དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་བྲང་དཀར་པོས་ཨ་རི་དང་ཨུ་རུ་སུའི་གཙོ་བདག་གིས་གཅིག་གཏད་གཅིག་གི་རྣམ་པའི་ཐོག་ནས་ཨན་ཁེ་ལེ་ཆིར་མཇལ་འཛོམས་གནང་རྒྱུ་ཡིན་ཞེས་བཤད་འདུག

2025-08-13 09:39:40   |   146

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


 ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ8པའི་ཚེས13ཉིན་གྱི་གློག་འཕྲིན། དབྱིན་ཇིའི་རླུང་འཕྲིན་ཀུང་སི(BBC)གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས12ཉིན། ཨ་རིའི་ཕོ་བྲང་དཀར་པོས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས15ཉིན་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་ཡི་ཨན་ཁེ་ལུའེ་ཆིར་མཇལ་འཛོམས་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་ཡོད།

微信图片_2025-08-13_095023_312.jpg

གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་སྔོན་དཔག་བྱས་ན་ཚོགས་འདུར་ཞུགས་རྒྱུ་མིན་པ་རེད། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་(CNN)ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུ་དང་ཕུའུ་ཅིང་དབར་གྱི་མཇལ་འཛོམས་དེ་གཅིག་གཏད་གཅིག་གི་རྣམ་པའི་ཐོག་ནས་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།


མཉམ་སྤྱོད།