དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-23 07:36:51   |   411

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར115913ཟིན་ཡོད།

  • ཉེ་ཆར། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གསང་བ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ཟླ9ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

  • ཚེས22ཉིན། དུས་ཐེངས་གསར་པའི་དངུལ་བུན་ཁྲོམ་རའི་གོང་ཚད་ཞུ་བའི་སྐྱེད་ཀ(LPR)ཁྱབ་བསྒྲགས་བྱས་ཤིང་། དུས་ཡུན་ལོ་གཅིག་དང་དུས་ཡུན་ལོ5ཡན་གྱིLPRགཉིས་ཀ་གཞི་གནས10མར་ཆག་ཡོད་པ་རེད།

  • ཚེས22ཉིན། རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལྗིད་ཚད་བརྒལ་བ་དང་ཚོན་པོ་ཡིན་པའི་སྤྱི་པའི་འཕྲོད་བསྟེན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལག་རྩལ་གྱི་མཛུབ་ཁྲིད་སྒྲིག་སྲོལ》ཁྱབ་བསྒྲགས་བྱས། 

  • སློབ་གསོ་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་སྡོམ་འབོར་སྒོར་དུང་ཕྱུར64595བཏང་བ་དེ་ལོ་གོང་མ་ལས5.3%འཕར་ཡོད། 

1.jpg

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་མགོ་བརྩམས་ལ་ཉེ་བ་དང་། མིག་སྔར་ཀྲུང་གོའི་ཕིང་ཕང་སྤོ་ལོ་དང་། ཆུ་མཆོང་། ལུས་སྦྱོང་། མདའ་འཕེན་རུ་ཁག་སོགས་འགྲན་བསྡུར་མདུན་གྲལ་དུ་ཡོད་པའི་རུ་ཁག་དག་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གྲོང་ཚོར་བདེ་བླག་ངང་བསྡད་ཡོད། 

  • ཕྱི་འབྲེལ་པུས《ཀྲུང་གོའི་ཕན་ཚུན་ཐོག་མར་ཉིང་རྡུལ་མཚོན་ཆ་མི་སྤྱོད་པའི་གྲོས་གཞིའི་སྐོར་གྱི་ལས་ཀའི་ཡིག་ཆ》ཁྱབ་བསྒྲགས་བྱས། 

  • ཚེས21ཉིན། ཨ་རིའི་ད་ལྟའི་ཙུང་ཐུང་པའེ་ཏེང་གིས2024ལོའི་ཙུང་ཐུང་འདེམས་བསྐོ་ཆེ་མོ་ནས་ཕྱིར་འཐེན་བྱེད་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཙུང་ཐུང་གཞོན་པ་ཧ་ལི་སི་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིར་མིང་འདོན་ཐོབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

 སྤྱི་ཚོགས།

2.jpg

  • འབྱུང་འགྱུར་ཉིན་གསུམ་གྱི་རིང་ལ་འབྲི་ཆུའི་ལྷོ་རྒྱུད་དང་། ཅང་ཧོའེ། ཧྭ་ལྷོའི་དབུས་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཞིན་ཅང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་སོགས་ས་ཁུལ་དུ་སྔར་བཞིན་རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་འབྱུང་སྟེ། དྲོད་ཚད་མཐོ་ཤོས35-39℃སླེབས་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ40℃ཡན་ལ་སླེབས་སྲིད་པ་རེད། 

  • ཆུ་བེད་པུའི་འབྲི་ཆུ་ཨུ་ལྷན་གྱིས་བཀོད་གཏོང་བཀའ་རྒྱ་བཏང་སྟེ། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱི་བཞུར་ཚད་རིམ་བཞིན་ཉུང་དུ་བཏང་ནས་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད། ཧན་ཅང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཕྱིར་འཐེན་བྱེད་ཚད་མགྱོགས་སུ་འགྲོ་དགོས་པ་བསྟན། 

  • ཚེས22ཉིན་གྱི་ཆུ་ཚོད12དང་སྐར་མ18བར2024ལོའི་དབྱར་ཁའི་གུང་གསེང་རིང་གི་གློག་བརྙན་སྤ་སེ་བཙོང་ཚད་སྡོམ་འབོར(སྔོན་འཚོང་ཚུད་ཡོད)དུང་ཕྱུར60ལས་བརྒལ་ཡོད། 

3.jpg

  • རྒྱལ་སྤྱིའི་བུད་མེད་དྲ་གྲུག་མཐུན་ཚོགས(WTA)250པ་ལེ་མོ(巴勒莫)ས་ཚིགས་ཀྱི་རྐྱང་རྩེད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ཀྲེང་ཆིན་ཝུན་གྱིས་ཨང་དང་པོ་བླངས་པས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་དྲ་གྲུག་བུད་མེད་རྐྱང་རྩེད་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། 

