དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་བཟོས་རིག་ནུསAIཡིསXའཕྲོ་ཐིག་རྭ་ཤེལ་ལ་བརྟེན་ནས་གློ་བའི་ནུས་པར་བརྡར་ཤ་གཅོད་ཐུབ།

2024-07-23 09:03:14   |   549

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ནད་ཐོག་སྨན་པས་བྲང་ཁརXའཕྲོ་ཐིག་རྭ་ཤེལ་བླངས་པ་ལ་བརྟེན་ནས་འདུས་འདྲིལ་གཅོང་ནད་དང་སྐྲན་ནད་སོགས་ཡོད་མེད་བརྡར་ཤ་གཅོད་ཐུབ་ཀྱང་།  གློ་བའི་ནུས་པ་རྒྱུན་ལྡན་ཡིན་མིན་བརྡར་ཤ་གཅོད་མི་ཐུབ།  ཉེ་ལམ་ཞིབ་འཇུག་གསར་ཤོས་ཤིག་གི་ཁྲོད།  འཇར་པན་གྱི་ཚན་རིག་པས་ཞིབ་ཚད་མཐོ་བའི་མིས་བཟོས་རིག་ནུས(AI)དཔེ་དབྱིབས་ཤིག་གསར་གཏོད་བྱས་ཤིང་།  དེས་ནད་པའི་བྲང་ཁའིXའཕྲོ་ཐིག་རྭ་ཤེལ་ལ་གཞིགས་ཏེ་ནད་པའི་གློ་བའི་ནུས་པ་བཟང་མིན་ལ་བརྡར་ཤ་གཅོད་ཐུབ།  འབྲེལ་ཡོད་ཞིབ་འཇུག་དཔྱད་རྩོམ་ཉེ་ལམ་གསར་དུ་པར་སྐྲུན་བྱས་པའི《ལྕང་ལོའི་གྲི—ཨང་ཀིའི་བདེ་ཐང》དུས་དེབ་ཏུ་བཀོད་ཡོད། 

སྤྱིར་བཏང་དུ།  སྨན་པས་ནད་པའི་དབུགས་ཐག་ཚད་འཇལ་བ་ལ་བརྟེན་ནས་གློ་བའི་ནུས་པར་ཚད་འཇལ་བཞིན་ཡོད་ནའང་།  དེ་ལ་ནད་པས་གཞོགས་འདེགས་ལེགས་པོ་མ་བྱས་ན་ཚད་འཇལ་མི་ཐུབ་པས། བྱིས་པ་དང་གླེན་ནད་ཅན་སོགས་ཀྱིས་སྨན་པའི་མཛུབ་སྟོན་ལྟར་ཚད་འཇལ་ཡག་པོ་བྱེད་དཀའ་བ་དང་། ལུས་པོའི་རྒྱུ་རྐྱེན་གཞན་གྱི་དབང་གིས་ཚད་འཇལ་བྱ་རྒྱུ་སྟབས་བདེ་མིན་པའི་ནད་པར་འཕྲད་ན།  ཚད་འཇལ་ཡང་དག་ཡོང་རྒྱུ་དེ་བས་ཁག་པོ་ཡོད། 

ཞིབ་འཇུག་འདིའི་ཁྲོད་དུ།  འཇར་པན་ཏ་པན་སློབ་ཆེན་གྱི་ཞིབ་འཇུག་རུ་ཁག་གིས་ཉེ་བའི་ལོ20ཡི་རིང་གི་བྲང་ཁའིXའཕྲོ་ཐིག་རྭ་ཤེལ་ཁྲི14སྤྱད་དེ།  AIདཔེ་དབྱིབས་ལ་སྦྱོང་བརྡར་སྤྲད་པར་མ་ཟད། དངོས་བཤེར་དང་ཚད་འཇལ་བྱེད་དུ་བཅུག  ཁོ་ཚོས་དོན་དངོས་ཀྱི་དབུགས་ཐག་ཚད་འཇལ་གཞི་གྲངས་དངAIདཔེ་དབྱིབས་ཀྱིས་ཚོད་དཔག་བྱས་པའི་མཇུག་འབྲས་གཉིས་བསྡུར་ཏེAIདཔེ་དབྱིབས་ཀྱི་གཤིས་ནུས་ལ་སྙོམ་སྒྲིག་ཞིབ་ཕྲ་བྱས་ཤིང་། མཐར་དེ་གཉིས་ཀྱི་མཇུག་འབྲས་ཧ་ཅང་གཅིག་མཚུངས་ཡོད་པ་རེད།  དེསAIདཔེ་དབྱིབས་འདི་ལ་བཀོལ་སྤྱོད་ཀྱི་མདུན་ལྗོངས་རྒྱ་ཆེན་ལྡན་པ་བསྟན་ཡོད། 

རུ་ཁག་དེས་བཤད་རྒྱུར།  ཉེ་ལམ་གསར་གཏོད་བྱས་པའིAIདཔེ་དབྱིབས་གསར་ཤོས་དེས་དབུགས་ཐག་ཚད་འཇལ་བྱེད་མི་ཐུབ་པའི་ནད་པ་དག་ལ་གློ་བའི་ནུས་པ་ཚད་འཇལ་བྱེད་པའི་བྱེད་ཐབས་ནུས་ལྡན་འདོན་སྤྲོད་བྱས་ཡོད་ལ།  དེས་ནད་པའི་འགན་ཁུར་ཇེ་ཡང་དུ་བཏང་བར་མ་ཟད།  སྨན་བཅོས་འགྲོ་སོང་ཡང་ཇེ་ཉུང་དུ་གཏོང་ཐུབ་པ་རེད། 


མཉམ་སྤྱོད།