དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་རིམས་ནད་འགོག་སྡོམ་བྱ་བའི་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་ལས་དོན་ཡོངས་འགྲུབ་བྱས།

2023-01-11 11:30:59   |   134

སྒྲིག་སྒྱུར།  སངས་དོན།


       རིམས་ནད་འགོག་སྡོམ་ལས་དོན་དུས་མཚམས་གསར་པར་སླེབས་རྗེས། མཚོ་བྱང་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ།  ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་བྱས་ནས་རིམས་ནད་འགོག་སྡོམ་གྱི“དོན་ཚན་ཉི་ཤུ”དང“དོན་ཚན་གསར་པ་བཅུ”སོགས་ཀྱི་བྱེད་ཐབས་ཇེ་ལེགས་སུ་གཏོང་བའི་བླང་བྱ་གཞིར་བཟུང་ནས། དུས་ཐོག་ཏུ་འགོག་སྡོམ་སྲིད་ཇུས་ཀྱི་གཙོ་གནད་དེ“འགོས་འགོག”ནས“བདེ་ཐང་འགན་ལེན་དང་ནད་རྟགས་ལྕི་མོ་འགོག་སྲུང་”བྱེད་པར་དག་སྒྲིག་བྱས་པ་དང་། ཚ་རྒྱས་སྒོ་བསྟེན་དང་གནས་ཁེལ་གསོ་བཅོས་སྨན་ཁང་། ཡཱ་གནས་ཁེལ་གསོ་བཅོས་སྨན་ཁང་། དེ་བཞིན་སྒྲོམ་ཚང་སྨན་ཁང་གི་སྒྲིག་འཛུགས་དང་སྨན་བཅོས་སྟོབས་ཤུགས་ཀྱི་སྒྲིག་འཛུགས་སོགས་ལས་དོན་ལ་ཤུགས་སྣོན་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་འགྲུབ་བྱས་ཤིང་། རང་ནུས་ཅི་ལྕོགས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས་ཡོད།

མིག་སྔའི་བར་དུ།  ཁུལ་ཡོངས་སུ་རིམ་པ་གཉིས་པའི་གཞུང་བཙུགས་སྨན་ཁང9དང་ཤང་གྲོང་འཕྲོད་བསྟེན་ཁང33ཚང་མར་ཚ་རྒྱས་སྒོ་བསྟེན་ཚན་ཁག་གསར་འཛུགས་བྱས་པ་དང་། དེར་བརྟག་བཅོས་ཁང་དང་ལོགས་བཀར་ཁང་སྒྲིག་འཛུགས་བྱས་པ་མ་ཟད།  དེ་མཚུངས་ཀྱི་སྨན་བཅོས་མི་སྣ་དང་སྒྲིག་ཆས་བཀོད་སྒྲིག་བྱས་ཤིང་།  ཆུ་ཚོད24རིང་རྒྱུན་ཆད་མེད་པར་སྨན་བཅོས་བྱེད་མགོ་བརྩམས་པས།  མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པ་བྱས་ཡོད། ཁུལ་ཡོངས་སུ་གནས་ཁེལ་གྱི་སྨན་ཁང་གཉིས་བཙུགས་ནས་ཉལ་ཁྲི500བཀོད་སྒྲིག་བྱས་ཡོད་ལ། དེའི་ཁྲོད་ནད་རྟགས་ལྕི་མོའི་ཉལ་ཁྲི20ཡོད།  ཁུལ་ཡོངས་སུ་ཡཱ་གནས་ཁེལ་གྱི་སྨན་ཁང2རིམ་སྤོར་སྒྱུར་བཀོད་བྱས་པ་དང་ཉལ་ཁྲི500བཀོད་སྒྲིག་བྱས་པའི་ནང་། ལྟ་སྐྱོང་ཉལ་ཁྲི50ཡོད།  ཁུལ་ཡོངས་སུ་སྒྲོམ་ཚང་སྨན་ཁང5དང་ཉལ་ཁྲི1010བཀོད་སྒྲིག་བྱས་ཡོད་པས། དུས་ཐོག་ཏུ་བེད་སྤྱོད་ཆོག་པའི་ཆ་རྐྱེན་འཛོམས་ཡོད།  ཁུལ་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང4ཡི་འགོས་ནད་ཚན་ཁག་གི་རྣམ་གྲངས་ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། ཉལ་ཁྲི96བཀོད་སྒྲིག་བྱས་ཡོད།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ལ་མྱུར་སྐྱོབ་རླངས་འཁོར55བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་ཁ་དབུགས་ཀྱི་གནོན་ཤུགས་ཆུང་བའི་མྱུར་སྐྱོབ་རླངས་འཁོར15ཡོད་པས། གཞི་རྩའི་སྟེང་སྨན་བཅོས་མྱུར་སྐྱོབ་དང་བསྒྱུར་འདྲེན་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་ཀྱིན་ཡོད། ཁུལ་ཡོངས་སུ་མི22ལས་གྲུབ་པའི་རིག་ཚན་མང་བའི་མྱུར་སྐྱོབ་དང་གསོ་བཅོས་ཤེས་ལྡན་པའི་དཔུང་ཁག་བཙུགས་པ་དང་།  མི510ལས་གྲུབ་པའི་གནས་ཁེལ་སྨན་ཁང་གི་རོགས་སྐྱོབ་སྐས་རིམ་རུ་ཁག6བཙུགས་ཡོད།  ཁུལ་ཡོངས་ཀྱི་ཡཱ་གནས་ཁེལ་སྨན་ཁང་གཉིས་སུ་སོ་སོ་མི364ལས་གྲུབ་པའི་སྨན་བཅོས་མྱུར་སྐྱོབ་རུ་ཁག2དང་། མི210ལས་གྲུབ་པའི་གྲབས་གསོག་མྱུར་སྐྱོབ་དང་གསོ་བཅོས་རུ་ཁག2བཙུགས་ཡོད།  དེ་དང་ཆབས་ཅིག“རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི”གསོ་སྦྱོང་བྱེད་སྟངས་སྤྱད་དེ།  རིགས་དང་རིམ་པ་དབྱེ་ནས་ཁུལ་ཡོངས་ཀྱི་སྨན་དོན་མི་སྣའི་སྨན་བཅོས་ཤེས་བྱ་གསོ་སྦྱོང་བྱས། མིག་སྔར།  གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་འགོས་ནད་འགོག་སྲུང་མི་སྣ1255དང་། སྨན་བཅོས་མྱུར་སྐྱོབ་དང་གསོ་བཅོས་མི་སྣ་མི་ཐེངས873དང་། དཔེ་ལེན་མི་སྣ་མི་ཐེངས1400བཅས་གསོ་སྦྱོང་བྱས་པ་རེད།


མཉམ་སྤྱོད།