས་དཔུང་སྡེ་ཡིས་ས་གནས9ཡི“འཇིགས་སྐུལ་རིང་ལུགས་ཀྱི་རྨང་གཞིའི་སྒྲིག་བཀོད”ལ་རྡུང་རྡེག་གཏོང་བར་དངོས་སུ་གསལ་འཕྲོད་བྱས།


མཉམ་སྤྱོད།