དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིག་རྩ་དམར་པོ་ཆགས་ན་ཁྲག་ཤེད་ལ་བརྟག་དཔྱད་བྱ་འོས།

2024-07-30 09:31:39   |   880

རྩོམ་སྒྲིག  དོན་འགྲུབ་མཚོ།    ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


མི་མང་པོས་རང་གི་མིག་རྩ་དམར་པོ་ཆགས་པ་མཐོང་སྐབས་ཐོག་མར་ཡིད་ལ་དྲན་པ་ནི་གཉིད་ཀྱིས་མ་འདང་བ་དེ་ཡིན།  ཡིན་ནའང་།  སྐབས་ལ་ལར་མིག་རྩ་དམར་པོ་ཆགས་པའི་རྒྱུ་རྐྱེན་ནི་གཉིད་ཀྱིས་མ་འདང་བ་ཁོ་ན་ཙམ་མིན་པར།  དེ་ཁྲག་ཤེད་མཐོ་བའི་ནད་རྟགས་ཤིག་ཡིན་ཡང་སྲིད། 

ང་ཚོའི་མིག་གི་དཀར་པོའི་ཆ་ནི་ནམ་རྒྱུན་དཀར་པོ་ལྟར་སྣང་ཡང་།  དོན་དངོས་སྟེང་དུ་ཁྲག་རྩ་ཕྲ་མོ་མང་པོ་ཡོད།  ཡིན་ནའང་དེ་དག་ཚང་མ་ཤིན་ཏུ་ཕྲ་བའི་ཁྲག་རྩ་ཡིན་པས་ང་ཚོས་དུས་རྒྱུན་མཐོང་མི་ཐུབ། གལ་ཏེ་ངལ་གསོ་ཡིས་མ་འདང་ཚེ་ཁྲག་རྩ་ཕྲ་མོ་དེ་དག་གི་ནང་ཁྲག་གིས་ཁེངས་ཏེ་ཅུང་མངོན་གསལ་དུ་འགྱུར་ལ།  མིག་ཚད་ལས་བརྒལ་བར་ཐང་ཆད་པའམ་རེད་པའི་སྐབས་སུ་ཁྲག་རྩ་བརྡོལ་ཏེ་ཁྲག་བཞུར་ཡང་སྲིད།  

གཉིད་ཀྱིས་མ་འདང་བ་ལ་རྐྱེན་བྱས་ཏེ་མིག་རྩ་དམར་པོར་འགྱུར་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས།  ངལ་གསོ་ཅུང་ཙམ་བྱས་ཚེ་སླར་གསོ་བྱེད་ཐུབ།  གལ་ཏེ་མིག་ནང་ཁྲག་ཤས་ཁེངས་ཏེ་དུས་ཡུན་རིང་བོར་མི་ཡལ་བ་དང་སྐྲངས་པ།  མིག་ཅུང་ཟད་ན་བ་སོགས་བྱེད་ན།  ཁྲག་ཤེད་མཐོ་བར་དོགས་ཟོན་བྱ་དགོས་ཏེ།  དེ་ནི་ཁྲག་ཤེད་མཐོ་བའི་བརྡ་རྟགས་ཤིག་ཡིན་ཡང་སྲིད། 

དེའི་རྒྱུ་མཚན་ནི་ཁྲག་ཤེད་མཐོ་བས་ཁྲག་རྩ་རྒྱ་བསྐྱེད་པའམ་བརྡོལ་ཡང་སྲིད་ལ། དེ་ལྟར་བྱས་ཚེ་མིག་གི་དཀར་པོའི་ཆ་ལ་ཁྲག་ཤ་དམར་པོ་ཆགས་སྲིད།  གཞན་ཁྲག་ཤེད་མཐོ་བ་ཡིས་མིག་གི་ཞོར་ནད་གཞན་པའང་བསྐྱེད་སྲིད་དེ། དཔེར་ན་གཤམ་གྱི་འདི་དག་གོ 

01 མཐོང་ནུས་ཇེ་ཞན་དུ་འགྲོ་བ། 

ནད་རྟགས་ལ་མིག་སྐམ་པ་དང་ཚ་བ།  ན་བ།  མིག་ནང་དུ་སྤུའམ་ཅི་རིགས་འཛུལ་བ་ལྟ་བུའི་ཚོར་བ་འབྱུང་བ།  མགོ་ན་བ་སོགས་བྱེད། 

02 མིག་འབྲས་ངོས་ནས་ཁྲག་རྡོལ་བ། 

ནད་རྟགས་ལ་མིག་འབྲས་མཐོང་སྐྱིའི་འོག་ནས་ཁྲག་བརྡོལ་ཏེ་མིག་དམར་པོ་ཆགས་ངེས།  ཁྲག་རྡོལ་བ་ཙམ་གྱིས་མཇུག་འབྲས་ཚབས་ཆེན་མི་བསྐྱེད་ཀྱང་། དུས་རྒྱུན་ཁྲག་བརྡོལ་ན་སྨན་པར་སྟོན་འོས། 

03 མིག་ཞབས་ནས་ཁྲག་རྡོལ་བ།

ནད་རྟགས་ལ་མཐོང་ནུས་ཇེ་ཞན་དུ་འགྲོ་བ་དང་མིག་མདུན་དུ་གྲིབ་མ་ནག་པོ་ཞིག་ཡར་འགུལ་མར་འགུལ་བྱེད་པ་ལྟ་བུའི་ཚོར་བ་འབྱུང་ལ།  ཚབས་ཆེ་ན་མིག་གིས་འོད་ཙམ་ལས་མཐོང་མི་ཐུབ་པ་ཆགས་སྲིད། 

04 དོས་དྲག་རང་བཞིན་གྱི་ཟུམ་གཏན་སྔོ་གྲིབ་མིག་ནད་འབྱུང་བ།  

ནད་རྟགས་སུ་མིག་ལ་ན་ཟུག་ཆེན་པོ་ལངས་པ་དང་ཞེན་ཁ་ལོག་པ།  སྐྱུག་པ།  ཚ་རྒྱས་པ།  གྲང་བར་སྐྲག་པ་སོགས་ཡོད་ལ།  རྟག་པར་ཕོ་རྒྱུའི་ནད་དང་ཆམ་པར་ནོར་ཉེན་ཆེ། 

05 མིག་འབྲས་འོག་ཏུ་ཁྲག་ཆད་པ། 

ཁྲག་ཤེད་མཐོ་བའི་ནད་པའི་ཁྲག་རྩའི་ནང་ངོས་རྩུབ་ལ་དོག་པས།  ཁྲག་དཀག་སླ་བ་ཡིན།  གལ་ཏེ་ཁྲག་དཀག་ནས་འཕར་རྩ་འགག་ཚེ།  གློ་བུར་དུ་མིག་གིས་མི་མཐོང་བ་ཆགས་པའི་ཉེན་ཁ་ཡོད། 


མཉམ་སྤྱོད།