དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕུའུ་ཅིང་གིས་ཀྲུང་གོ་ཕྱོགས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་གོས་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ལག་བསྟར་ཐད་ཨ་ལན་བསློག་རྒྱུ་ཡིན་ཞེས་བཤད་པ།

2025-09-05 10:52:22   |   135

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ9ཚེས5ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་ཚེས4ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུས་འདྲ་མཚུངས་ཀྱི་བྱེད་ཐབས་ཐོག་ནས་ཀྲུང་གོས་ཨུ་རུ་སུའི་སྤྱིར་བཏང་གི་ལམ་ཡིག་ཡོད་མཁན་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུར་ལན་བསློགག་ཡོད་ཅེས་བཤད།

23809228dc4bd08387e1b0eea24d8d96.jpg

དཔྱད་གཞིའི་པར་རིས། ཕུའུ་ཅིང་།

གནས་ཚུལ་སྤེལ་བར་གཞིགས་ན། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་པ་དེ་ཟླ9ཚེས3ནས་6ཉིན་བར་ཕུའུ་ལ་ཏི་ཨོ་སི་ཐོ་ཁེ་རུ་འཚོག་གིན་ཡོད་ཅིང་། དེའི་རིང་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་གཏན་འབེབས་ལ་ཕུའུ་ཅིང་གིས་ཐུགས་རྗེ་ཆེ་ཞུས།

ཕུའུ་ཅིང་གིས“ཨུ་རུ་སུས་འདྲ་མཚུངས་ཀྱི་བྱེད་ཐབས་ཐོག་ནས་མཛའ་མཐུན་གྱི་བྱེད་ཐབས་དེར་ལན་བསློགས་རྒྱུ་ནི་གདོན་མི་ཟ་ལ། ང་ཚོས་ཀྱང་དེ་དང་འདྲ་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན”ཞེས་བཤད།

ཚེས2ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་སྔར་བས་སྟབས་བདེ་བསྐྲུན་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། 2025ལོའི་ཟླ9ཚེས15ཉིན་ནས2026ལོའི་ཟླ9ཚེས14ཉིན་བར། ཨུ་རུ་སུར་སྤྱིར་བཏང་གི་ལམ་ཡིག་ཡོད་མཁན་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།


མཉམ་སྤྱོད།