མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྐྱེ་ཁམས་བདེ་འཇགས་གཏན་སྲུང་བྱས་པ།

2024-02-28 08:25:43   |   190

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་པའི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་མཚོ་མོ་དང་། མཚོ་སྔོན་པོའི་འབབ་རྒྱུད་ནི་མདོ་དབུས་མཐོ་སྒངབྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་གོའི་ནུབ་བྱང་རྒྱུད་ཀྱི་ཁོར་ཡུག་ཆེན་པོའི་སྐྱེ་ཁམས་དོ་མཉམ་ཡོང་བར་བྱེད་པའི་ཆུ་བོ་གལ་ཆེན་ཡིན་པ་མ་ཟད། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཆུ་འཁོར་རྒྱུག་དང་ཆུའི་སྐྱེ་ཁམས་གོ་རིམ་ཆ་ཚང་ཁྲོད་ཀྱི་དཔེ་མཚོན་ཁྱབ་ཁོངས་ཡིན་པས་ཁྱད་དུ་ཡོད་པའི“རྩྭ—ཆུ—མཚོ—ཉ—བྱ”མཉམ་སྡོད་སྐྱེ་ཁམས་ཕྲེང་འབྲེལ་ཆགས་ཡོད།

“མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཇུས་འགོད་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐྱེ་ཁམས་ཀྱི་གལ་ཆེན་རང་བཞིན། དོ་དམ་གྱི་ལག་བསྟར་རང་བཞིན་མཚོན་ཡོད”ཅེས་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུ་ཡི་ཅུ་ཀྲང་ཏུང་ཧྥུའུ་ཧུའེ་ཡིས་དེ་ལྟར་བརྗོད།

1.jpg

ཟླ1པོའི་ཚེས25ཉིན་པར་བླངས་པའི་མཚོ་སྔོན་པོའི་ཟུར་ཞིག

འབྲེལ་ཡོད་ཇུས་འགོད་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་ནི་དགོ་བ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ཀྱི་འཚོ་སྡོད་གནས་དང་། མཚོ་སྔོན་པོའི་གསེར་ཉའི་སྐྱེལ་འཕེལ་བགྲོད་ལམ་གལ་ཆེན་དང་འདབ་ཆགས་ཀྱི་གནས་སྤར་བགྲོད་ལམ་གལ་ཆེན་ཡིན་པས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་སུ་བཞག་ཡོད།

རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་ནི་ཡུན་རིང་གི་ལས་དོན་ཞིག་ཡིན་ལ། ལོ་མང་བའི་རིང་ས་གནས་སྲིད་གཞུང་གིས་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་བསྣན་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་རེད།

2.jpg

ཟླ1པོའི་ཚེས24ཉིན་པར་བླངས་པའི་རྩྭ་ཐང་གི་དགོ་བ།

གཞི་གྲངས་ལས་མངོན་པ་ལྟར་ན། ཉེ་བའི་ལོ15རིང་ལ་མཚོ་སྔོན་པོའི་ཆུ་བོའི་རྒྱ་ཁྱོན་དང་ཆུ་ཚད་འཕར་བ་དང་། 2020ལོར་མཚོ་སྔོན་པོའི་ཆུ་ཚད་སྨི3196.62ཟིན་ནས2004ལོ་དང་བསྡུར་ན་སྨི3.65ཡིས་འཕར་ཞིང་། ཆུ་བོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4588.81ཟིན་ནས2004ལོ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ344.31གིས་རྒྱ་ཇེ་ཆེར་ཕྱིན་ནས་དུས་རབས་སྔོན་མའི་ལོ་རབས60ཡི་ཆུ་ཚད་ལ་ཐོན།

རྒྱལ་སྤྱིའི་དུས་བྱའི་གནས་སྤོར་བགྲོད་ལམ་གལ་ཆེན་ཡིན་པའི་ངོས་ནས། མིག་སྔར་མཚོ་སྔོན་པོའི་འདབ་ཆགས་རིགས་ཀྱི་གྲངས་འབོར288ཟིན་པ་དང་། འཚོ་སྡོད་བྱས་པའི་ཆུ་བྱའི་རིགས་ཁྲི60.6ཟིན་ནས་ཀྲུང་གོའི་དུས་བྱ་རིགས་རྒྱུད་སྤེལ་བའི་གྲངས་འབོར་ཆེས་མང་ཞིང་ཁྱུ་ཚོགས་ཆེས་གཅིག་སྡུད་ཅན་གྱི་འཚོ་སྡོད་གནས་སུ་གྱུར། ལོ་རེར་མཚོ་སྔོན་པོ་ནས་རིགས་རྒྱུད་སྤེལ་བའི་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་སྐྱུར། སྤྱིར་བཏང་གི་སོ་བྱ་སོགས་ཁྱུ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་རིགས་རྒྱུད་སྤེལ་བའི་ཁྱུ་ཚོགས་ཀྱི་བཅུ་ཆའི་གསུམ་ཟིན་ཡོད།

3.jpg

2023ལོའི་ཟླ11པའི་ཚེས23ཉིན་པར་བླངས་པའི་མཚོ་སྔོན་པོའི་ཆུ་བྱ།

སྔོན་ཆད་མཚོ་སྔོན་པོའི་གསེར་ཉ་ཚོད་བཀག་མེད་པར་འཛིན་བཟུང་བྱས་པས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་མྱུར་གྱིས་མར་བབས་པ་དང་། རྒྱུན་མཐུད་སྲུང་སྐྱོང་བརྒྱུད་དེ2002ལོ་ནས2020ལོའི་བར་དུ་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལྡབ38ཀྱིས་མང་དུ་ཕྱིན། མིག་སྔར་མཚོ་སྔོན་པོའི་གསེར་ཉ་གསོག་ཚད་ཏུན་ཁྲི12ལ་སླར་གསོ་བྱས་པ་དང་། ལོ་རེའི་ཟླ5བ་ནས་ཟླ7པའི་བར་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འོམ་ཆུའི་ནང་དུ་མཚོ་སྔོན་པོའི་གསེར་ཉ་ཁྲི་ཁྲི་འབུམ་འབུམ་གྱིས་རིགས་རྒྱུད་སྤེལ་བས། “ཆུ་བོ་ཕྱེད་ཀ་དང་ཉ་ཕྱེད་ཀའི”གསེར་ཉ་སྤོ་བགྲོད་ཀྱི་ངོ་མཚར་རྣམ་པ་མངོན།

“མཚོ་སྔོན་པོ་ཡིས་ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མཉམ་འདྲེས་བྱེད་པའི་ཐབས་ལམ་གསར་བ་བཏོད་དེ། གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་སྐྲུན་དང་བཅོས་སྐྱོང་ནུས་བ་མཐོ་རུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གསུམ་གྱི་དམིགས་ཚད་གཅིག་གྱུར་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་རྒྱུ་ཡིན”ཞེས་ཏུང་ཧྲུའུ་ཧུའེ་ཡིས་དེ་ལྟར་བརྗོད། 


མཉམ་སྤྱོད།