དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྤྱི་བདེ་ཅུ་ཡིས་དར་ཆ་སྒྲེང་བའི་མཛད་སྒོ་སྤེལ།

2023-01-11 08:27:07   |   214

སྒྲིག་སྒྱུར།  སངས་དོན།


ཟླ1ཚེས10ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་གསུམ་པ་ཐོན་ཉེ་བའི་སྐབས་སུ། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ཏེ།  རུ་དཔུང་རྔམ་གྱིས་བསྒྲིགས་ཤིང་གཟབ་མཆོར་ལེགས་པར་སྤྲས་ནས་དར་ཆ་སྒྲེང་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་།  ལྷུབ་ལྷུབ་དུ་བསྐྱོད་པའི་རྒྱལ་དར་དང་ཉེན་རྟོག་དར་ཆའི་འོག  བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་པ་རེད།  ཉེན་རྟོག་དར་ཆ་དེ《ཀྲུང་གོ་མི་དམངས་ཉེན་རྟོག་པའི་གླུ་གཞས》ཁྲོད་དལ་བུར་བསྒྲེངས་པ་དང་། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་གཟབ་ནན་ངང་ཉེན་རྟོག་པའི་གླུ་དབྱངས་བླངས་ནས་ཉེན་རྟོག་དར་ཆ་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་།  ཡང་བསྐྱར་མནའ་ཚིག་ལ་དྲན་གསོ་བྱས།

       

      འདས་མ་ཐག་པའི2022ལོར། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་དར་ཆ་དེ་ཁ་ཕྱོགས་སུ་འཛིན་པ་དང་། བཀའ་སློབ་བཀའ་རྒྱ་རུ་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་བདེ་སྲུང་ལས་དོན་ལ་དམིགས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་དེ་གཙོ་ཁྲིད་དུ་བཟུང་བ་དང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཁྱད་སེལ་བྱེད་པ་དེ་རྨང་གཞིར་བྱེད་པ།  དབྱར་དུས་བདེ་སྲུང་གི་ཉིན་བརྒྱའི་བྱ་འགུལ་སྣེ་ཁྲིད་དུ་བཟུང་ནས། ཉེན་ཁ་སྔོན་འགོག་དང་བྱུར་རྐྱེན་དག་སེལ། གྱོད་ཚད་ཇེ་དམའ། བདེ་འཇགས་འགན་སྲུང་།  བརྟན་བརླིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་སོགས་སྣ་སོ་སོའི་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་། བདེ་བརྟན་སྲུང་སྐྱོང་གི་གལ་ཆེའི་འགན་ཁུར་དག་བདེ་ལེགས་ངང་ཡོངས་འགྲུབ་བྱས་པས། རྒྱལ་ཁབ་གྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་སྲུང་སྐྱོང་ནུས་ལྡན་བྱས།

5.png       

         ལོ་གསར་པའི་ནང་། མཚོ་བྱང་གི་སྤྱི་བདེ་ཉེན་རྟོག་པས་སྔར་བཞིན“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”སྔར་བས་ཇེ་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”སྔར་བས་སེམས་སུ་འཇགས་པར་བྱེད་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་མཚོ་བྱང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་དུས་རབས་གསར་པའི་མཚོ་བྱང་སྤྱི་བདེ་ཡི་ལས་རྣམ་གསར་བ་འབྲི་བཞེངས་བྱེད་དགོས།  

6.jpg


མཉམ་སྤྱོད།