དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅིན་ཀྲེང་ཨེན་དེ་རིང་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་འཚམས་འདྲི་བྱེད་པའི་དཔུང་ཤུགས་ཡོངས་བསྒྲགས་བྱས་པ།

2025-09-02 09:32:22   |   144

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་གཟའ་དེབ།  བཤེར་འབེབས། རིན་ཆེན་ཚེ་རིང་།


བྱང་ཁོ་རེ་ཡ་ཕྱི་དོན་ཧྲེང་གི་ཚགས་པར་ཅུས་ཚེས2ཉིན(ཟླ9ཚེས2ཉིན)བརྡ་ཁྱབ་བཏང་བར་གཞིགས་ན། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་ཆེད། ཆེད་སྤྱོད་མེ་འཁོར་ལ་བསྡད་དེ་ཀྲུང་གོར་ཕེབས། བྱང་ཁོ་རེ་ཡའི་ཕྱི་དོན་བློན་ཆེན་ཚུའེ་ཧྲན་ཅི་སོགས་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་ཅིན་ཀྲེང་ཨེན་དང་མཉམ་དུ་པེ་ཅིང་དུ་འཚམས་འདྲིར་ཡོང་ཡོད།

a4cd8aecced649319763d3a996be622c.jpg

པར་རིས་ཡོང་ཁུངས། བྱང་ཁོ་རེ་ཡ་ཀྲུང་དབྱང་གསར་འགྱུར་ཁང་།

དེའི་ཡར་སྔོན་དུ་ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས1ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡའི་གནས་ཚུལ་སྤེལ་མཁན་མི་སྣས་ཚེས1ཉིན་བྱང་ཁོ་རེ་ཡ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཉིན་དེའི་ཕྱི་དྲོར་ཆེད་སྤྱོད་མེ་འཁོར་ལ་བསྡད་ནས་ཕོང་དབྱང་ནས་ཀྲུང་གོར་བསྐྱོད་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཅིན་ཀྲེང་ཨེན་བསྡད་པའི་མེ་འཁོར་ཉིན་དེའི་དགོང་མོ་རྒྱལ་མཚམས་ལས་བརྒལ་བ་དང་ཚེས2ཉིན་པེ་ཅིང་དུ་འབྱོར་རྒྱུ་རེད་ཅེས་བཤད་པ་རེད།


མཉམ་སྤྱོད།