དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་སུའེ་ཙེར་གྱི་རི་ནེ་ཝར་བྱས་པ།

2025-05-12 09:02:16   |   689

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ5པའི་ཚེས11ཉིན་གྱི་གློག་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས10ནས་ཚེས11ཉིན་བར། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ་དང་ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐེ་དང་ཚོང་དོན་འཐུས་མི་ཀེ་ལིར་གྱིས་སུའེ་ཙེར་གྱི་རི་ནེ་ཝར་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཐོ་རིམ་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་ཟླ1པའི་ཚེས17ཉིན་ཀྲུང་གོ་དང་ཨ་རི་དབུ་འཛིན་བར་གྱི་ཁ་པར་གླེང་མོའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཀྱི་འབྲེལ་གཏུག་བྱས་ཏེ་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ནས་གྲོས་མོལ་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

ཧོ་ལི་ཕུང་གིས་ཀྲུང་ཨའི་དབར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱ་ཆེ་བའི་མཉམ་ལས་བར་མཐོངས་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན། འཕེལ་རྒྱས་ཀྱི་དུས་མཚམས་དང་དཔལ་འབྱོར་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོར་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་མི་མཐུན་པའི་འགལ་བ་དང་རྩོད་གཞི་ཐོན་པ་ནི་རྒྱུན་ལྡན་ཡིན་པ་དང་། འགག་རྩ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གཞི་བཟུང་ནས་འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པའི་ཐབས་ཤེས་འཚོལ་དགོས། ཚོང་དོན་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་པས་ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་དམག་འཁྲུག་རྒྱག་འདོད་མེད་ཀྱང་རྒྱག་རྒྱུར་སྐྲག་གི་མེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་དབང་ལ་ཨུ་ཚུགས་ཀྱིས་གནོད་འཚེ་བཏང་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྐྱོན་བྲལ་དང་བརྟན་པོ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་ཡང་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མཉམ་ལས་ཀྱི་གསལ་ཐོ་རིང་དུ་གཏོང་བ། མཉམ་ལས་ཀྱི་སྒོ་ངའི་བག་ལེབ་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བར་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་བརྟན་པོའི་རང་བཞིན་དེ་བས་མང་བ་སྣོན་དགོས་ཞེས་བསྟན་པ་རེད།

ཀྲུང་ཨ་ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་བཙུགས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་རང་སོ་སོའི་དོ་ཁུར་ཐད་འབྲེལ་གཏུག་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད།


མཉམ་སྤྱོད།