དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཨ་ཧྥུ་ཧན་གྱི་ཤར་རྒྱུད་དུ་ས་ཡོམ་རིམ་པ6.0བརྒྱབ་ནས་མི9རྐྱེན་ལམ་དུ་ཤོར་བ་དང་མི25ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ།

2025-09-01 10:55:47   |   142

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཧྥ་རན་སེ་གསར་འགྱུར་ཁང་གིས་ཨ་རིའི་ས་གཤིས་བརྟག་དཔྱད་ཅུའི་ས་ཡོམ་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ8ཚེས31ཉིན་གྱི་དུས་ཚོད23དང་སྐར་མ47སྟེང་། ཨ་ཧྥུ་ཧན་ལ་ས་ཡོམ་རིམ་པ6.0བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ8ཡིན་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ས་གཤིས་བརྟག་དཔྱད་ཅུས་ཐེངས་འདིའི་ས་ཡོམ་ཡོམ་ལྟེ་ནི་ཨ་ཧྥུ་ཧན་ཤར་རྒྱུད་ཀྱི་ནན་ཀེ་ཧར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཅ་ལ་པ་ཏེ་ཤར་བྱང་ཕྱོགས་ཀྱི་སྤྱི་ལེ27གྱི་སར་གནས་ཡོད་ཅེས་བཤད་པ་རེད།

ལུའུ་ཐུའུ་གསར་འགྱུར་ཁང་གི་གནས་ཚུལ་གསར་ཤོས་ནང་། ནན་ཀེ་ཧར་ཞིང་ཆེན་འཕྲོད་བསྟེན་པུའི་མགྲིན་ཚབ་པས་ས་ཡོམ་གྱིས་ཞིང་ཆེན་དེའི་མི9རྐྱེན་ལམ་དུ་ཤོར་བ་དང་མི5ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།

དེའི་སྔོན་ལ་ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་སྲིད་གཞུང་གི་ཐོག་མའི་སྙན་ཞུ་གཞིར་བཟུང་ན། ས་ཡོམ་ཁྲོད་བྱིས་པ2རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི15ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།