དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མ་ཁེ་ལུང་གིས་རྒྱལ་ཁབ26གིས“དམག་མཚམས་འཇོག་པའམ་ཡང་ན་ཞི་བདེའི་གྲོས་མཐུན་གྱི་སྒྲོམ་གཞིའི་འོག”ཡུག་རེན་ལ་དམག་དཔུང་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད་འདུག

2025-09-05 10:27:52   |   141

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།    ཤིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


005.jpeg

ཟླ9པའི་ཚེས4ཉིན། ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་ཙུང་ཐུང་ལས་ཤག་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས“དང་བླངས་མནའ་འབྲེལ”གྱི་དྲ་ཐོག་ཚོགས་འདུར་ཞུགས་མཁན་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ལ་བསུ་བ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཅིང་།

ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ9པའི་ཚེས4ཉིན་འབྱོར་བའི་གློག་འཕྲིན། ཚེས4ཉིན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་རྒྱལ་ས་ཕ་རི་སིར་འཚོགས་པའི་ཡུག་རེན་གྱི“དང་བླངས་མནའ་འབྲེལ”ལ་རྒྱབ་སྐྱོར་བྱེད་པའི་དྲ་ཐོག་ཚོགས་འདུ་མཇུག་འགྲིལ་རྗེས། ཡོ་རོབ་རྒྱལ་ཁབ་གཙོ་བོར་བྱས་པའི་རྒྱལ་ཁབ26གིས་ཚོགས་འདུའི་ཐོག་ཡུག་རེན་ལ་ས་ངོས་དང་། མཚོ་ཐོག་གམ་ཡང་ན་མཁའ་དམག་གི“འགན་ལེན་དཔུང་སྡེ”བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག 

མ་ཁེ་ལུང་གིས་འཚམས་འདྲིར་ཕེབས་པའི་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་མཉམ་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོང་གིས་བཤད་རྒྱུར། ཡུག་རེན་གྱི་བདེ་འཇགས་འགན་ལེན་གྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས་དཔུང་སྡེ་དེ་དག་གིས“འབྱུང་འགྱུར(ཨུ་རུ་སུ་དང་ཡུག་རེན)དམག་མཚམས་འཇོག་པའམ་ཡང་ན་ཞི་བདེའི་གྲོས་མཐུན་འཇོག་པའི་སྒྲོམ་གཞིའི་འོག་བཀོད་སྒྲིག་བྱ་རྒྱུ་ཡིན་པ་ལས་གཡུལ་སར་བཀོད་སྒྲིག་བྱེད་མི་སྲིད།” དམིགས་ཡུལ་ནི“ཡུག་རེན་དམག་དཔུང་གི་གཞི་ཁྱོན་དང་ནུས་པར་ཚོད་འཛིན་མི་ཕོག་པའི་འགན་ལེན་བྱ་རྒྱུ་དེ་རེད”ཅེས་བཤད། འོན་ཀྱང་། ཁོས་རྒྱལ་ཁབ་མང་པོའི་དམག་དཔུང་འདིའི་གཞི་ཁྱོན་ཁྱབ་བསྒྲགས་མ་བྱས། 

006.jpeg

ཟླ9པའི་ཚེས4ཉིན། ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་ཙུང་ཐུང་ལས་ཤག་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས“དང་བླངས་མནའ་འབྲེལ”གྱི་དྲ་ཐོག་ཚོགས་འདུར་ཞུགས་མཁན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་ལ་བསུ་བ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཅིང་།

མ་ཁེ་ལུང་གིས་བཤད་རྒྱུར། དྲ་ཐོག་ཚོགས་འདུ་འཚོག་རིང་། ཚོགས་ཞུགས་མགོ་ཁྲིད་པས་ཨ་རིའི་ཙུང་ཐུང་ཁྲོམ་ཕུའུ་ལ་ཁ་པར་བཏང་བ་ཡིན། ཨ་རིས་བྱེད་ཐབས་གང་ཞིག་གི་ཐོག་ནས་ཡུག་རེན་གྱི་བདེ་འཇགས་འགན་ལེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ“སླད་ཕྱིན་ཉིན་ཁ་ཤས་ནང་གཏན་འཁེལ་བྱ་རྒྱུ་རེད”།  ཁོང་གིས་ད་དུང་གལ་ཏེ་ཨུ་རུ་སུས་ཡུག་རེན་དང་ཞིབ་ཕྲའི་ཞི་བའི་གྲོས་མོལ་བྱ་རྒྱུ་ཁས་མ་བླངས་ཚེ་ཡོ་རོབ་ཀྱིས་ཨ་རི་དང་མཉམ་དུ་ཨུ་རུ་སུར་བཀག་སྡོམ་གསར་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  

ཙེ་ལན་སི་ཅིས་རྒྱལ་ཁབ26གིས་ཡུག་རེན་ལ་བདེ་འཇགས་འགན་ལེན་བྱ་རྒྱུའི་མོས་མཐུན་བྱས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཐུག་འཕྲད་བྱེད་པའི་དགོས་པ་ཡོད་མོད། འོན་ཀྱང་ཨུ་རུ་སུ་ཕྱོགས་ཀྱིས་བཏོན་པའི་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཐུག་འཕྲད་བྱེད་པར་ཁས་ལེན་བྱ་རྒྱུ་མིན། ཙེ་ལེན་སི་ཅི་ཡིས“ཨུ་རུ་སུ་ཕྱོགས་ཀྱིས་གདོང་ཐུག་མཇུག་འགྲིལ་བའི་འདོད་བློ་མཐོང་མ་མྱོང”ཞེས་བཤད། 

007.jpeg

ཟླ9པའི་ཚེས4ཉིན། ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་ཙུང་ཐུང་ལས་ཤག་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས“དང་བླངས་མནའ་འབྲེལ”གྱི་དྲ་ཐོག་ཚོགས་འདུར་ཞུགས་མཁན་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་ལ་བསུ་བ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཅིང།

དེ་ཉིན་གྱི“དང་བླངས་མནའ་འབྲེལ”གྱི་དྲ་ཐོག་ཚོགས་འདུ་དེ་མ་ཁེ་ལུང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོས་ཐུན་མོང་ཐོག་གཙོ་སྐྱོང་བྱས་པ་དང་གྲོས་གཞི་གཙོ་བོ་ནི་ཡུག་རེན་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཡིན་པ་དང་ཁྱོན་སྡོམ་རྒྱལ་ཁབ35ཞུགས་ཡོད་པ་རེད། ཡོ་རོབ་ཀྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སེ་དང་དབྱིན་ཇིས་དམག་འཁྲུག་མཇུག་འགྲིལ་རྗེས་ཡུག་རེན་ལ་དམག་མི་གཏོང་རྒྱུ་དང་། འཇར་མན་གྱིས་ཡུག་རེན་གྱི་བདེ་འཇགས་འགན་ལེན་གྱི་སྒྲོམ་གཞི་དེ་བས་ཁ་གསལ་བྱུང་རྗེས་ཇི་ལྟར་བྱེད་དགོས་པ་ཐག་གཅོད་བྱ་རྒྱུ་རེད། 

ཨུ་རུ་སུས་བྱང་ཆིངས་རྒྱལ་ཁབ་ཀྱིས་ཡུག་རེན་མངའ་ཁོངས་སུ་དམག་དཔུང་བཀོད་སྒྲིག་བྱེད་པར་ངོ་རྒོལ་ཐེངས་མང་བྱས་ཡོད། 


མཉམ་སྤྱོད།