དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

2023-01-10 19:06:19   |   143

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


ཁུལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་མི་སྣ། 

ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པའི་དུས་འདིར། ང་ཚོས“ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན”ཐེངས་གསུམ་པ་བསུས་ཤིང་། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ། སྡེ་བའི་ཉེན་རྟོག་པ། སྤྱི་བདེའི་བྱ་བ་དང་ཁ་བྲལ་ནས་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དག་ལ་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་བ་དང་། ཆབས་ཅིག་ལོ་མང་རིང་སྤྱི་བདེའི་བྱ་བར་རྒྱབ་སྐྱོར་བྱེད་མཁན་གྱི་ནང་མི་ཚོར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ།   

འགག་རྩའི་དུས་སུ་འགན་འཁྲི་འཁུར་ནུས་མངོན་གསལ་དུ་བཏང་སྟེ་ཉེན་ཁའི་གནས་སུ་རྩ་བ་བརྟན་པོར་ཚུགས། འདས་མ་ཐག་པའི2022ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་སྟེ། ཛ་དྲག་ཆེ་བའི་ཕྱི་རོལ་གྱི་འཕེལ་རྒྱས་ཁོར་ཡུག་དང་སྔོན་དཔག་ལས་བརྒལ་བའི་གནོན་ཤུགས་དང་འགྲན་སློང་མང་བོ་ཞིག་གི་མདུན་དུ་ཁུལ་ཡོངས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པས་དཀའ་ངལ་ལ་མི་འཛེམ་པར། རང་གི་སྒེར་དོན་སྐྱུར་ནས་སྤྱི་དོན་ལ་ཞབས་འདེགས་ཞུས་ཤིང་། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་བརླིང་སྲུང་སྐྱོང་། རིམས་ནད་འགོག་སྡོམ། ནག་སེལ་ངན་འཇོམས། སྐྱེ་ཁམས་སྲུང་སྐྱོབ།  གཞོགས་འདེགས་འཕེལ་རྒྱས་སོགས་ཀྱི་བྱ་བ་སོ་སོའི་ཁྲོད་བཀའ་རྒྱ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་མདུན་སྐྱོད་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་སྲུང་སྐྱོང་དང་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བྱ་ཆེད། སྲ་ཞིང་བརྟན་པའི་ལྕགས་རི་སྐྲུན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་ཉེན་རྟོག་པས་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི”བརྗིད་ཆེའི་དམ་བཅའ་ལག་བསྟར་བྱས་ཡོད་ལ། ལག་ལེན་དངོས་ཀྱི་ཐོག་ནས་མཚོ་བྱང་ཁུལ་སྤྱི་བདེའི་དཔུང་ཁག་ནི་བློ་དཀར་སེམས་དཀར་ངང་འགན་འཁུར་བ་དང་འགག་སྒྲོལ་དཀའ་སེལ་གྱི་དཔུང་ཁག་ཅིག འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་དཔུང་ཁག་ཅིག  ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་དཔུང་ཁག་ཅིག་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།       

ངར་ཤུགས་ཆེན་པོ་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་ནས་མདུན་དུ་བསྐྱོད།  2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་ལ། “ལྔ་བཅུ་བཞིའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་ཞིག་དང་། མཚོ་བྱང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཀྱང་ཡིན་ཞིང་སྤྱི་བདེའི་བྱ་བ་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཁུལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་བདེའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱ་དགོས་ཤིང་། “ཏང་ལ་བློ་སེམས་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་དམ་ནན”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་དགོས་ཤིང་། “243”འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྱོང་དང“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་དམིགས་ཚད་ལ་གཡོ་འགུལ་མི་གཏོང་བར་མུ་མཐུད་དུ་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་བསམ་པའི་འཁྱེར་སོ་བཟང་བོ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་བྱང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ནས“ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་ལེན། བརྟན་བརླིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད”བཅས་ཀྱི་བྱ་བ་སོ་སོ་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ་དུས་བདེའི་རྨང་རྡོ་ཟམ་མི་ཆད་པར་བརྟན་དུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི“བཙན་ས”གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་ཕྱོགས་ཡོངས་ནས“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”བསྐྲུན་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྤྱི་བདེའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས།

མཐར་ཁུལ་ཡོངས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ། སྡེ་བའི་ཉེན་རྟོག་པ། སྤྱི་བདེའི་བྱ་བ་དང་ཁ་བྲལ་ནས་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དག་དང་དེ་བཞིན་དེའི་ནང་མི་ཡོངས་ལ་ལོ་གསར་བའི་ནང་གཟུགས་གཞི་བདེ་ཐང་དང་བྱ་བ་ལམ་འགྲོ། ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

ཤ་བོ་སྐྱབས།

2023ལོའི་ཟླ1པོའི་ཚེས10ཉིན།


མཉམ་སྤྱོད།