དེ་རིང་ནི2024ལོའི་ཟླ11པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-18 07:28:25   |   409

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • 《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》དེབ་དང་པོ་དང་གཉིས་པའི་ཚུགས་རྙིང་པར་གཞི་དང་། 《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་བཤད་གནད་བསྡུས》ཀྱི་ཚུགས་རྙིང་པར་གཞི་ཉེ་ཆར་མཉམ་འབྲེལ་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད། 

  • གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་དང་པོ་ནས་དྲུག་པར་རང་རྒྱལ་གྱི་སྒྲིག་ཆས་གསར་བརྗེས་སྒྱུར་བཀོད་ཀྱི་འབྲེལ་ཡོད་མ་འཇོག་དུས་མཚུངས་ལས17.3%འཕར་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བརྒྱ་ཆའི་གྲངས2.1འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད། 

  • དབྱར་དུས་སྐྱེལ་འདྲེན་བྱེད་མགོ་ཚུགས་པ་ནས་བཟུང་། ཟླ7ཚེས1ནས་ཚེས15ཉིན་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར2.11སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་6.5%འཕར་ཡོད་པ་རེད། 

  • མིག་སྔར་རྒྱལ་ཡོངས་ཀྱི་སྔ་འབྲས་བརྔ་བསྡུ་བྱེད་ཚད་ཕྱེད་ཀ་ལས་བརྒལ་ཡོད་པ་དང་། ལྷོ་ཕྱོགས་ཆུ་འབྲས་ས་ཁུལ་དུ་སྔ་འབྲས་གཅིག་སྡུད་ཐོག་བསྡུ་ལེན་དང་ཕྱི་འབྲས་སོག་ཤུལ་གནོན་ནས་འདེབས་འཛུགས་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་རེད། 

  • ཚེས17ཉིན། ནོར་སྲིད་པུས་བརྡ་ཐོ་བཏང་ནས་ཚེས24ཉིན་ནས་དུས་ཡུན་ལོ30ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར550དམིགས་འགུག་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད། 

  • སྡོད་ཁང་འཛུགས་སྐྲུན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་སུ་མིག་སྔར་གྲོང་ཁྱེར་གསར་སྒྱུར་གྱི་རྣམ་གྲངས་ཁྲི6.6ལྷག་ཙམ་ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར་ཁྲི2.6བཏང་ཡོད་པ་རེད། 

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའི་གྲངས་གཞིར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི1463.5ཟིན་པ་དང་། དེ་དུས་མཚུངས་ལས152.7%འཕར་ཡོད། 

1.png

  • ཚེས17ཉིན། ཀྲུང་གོའི་ལུས་རྩལ་རུ་ཁག་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལམ་དུ་དངོས་སུ་བསྐྱོད་པ་དང་། ཀྲང་པོ་ཧེང་དང་ཆིའུ་ཆི་ཡོན་གཉིས་ཀྱིས་སྐྱེས་པའི་རུ་ཁག་དང་བུད་མེད་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་བ་རེད། 

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་གི་གནམ་གཤིས་ཉེན་ཁའི་ཉེན་བརྡ་བཏང་བ་སྟེ། སྔོན་དཔག་བྱས་ན་དེ་རིང་ཨན་ཧུའེ་དང་། ཧོ་ནན། སི་ཁྲོན་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་ཐོན་པའི་གནམ་གཤིས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། 

  • ཚེས17ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུ་ཡིས་ཧྲའན་ཞི་ཞིང་ཆེན་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས། 

  • ཚེས17ཉིན། ཀྲུང་གོ་རྒྱ་གྲམ་དམར་པའི་ཚོགས་པའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་བཙུགས་ནས་ཧོ་ནན་ཞིང་ཆེན་རྒྱ་གྲམ་དམར་པའི་ཚོགས་པར་མུག་སྐྱོབ་ཁྱིམ་ཚང་གི་ཁུག་མ་སོགས་གེགས་སེལ་དངོས་ཟོག4900ལྷག་ཙམ་མགྱོགས་མྱུར་ངང་སྤྲད་དེ་ས་གནས་དེ་གའི་གེགས་སེལ་རོགས་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། 

