དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུས་ཨུ་རུ་སུར་འཇིགས་སྐུལ་བྱས་པ།

2025-08-14 16:48:39   |   86

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མི་དམངས་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)གནས་འཕྲིན་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས13ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་གལ་སྲིད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་ལཱ་སི་ག་རུ་ཐུག་འཕྲད་བྱེད་རིང་། ཨུ་རུ་སུ་དང་ཡུག་རེན་བར་དམག་མཚམས་འཇོག་རྒྱུའི་གྲོས་མགོ་དང་ལེན་མ་བྱས་ཚེ། “མཇུག་འབྲས་ཧ་ཅང་ཚབས་ཆེན”འབྱུང་རྒྱུ་རེད་ཅེས་བཤད་པ་རེད།

7838e0134662d05070308d64eff1ec26.jpg

ས་གནས་དེ་གའི་དུས་ཚོད་ཟླ8ཚེས11ཉིན། ཝ་ཧྲིན་ཐོན་དུ་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཕོ་བྲང་དཀར་པོར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་འཚོག་ཉེར་ཡོད་པའི་ཨ་རི་དང་ཨུ་རུ་སུའི་གཙོ་བདག་གི་ཐུག་འཕྲད་སྐོར་གླེང་སྐབས“དགེ་མཚན་ལྡན་པའི་གླེང་མོལ་བྱེད་ཐུབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།

ཁྲོམ་ཕུས་གལ་སྲིད་ཚེས15ཉིན་ཁོ་དང་ཕུའུ་ཅིང་བར་གྱི་ཐུག་འཕྲད་བདེ་བླག་བྱུང་ཚེ། ཁོས“འཕྲལ་མར”ཐུག་འཕྲད་ཐེངས་གཉིས་པ་བཀོད་སྒྲིག་བྱེད་འདོད་ཡོད་པ་མ་ཟད། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་གདན་འདྲེན་ཞུ་འདོད་ཡོད་ཅེས་ཀྱང་བཤད་པ་རེད།

ཉིན་དེར། ཨ་རིའི་ནོར་སྲིད་པུ་ཀྲང་པེ་སེན་ཐེ་ཡིས་གལ་ཏེ་ཁྲོམ་ཕུ་དང་ཕུའུ་ཅིང་བར་གྱི་ཐུག་འཕྲད་བདེ་བླག་མ་བྱུང་ཚེ། ཨ་རིས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་སྲིད་ཅེས་བཤད་པ་རེད།


མཉམ་སྤྱོད།