དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་གི་འོས་མིའི་ཐོ་འགོད་མཇུག་བསྡུས་པ།

2025-05-12 09:33:51   |   826

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ5པའི་ཚེས12ཉིན་གྱི་གློག་འཕྲིན། ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས11ཉིན། ཁོ་རེ་ཡ་ལྷོ་མའི་ཀྲུང་དབྱང་འདེམས་བསྐོ་དོ་དམ་ཨུ་ལྷན་གྱིས་སྐབས་ཉེར་གཅིག་པའི་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་འདེམས་བསྐོའི་ནང་འོས་མི7ཐོ་འགོད་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

གནས་ཚུལ་སྤེལ་བའི་ནང་ཙུང་ཐུང་གི་འོས་མི་ཐོ་འགོད་བྱས་པའི་མཐའ་མའི་ཉིན་དེར་རྒྱལ་དམངས་སྟོབས་ཤུགས་ཏང་གི་འོས་མི་ཅིན་ཝུན་ཀྲུའུ་ཡིས་ཐོ་འགོད་ཡིག་ཆ་ཕུལ་ནས་ཐོ་འགོད་བྱས་པའི་ཙུང་ཐུང་གི་འོས་མིའི་སྡོམ་འབོར་མི7ཟིན་ཡོད།

མཐར་གཏན་འཁེལ་བྱས་པའི་འོས་མིའི་མིང་ཐོ་ནི། ཐུན་མོང་དམངས་གཙོ་ཏང་གི་ལི་ཙའེ་མིང་དང་། རྒྱལ་དམངས་སྟོབས་ཤུགས་ཏང་གི་ཅིན་ཝུན་ཀྲུའུ། སྒྱུར་བཅོས་ཏང་གསར་པའི་ལི་ཅུན་ཞི། དམངས་གཙོ་ངལ་རྩོལ་ཏང་གི་ཆན་དབྱིན་ཀོ། རང་དབང་ཁོ་རེ་ཡ་ལྷོ་མ་ཏང་གི་ཆིའུ་ཀྲུའུ་ཝ། ཧོང་ཅའོ་ཨན།(ཏང་ཤོག་གང་ལའང་མི་གཏོགས་པ།) སུང་ཀྲེན་ཀོ།(ཏང་ཤོག་གང་ལའང་མི་གཏོགས་པ།)

གཞན་ཡང་དམངས་འདོད་བརྟག་དཔྱད་སྒྲིག་གཞིRealmeterཡིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་ཅིག་ལས་མངོན་པར་གཞིགས་ན། སྐབས་གསར་པའི་ཙུང་ཐུང་འདེམས་བསྐོ་དེ་འོས་མི་གསུམ་གྱི་ནང་ནས་ཐག་གཅོད་བྱེད་དགོས་པའི་དབང་དུ་བཏང་ན། ཐུན་མོང་དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མི་ལི་ཙའེ་མིང་ལ་རྒྱབ་སྐྱོར་བྱེད་ཚད50%ལས་བརྒལ་ནས་ཨང་དང་པོར་སླེབས་ཡོད་པ་རེད།


མཉམ་སྤྱོད།