  • པེ་ཅིང་འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་ས་ཁོངས་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི2.54ཟིན་པ་དེ་དུས་མཚུངས་ལས4.6%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད།

3.jpg

  • ཚེས16ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཆུ་སྐམ་ཉིས་འཚོའི་གནམ་གྲུ་ཆེ་གྲསAG600དྲོད་ཚད་མཐོ་བ་དང་བརླན་གཤེར་ཆེ་བའི་འཕུར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད། 

4.png

  • ཚེས17ཉིན། བྱང་གནམ་མཚོ་ཕྱུག་མོའི་གསོར་འབིགས་རྩད་ཞིབ་གཏིང་ཟབ་ཚད་སྨི510.2ཟིན་ནས་རང་རྒྱལ་གྱི་མཚེའུ་གསོར་འབིགས་རྩད་ཞིབ་གཏིང་ཟབ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་རེད། 

640.gif

  • ཧྲང་ཧའེ་ཡི་བུད་མེད་ཅིག་ལམ་བར་དུ་གློ་བུར་དུ་མགོ་ཡོམ་འཁོར་ནས་ས་ལ་འགྱེལ་བ་དང་། ལམ་བར་དུ་འགྲོ་བའི་སྨན་གཡོག་ཀུང་དབྱི་ལིང་འཕྲལ་དུ་མདུན་དུ་བརྒྱུགས་ནས་བྲང་ཁ་མནན་ནས་མྱུར་སྐྱོབ་བྱས། སྐར་མ་བདུན་བརྒྱད་ཀྱི་རྗེས་སུ། བུད་མེད་ཀྱི་འདུ་ཤེས་རིམ་གྱིས་སླར་གསོ་བྱས། 

སྲིད་ཇུས།

  • པེ་ཅིང་གིས་དེ་རིང་ནས་ཟླ8ཚེས31ཉིན་བར། པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་སྤྱི་གླིང་དང་ཀྲུང་གོའི་སྐྱེད་ཚལ་རྟེན་མཛོད་ཁང་གིས་གཟའ་ཟླ་བའི་རིག་དངོས་གནའ་བོའི་འཛུགས་སྐྲུན་སྒོ་ར་དང་། ལྡུམ་རའི་ནང་གི་ལྡུམ་ར། རྟེན་མཛོད་ཁང་བཅས་སྒོ་རྒྱག་པའི་གཏན་འབེབས་མེད་པར་བཟོས་པ་རེད། 

  • ཀྲེ་ཅང་གིས་ཇུས་གཞིར་པར་འགྲེམས་བྱས་པ་སྟེ། སྨན་བཅོས་སྒྲིག་གཞིས་སྒོ་བསྟེན་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུའི་སྟེང་སྤོ་སྒྱུར་སྨན་བཅོས་ཞབས་ཞུའི་ནུས་པ་མང་དུ་བཏང་ནས་ནད་པར་གོང་རིམ་སྨན་ཁང་གི་སྤོ་སྒྱུར་སྨན་བཅོས་དང་རྒྱུན་མཐུད་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན། 

  • ཧྥུ་ཅན་གྱིས་གསར་དུ་གཏན་འཁེལ་བྱས་པའི་རྒྱལ་ཁབ་རིམ་པའི་ཆེད་ལས་ཅན་དང་། སྤུས་ལེགས་ཅན། དམིགས་བསལ་ཅན། གསར་ཤོས་ཅན་བཅས་ཡིན་པའི་ཁེ་ལས་ལ་བྱ་དགའི་ཁ་གསབ་སྒོར་ཁྲི50ནས་སྒོར་ཁྲི100བར་མང་དུ་བཏང་བའི་བྱ་ཐབས་པར་འགྲེམས་བྱས།

དེ་རིང་གི་གནམ་གཤིས། 

6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཧོང་ཧོའེ་ཡི་ནུབ་རྒྱུད། ཅང་ཧོའེ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆར་བ་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཧོ་ནན་གྱི་དབུས་ལྷོ་དང་། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།