དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡོ་རོབ་མནའ་འབྲེལ་གྱིས་རེས་སྐོར19པའི་ཨུ་རུ་སུར་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་འདུག

2025-08-12 16:06:07   |   121

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།   ཤིན་ཧྭ་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་ཟླ8པའི་ཚེས12ཉིན་གྱི་གློག་འཕྲིན། ཚེས11ཉིན། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁ་ཡ·ཁ་ལ་སིས་ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་རེས་སྐོར19པའི་བྱ་ཐབས་བཟོ་རྒྱུ་དང་འབྲེལ་ཡུག་རེན་ལ་དམག་དོན་གྱི་རོགས་སྐྱོར་དེ་བས་མང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཚེས11ཉིན། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཛ་དྲག་ཚོགས་འདུ་འཚོགས་ཤིང་། ཁ་ལ་སིས་ཚོགས་འདུ་གྲོལ་རྗེས་སྨྱན་སྦྱོར་ཐོག་ཡིག་ཆ་སྤེལ་ནས་ཡུག་རེན་གྱི་ཉམས་ཉེན་ལ་དམིགས་ནས་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་རི་ཕྱོགས་ཀྱིས“དྲང་གཞག་ཞི་བདེ”མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་ལུགས་མཚོན་ཡོད། “དེ་དང་ཆབས་ཅིག་ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་བཀག་སྡོམ་དེ་བས་མང་བ་བྱ་རྒྱུར་གཞོལ་ནས་ཡུག་རེན་ལ་དམག་དོན་གྱི་རྒྱབ་སྐྱོར་དེ་བས་མང་བ་མཁོ་འདོན་བྱེད་པ་དང་འབྲེལ་ཡུག་རེན་གྱི་སྔོན་རྩིས་དགོས་མཁོ་དང་ཡོ་རོབ་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཤད་ཡོད།

 “ཨུ་རུ་སུས་ཕྱོགས་ཡོངས་དང་ཆ་རྐྱེན་མེད་པའི་སྒོ་ནས་དམག་མཚམས་འཇོག་རྒྱུར་མོས་མཐུན་མ་བྱས་ཚེ། ང་ཚོས་བཟོད་སྒོམ་གང་ཡང་བྱེད་མི་རུང”ཁ་ལ་སིས“ང་ཚོས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་རེས་སྐོར19པའི་བྱེད་ཐབས་བཟོ་རྒྱུ་ཡིན”ཞེས་བཤད།

ཨ་རི་དང་ཨུ་རུ་སུའི་མགོ་ཁྲིད་པས་ཚེས15ཉིན་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་རུ་ཐུག་འཕྲད་བྱས་ནས་ཡུག་རེན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ཚེས10ཉིན། ཁ་ལ་སིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་འགྲིལ་རྒྱུའི་སྐོར་གྱི་ཨ་རི་དང་ཨུ་རུ་སུའི་དབར་གྱི་གྲོས་མཐུན་གང་རུང་ཚང་མར་ཡུག་རེན་དང་ཡོ་རོབ་མནའ་འབྲེལ་གྱི་བསམ་གཞིག་ཚུད་དགོས་ཞེས་བཤད་པ་རེད།


མཉམ་སྤྱོད།