4.jpg

  • ནན་ཅིང་དམར་གསོད་ཆེན་པོའི་ནང་སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་ཀྲོའུ་ཀྲི་ལིན་ཚེས20ཉིན་ཚེ་ལས་འདས་བ་དང་དགུང་ལོ99ཡིན། མིག་སྔའི་བར་ཀྲུང་གོར་བཙན་འཛུལ་བྱས་པའི་འཇར་པན་དམག་གི་གནོད་འཚེ་ཕོག་མཁན་རོགས་སྐྱོར་མཐུན་ཚོགས་ཀྱིས་ཐོ་འགོད་བྱས་པའི་སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་མི32ལས་མེད་པ་རེད། 

5.png

  • རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་སྟེ་ཧྲུའུ་ཧྭ་ཧྲུའེ་པོའེ་ཀྲི(疏花水柏枝)ཡི་ལྡོག་འགོག་རང་བཞིན་གྱི་སྐྱེ་འཚར་སྐྱེ་ཁམས་ཚོད་ལྟ་ཉེ་ཆར་གྲུབ་འབྲས་ཐོབ་པ་རེད། 

6.png

  • ཅང་སུའུ་ཧོའེ་ཨན་གྱི་རྒན་པ་ཞིག་གཅིག་པུས་རྐུབ་སྟེགས་འཁོར་ལོ་ཅན་ལ་བསྡད་ནས་སྨན་ཁང་དུ་འགྲོ་དུས་དྲག་ཆར་དང་འཕྲད་བ་དང་། རླངས་འཁོར་བསྐོར་ནས་འགྲོ་བའི་ཏུང་ཧའེ་ལིན་གྱིས་གནས་ཚུལ་མཐོང་འཕྲལ་དུ་རླངས་འཁོར་ལས་བབས་ཏེ་ཆར་གདུགས་ཁྱེར་ནས་རྒན་པོར་བཀབ་བ་དང་། རང་ཉིད་ཆར་བ་སྦངས་བར་མ་མཛེམ་པར་རྒན་པ་སྨན་ཁང་དུ་དེད་པ་རེད། 

སྲིད་ཇུས།

  • ཨན་ཧུའེ་ཡིས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱིས་སྔ་སྣུར་དུ་འཆར་འགོད་བྱ་རྒྱུར་སྐུལ་མ་བཏང་སྟེ། ལྟེ་བའི་ལག་རྩལ་མི་སྣ་དང་། འགག་རྩའི་ཞིབ་འཇུག་གསར་སྤེལ་མི་སྣ། ཚན་རྩལ་ཞིབ་འཇུག་གསར་སྤེལ་སྡེ་ཚན་གྱི་དོ་དམ་མི་སྣ་བཅས་རྐང་དབང་སྐུལ་ལྕག་བྱ་ཡུལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།

  • ཧྲའན་ཞི་ཡིས་བརྡ་ཐོ་བཏང་ནས་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་ཇུས་གཞི་ལེགས་སུ་གཏོང་བ་དང་། སྨན་བཅོས་ཀྱི་སྟོང་ཆ་ཁ་གསབ་པ་བྱས་པ་སོགས་ཀྱི་གསར་གཏོད་རྣམ་གྲངས་གལ་ཆེན་དག། སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་སྙན་ཞུའི་ལྗང་མདོག་བགྲོད་ལམ་བརྒྱུད་ནས་དུས་དང་རྣམ་པ་ཀུན་ཏུ་སྙན་ཞུ་འབུལ་ཆོག་པ་གསལ་པོར་གཏན་ལ་ཕབ། 

  • ཧེ་ལུང་ཅང་གིས་བུ་བཅོལ་ཁང་གིས་ལོ2ནས3བར་གྱི་བྱིས་པ་བསྡུ་རྒྱུར་སྐུལ་མ་གཏོང་རྒྱུར་ཁ་གསལ་བཏོན། 

དེ་རིང་གི་གནམ་གཤིས། 

7.jpg

  • བྱང་ཤར་ས་ཁུལ་གྱི་དབུས་ཤར་དང་ནུབ་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད།ནུ བ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ཧོང་ཧོའེ་གཙང་བོའི་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་རྒྱུད། ཀོང་ཞིའི་ལྷོ་ནུབ་དང་ཤར་ལྷོའི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆར་བ་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཀན་སུའུ་ཡི་དབུས་ཤར་དང་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲན་ཏུང་ཕྱེད་གླིང་། ཀོང་ཞིའི་ལྷོ་ནུབ་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།