དེ་རིང་ནི2025ལོའི་ཟླ08པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇར་མན་གྱི་ཙུང་ལིས་ཕུའུ་ཅིང་གིས་འབྱུང་འགྱུར་གཟའ་འཁོར་གཉིས་རིང་ཙེ་ལེན་སི་ཅི་དང་མཇལ་འཛོམས་བྱ་རྒྱུའི་མོས་མཐུན་གནང་ཡོད་ཅེས་གསུངས་པ།

2025-08-19 09:16:20   |   65

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།      བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)གནས་ཚུལ་གསར་ཤོས་ལ་གཞིགས་ན། འཇར་མན་གྱི་ཙུང་ལི་མོ་ཚེས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཁ་པར་ནང་འབྱུང་འགྱུར་གཟའ་འཁོར་གཉིས་ནང་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་མཇལ་འཛོམས་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་གསུང་།

01.png

གནས་ཚུལ་སྤེལ་བར་གཞིགས་ན། མོ་ཚེས་ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་དགོང་མོ་གསར་འགོད་པར་བཤད་རྒྱུུར། ཐུག་འཕྲད་བྱ་ཡུལ་གཏན་འཁེལ་བྱུང་མེད། ཁོང་གིས་ཐུག་འཕྲད་དེ་རིགས་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས།

ས་གནས་དེ་གའི་དུས་ཚོད་ཚེས18ཉིན་ཙེ་ལན་སི་ཅིས་ཕོ་བྲང་དཀར་པོའི་གྲོས་མོལ་མཇུག་འགྲིལ་རྗེས། གསར་འགོད་པའི་ཚོགས་འདུ་འཚོགས་ནས་དེ་ནི་ཨ་རི་དང་ཡུག་རེན་དབར་གྱི་གྲུབ་འབྲས་ཆེ་ཤོས་ཐོབ་པའི་མཇལ་འཛོམས་ཤིག་ཡིན་པ་དང་ཞིབ་ཕྲའི་གནས་ཚུལ་མང་པོའི་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད།

ཙེ་ལན་སི་ཅིས་ཐེ་རོན་ཕུས་ཕྱོགས་གསུམ་གྱི་མགོ་གཙོའི་མཇལ་འཛོམས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨ་རིས་གང་མགྱོགས་ངང་མཇལ་འཛོམས་གྲོལ་མོལ་འཚོག་རྒྱུའི་གྲོས་མགོ་བཏོན་མོད། འོན་ཀྱང་ཕྱོགས་ཁག་ལ་ཐུན་མོང་གི་ངོས་འཛིན་ཡོང་བ་བྱེད་དགོས། ཨུ་རུ་སུ་ཕྱོགས་ཀྱིས་སྔོན་ལ་ཕུའུ་ཅིང་དང་ཙེ་ལན་སི་ཅི་ཕྱོགས་གཉིས་པོའི་གྲོས་མོལ་བྱ་རྒྱུ་དང་དེ་རྗེས་ཕྱོགས་གསུམ་གྱི་གྲོས་མོལ་བྱ་རྒྱུའི་གྲོས་མགོ་བཏོན་པ་རེད། ཙི་ལན་སི་ཅི་ཡིས་ཁོ་ལ་ཕུའུ་ཅིང་དང་ཐུག་འཕྲད་བྱེད་འདོད་ཡོད་ཅེས་བཤད།

02.jpg

དེ་གོང་ཐེ་རོན་ཕུས་ཕོ་བྲང་དཀར་པོར་ཡོ་རོབ་ཀྱི་མགོ་ཁྲིད་པ་དང་ཐུག་འཕྲད་བྱེད་རིང་། ཕུའུ་ཅིང་དང་ཁ་པར་བརྒྱབ་ནས་ཙི་ལན་སི་ཅི་དང་ཐུག་འཕྲད་བྱེད་པར་བཀོད་སྒྲིག་བྱས་ཡོད་ཟེར།

གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུས་སྨྱན་སྦྱོར་ཐོག“ངས་ཕུའུ་ཅིང་ལ་ཁ་པར་བརྒྱབ་པ་དང་འབྲེལ་ཕུའུ་ཅིང་དང་ཙེ་ལན་སི་ཅི་དབར་གྱི་ཐུག་འཕྲད་བཀོད་སྒྲིག་བྱེད་མགོ་བརྩམས་ཡོད། ས་གནས་གཏན་འཁེལ་བྱ་རྒྱུར་སྒུག་ཡོད”ཅེས་བྲིས་ཡོད། “གྲོས་མོལ་དེ་མཇུག་འགྲིལ་རྗེས་ང་ཚོས་ཕྱོགས་གསུམ་གྱི་གྲོས་མོལ་བྱ་རྒྱུ་ཡིན་ལ་རྒྱལ་ཁབ་གཉིས་པོའི་ཙུང་ཐུང་གི་ཐོག་རང་ཉིད་བསྣན་རྒྱུ་ཡིན”ཞེས་བྲིས་ཡོད།


མཉམ་སྤྱོད།