དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་གྲོང་གསེབ་ཡུལ་སྐོར་གྱི“ཁངས་དར་ཚོན་སྦག་དང་། དགུན་ཤ འོ་ཇའི”ཟས་མཆོག་དུས་ཆེན་སྤེལ།

2023-01-11 16:23:41   |   181

རྩོམ་སྒྲིག  སངས་དོན།       ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


       ཟླ1ཚེས10ཉིན། རྒྱལ་ཡོངས་མང་ཚོགས་ཁངས་དར་དུས་ཚིགས་སྐབས་དགུ་བའི2023ལོའི་མདོ་ལ་རྫོང་གྲོང་གསེབ་ཡུལ་སྐོར“ཁངས་དར་ཚོན་སྦག་དང་། དགུན་ཤ འོ་ཇའི”ཞིམ་ཟས་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་དེ་བཙུན་མོ་གཞོང་གྲོང་རྡལ་ཁྲ་གཟེབ་ལུང་བ་སྡེ་བ་ནས་སྤེལ་མགོ་ཚུགས། འདི་ནི་ཁངས་དར་དགའ་སྟོན་དང་ཟས་མཆོག་རིག་གནས་གཞི་བྱས་ནས་མདོ་ལ་འགྲེམ་སྟོན་དང་དྲིལ་སྒྲོག འོས་སྦྱོར་བཅས་བྱེད་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། མདོ་ལའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་འདུ་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན།

       རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ”དང་། “དགུན་ཁའི་ཁངས་དར་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་དང་། འགག་སྒྲོལ་དཀའ་སེལ་གྱི་སྒོ་ནས“བྲིན་དུས་སུ་ལྷག་པར་བྲིན་པ་དང་། འགྲིབ་དུས་སུ་མི་འགྲིབ་པ”དམིགས་འབེན་དུ་བཟུང་ཞིང་། ནུས་ཤུགས་དྲག་པོས་དགུན་དུས་ཀྱི་ཡུལ་སྐོར་ཐོན་རྫས་འདོན་སྤེལ་བྱས། ཁངས་ཤུད་ར་བ་དང་། ཁངས་དར་གྲོང་རྡལ་ཆུང་ངུ་སོགས་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཁངས་དར་ལུས་རྩལ་དང་ཡུལ་སྐོར། རིག་གནས། སྒྲིག་ཆས་བཅས་སྲོག་ཤིང་ཡིན་པའི་ཁངས་དར་ཐོན་ལས་མ་ལག་བཞེངས་སྐྲུན་ལ་ནུས་ཤུགས་བཏོན། ཁངས་དར་རིག་གནས་གསར་སྐྲུན་གཅིག་བསྡུས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མགྱོགས་མྱུར་ངང་ཁངས་དར་ཐོན་ཁུངས་ཀྱི་དགེ་མཚན་ནས་ཁངས་དར་ཡུལ་སྐོར་ཐོན་ལས་ཀྱི་དགེ་མཚན་དུ་བསྒྱུར་ལ། “གངས་དཀར་དེ་དངུལ་དཀར་ལ་བརྗེ་བའི”ལས་རྣམ་ལེགས་པོར་སྒྲུབ་ནས། “གྲང་རེག་ཐོན་ཁུངས”དེ“ཚ་ནུས་ཐོན་ལས”སུ་འཕོ་འགྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། རྫོང་ཡོངས་ཀྱི་ཡུལ་སྐོར་དུས་ཡུན་ཡུན་བསྲིངས་པ་དང་ཡུལ་སྐོར་ས་གནས་རྒྱ་སྐྱེད། ཡུལ་སྐོར་ལམ་ཐིག་རྒྱང་བསྲིངས་བཅས་ཀྱིས་དུས་བཞིའི་ཡུལ་སྐོར་ལས་རིགས་དོ་མཉམ་འཕེལ་རྒྱས་མངོན་འགྱུར་བྱས།

       ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཧུར་ཐག་གིས་ “རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་ནང་ཞུགས་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོ་སོགས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ།  ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་ཁུལ་ཨུའི“མཚོ་བྱང་ལྔའི”འཛུགས་སྐྲུན་བསམ་ཕྱོགས་གཞིར་བཟུང་ནས། ནུས་ཤུགས་ཆེན་པོས“ཡུལ་སྐོར་རྫོང་དར”འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ས་ཁུལ་གསར་སྐྲུན་ལེགས་འགྲུབ་བྱུང་ཞིང་། མངའ་ཁོངས་ཧྲིལ་བོ་དང་། དུས་ཚིགས་རིས་མེད། དུས་སྐབས་ཐམས་ཅད་བཅས་ཀྱི་ཡུལ་སྐོར་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ལ། སྔ་རྗེས་སུ“རྒྱལ་རྟགས་རིམ་པའི”གཟི་བརྗིད་མཚན་སྙན་ལྔ་ཐོབ་པ་དང་། ཨ་མྱེས་སྟོང་སོ་ལྗོངས་ཁུལ་དེ་རྒྱལ་ཁབ“A5”རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བདམས། ཁྲ་གཟེབ་ལུང་བ་སྡེ་བ་རྒྱལ་ཁབ་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བར་བདམས། མདོ་ལ་རྫོང་རིག་གནས་ཁང་རྒྱལ་ཡོངས“ཞབས་ཞུ་གཉིས”ཀྱི་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་ཐུན་མོང་ལ་བདམས་པ་དང་། “ཨ་རིག་གླུ་ཤགས”དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་གཞིའི་མིང་ཐོར་ཚུད། “ཨ་རིག་གླུ་ཤགས”ཀྱི་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་སྐབས་དྲུག་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས།


མཉམ་སྤྱོད།