དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་འཇུ་ལག་རྫོང་ཞིང་ལས་ཐོན་རྫས་མ་གནས་བརྟག་དཔྱད་ལས་དོན་ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ།

2023-01-11 17:10:57   |   162

སྒྲིག་སྒྱུར།  སངས་དོན།


         ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི《རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་མ་གནས་བརྟག་དཔྱད་ལས་དོན་ལ་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་པའི་སྐོར་གྱི་བརྡ་སྦྱོར》(འཕེལ་བཅོས་རིན་གོང﹝2022﹞ཨང1807པ)ལས། མཚོ་བྱང་ཁུལ་འཇུ་ལག་རྫོང་གི་ཞིང་ལས་ཐོན་རྫས་མ་གནས་བརྟག་དཔྱད་ལས་དོན་ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་དང་ཁས་ལེན་ཐོབ་འདུག

        ཉེ་བའི་ལོ་འགའི་རིང་། འཇུ་ལག་རྫོང་གིས་ཞིང་ལས་ཀྱི་ཕན་འབྲས་ཇེ་མཐོར་དང་འབྲུ་རིགས་ཐོན་ཚད་ཇེ་མང་། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བར་ཤུགས་བརྒྱབ་ནས་མ་གནས་བརྟག་དཔྱད་དྲ་བའི་བྱེད་ནུས་དང་བརྟག་དཔྱད་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་སྒོས། ལོག་དཀར་གྱི་རྒྱུན་ལྡན་བརྟག་དཔྱད་དང་ཞིང་དུད་ཀྱིས་ཞིང་ལས་རྒྱ་ཆ་ཉོ་སྒྲུབ་བྱེད་པ། འབྲུ་རིགས་གསོག་ཉར་དང་ཕྱིར་འཚོང་། འདེབས་འཛུགས་འདོད་བློ་བཅས་ཀྱི་ཆེད་དོན་བརྟག་དཔྱད་ལས་དོན་བདེ་ལེགས་ངང་ཡོངས་འགྲུབ་བྱས་པས།   འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་དང་ཞིང་བའི་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད། གྲོང་གསེབ་དར་སྤེལ་ལ་རོགས་སྐྱོར། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བཅས་ལ་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཤིང་། ཞིང་ལས་ཀྱི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་བཟོ་བར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་དང་། ཞིང་ལས་བདེ་ཐང་ངང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱས་རྗེས་བསྐྲུན་ཡོད། 


མཉམ་སྤྱོད།