དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐེ་རོན་ཕུས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁྲི60ཙམ་ཨ་རིར་སློབ་སྦྱོང་བྱེད་པར་ཡོང་ཆོག་པ་པསྟན།

2025-08-28 09:22:54   |   85

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


0002.jpg  

ཀྲུང་གོ་གསར་འགྱུར་དྲ་བ་པེ་ཅིང་ནས་འབྱོར་བའི་གློག་འཕྲིན། ཚེས27ཉིན།(གསར་འགོད་པ་ཀུའོ་ཁྲའོ་ཁའེ།)ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་གྲོགས་ཚོགས་ལ་གཙོ་སྐྱོང་གནང་བ་རེད།

གསར་འགོད་པས་དྲི་བ་བཏོན་དོན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁྲི60ཙམ་ཨ་རིའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པར་ཡོང་ཆོག་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

ཀུའོ་ཅ་ཁུན་གྱིས་སློབ་གསོ་སྤེལ་རེས་དང་མཉམ་ལས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་འགྲོ་འོང་དང་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད། ང་ཚོས་ཨ་རི་ཕྱོགས་ཀྱིས་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཨ་རིར་སློབ་སྦྱོང་བྱེད་པར་ཡོང་བའི་རྣམ་འགྱུར་དོན་ཐོག་ཏུ་འཁྱོལ་བར་དགའ་བསུ་ཞུ་རྒྱུ་དང་། དོན་མེད་རྙོག་དྲ་བཟོ་བ་དང་། ཞིབ་བཤེར་བྱེད་པ། ཕྱིར་སློག་བཅས་བྱེད་མཚམས་བཞག་ནས་ཁོང་ཚོའི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།


མཉམ་སྤྱོད།