དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2022ལོའི་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་གསར་འགྱུར་ཆེན་མོ་བཅུ།

2023-01-12 08:38:28   |   270

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། 


       2022ལོར། རྐང་ཚ་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་བྱས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འབད་འབུངས་ཡར་བརྩོན་དང་དཀའ་གནད་འགག་སྒྲོལ། གྲུབ་འབྲས་བསྐྱར་བཏོད་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྟེ་ལོ་གཅིག་འཁོར་བར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ། 

       གནམ་ལོ་གསར་ཚེས་ཀྱི་དུས་བཟང་འདིར། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱིས་ས་གནས་གསར་འགྱུར་མང་པོའི་ཁྲོད་ནས་གསར་འགྱུར་ཆེན་མོ་བཅུ་བསལ་འདེམས་བྱས་ཏེ། བོད་མཁར་རྐང་ཚའི་ལེགས་ཚོགས་ཉམས་སུ་མྱོང་ཐུབ་པར་བྱས་ཡོད།

དྲིན་ཚོར་འབད་བརྩོན་གྱི་བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར།

3.png

      གཅིག  2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་ཕེབས་ཏེ་གཟིགས་ཞིབ་གནང་། ལོ་ངོ་གཅིག་གི་རིང་ལ་དཀོན་ལོ་གོང་མ་སྡེ་བས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་སྡེ་བ་རིམ་པའི་བྱ་གཞག་ཁག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྩ་བར་བསྒོམས་ཏེ། ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ལྟ་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཞིང་། མངག་བཅོལ་ཡིད་ལ་བཅངས་ཏེ་སྐྱེ་ཁམས་དཔལ་ཡོན་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ། གྲོང་གསེབ་ཡུལ་སྐོར། གྲོང་གསེབ་བཅོས་སྐྱོང་། ཐུན་མོང་ཕྱུག་འགྱུར་སོགས་ལ་ལམ་བུ་གསར་བ་བཏོད། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཙིགས་ཆེན་གནང་སྟེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ་ལེགས་སྒྱུར་གྲབས་གསོག་རྣམ་གྲངས༢༩འཆར་འགོད་བྱས་ནས་དཀོན་ལོ་གོང་མ་སྡེ་བ་སྐྱེ་ཁམས་མཛེས་ཤིང་སྡེ་དམངས་སྐྱིད་ལ། རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་སྡེ་བ་ཞིག་ཏུ་བསྒྱུར་རྒྱུ་རེད། སྡེ་བ་རིམ་པའི་སྣ་སོ་སོའི་བྱ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་ཡར་རྒྱས་ཡོང་ལ། སྡེ་དམངས་ཀྱི་འཚོ་བའི་སྤུས་ཚད་དང་སེམས་ཀྱི་ཚོར་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་སྟེ། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སྦྲང་རྩི་ལྟར་མངར་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱིན་འདུག 2021ལོ་ནས་དེ་རིང་གི་བར་དུ། དཀོན་ལོ་གོང་མ་སྡེ་བར་སྔ་གཞུག་ཏུ་འོམ་ཆུ་གྲོང་རྡལ་གཞི་རིམ་ཏང་འཛུགས་སྔོན་ཐོན་བྱ་དགའ་དང་རྐང་ཚ་རྫོང་ལྔ་བཞི་དར་དམར་ཐོན་ཀྲུའུ་པུའུ། རྐང་ཚ་རྫོང་མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་བ། མཚོ་སྔོན་ཞིང་ཆེན་སྔོན་ཐོན་སྡེ་ཚོགས། མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་སྡེ་བ། རྒྱལ་ཡོངས་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་སྡེ་བ། རྒྱལ་ཡོངས་མཛེས་པའི་སོས་དལ་གྲོང་གསེབ་སྔོན་ཐོན་སྡེ་བ་སོགས་ཀྱི་གཟེངས་རྟགས་ཐོབ་ཅིང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་བསྟུད་མུར་ཇེ་མཐོར་སོང་ཡོད།

ཐོན་ལས་གསར་བར་བརྟེན་ནས་གོམ་སྟབས་བརྟན་པོར་བསྒྱུར།

4.png

      གཉིས།  ཟླ3པའི་ཚེས8ཉིན། ཟླ་ངོ་བཞིའི་རིང་དུ་འབྲེལ་མཐུད་དང་གྲ་སྒྲིག་བྱས་པ་བརྒྱུད། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བཞི་བཏང་བའི་རྒྱལ་ནང་གི་མཐོ་སྒང་ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་ཚོད་ལྟའི་རྟེན་གཞིའི་རྣམ་གྲངས་དང་པོའི་གནས་སྐབས་ཀྱི་མཁའ་དབྱིངས་མཁའ་དམག་ལན་ཀྲོའུ་རྟེན་གཞིར་མཆན་འགོད་ཐོབ་པ་དང་། ཚོད་ལྟའི་མཁའ་ཁོངས་འཕུར་སྐྱོད་སྤྱི་ལེ་གྲུ་བཞི་མ3100ཟིན་ལ། ཚོད་ལྟའི་འཕུར་སྐྱོད་ཆེས་ཆེ་ཤོས་དང་། ཚོད་ལྟའི་འཕུར་སྐྱོད་ས་བབ་ཆེས་མཐོ་ཤོས། ལག་རྩལ་སྒྲིག་ཆས་རྩེ་གྲས་བཅས་ཀྱི་རྒྱལ་ནང་མཐོ་སྒང་གི་ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་ཚོད་ལྟའི་རྟེན་གཞིའི་རྣམ་གྲངས་ཐོག་མ་རྐང་ཚ་རུ་ཆགས། 2021ལོའི་ཟླ10བའི་ཚེས18ཉིན། རྐང་ཚ་རྫོང་གིས་པེ་ཅིང་ཆིན་ཧང་ཙེ་ཅིང་སྒྲིག་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་རྒྱལ་ནང་མཐོ་སྒང་གི་ཁ་ལོ་བ་མེད་པའི་མཁའ་འགྲུལ་ཡོ་བྱད་ཚོད་ལྟའི་རྟེན་གཞིའི་རྣམ་གྲངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པར་མ་ཟད། རྐང་ཚ་རྫོང་ཚེ་ཐར་ས་ཁུལ་དུ་མཚོ་ངོས་ལས་མཐོ་ཚད་སྨི3700ཙམ་གྱི་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་ནས་འཕུར་སྐྱོད་ལེགས་འགྲུབ་བྱུང་། འཕྲུལ་ཆས་དཔེ་དབྱིབསJZ-120Gདེའི་མཐོ་སྒང་གི་དངོས་ཟོག་སྐྱེལ་འདྲེན་ལ་ནུས་པ་བླ་ལྷག་བཏོན་པ་དང་། དངོས་ཟོག་འཕྲལ་བསྟུན་རོགས་སྐྱོབ་སོགས་ཀྱི་བྱེད་ནུས་གལ་ཆེན་བཏོན་ཡོད། རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི་ནི་རྐང་ཚ་རྫོང་གི་ཐུན་མོང་མ་ཡིན་པའི་མཐོ་སྒང་ས་གཤིས་ཆ་རྐྱེན་དང་གནམ་གཤིས་ཁོར་ཡུག་ལ་བརྟེན་ནས་ཁེ་ལས་ཀྱི་སྒྲིག་ཆས་ལེགས་པའི་ཚན་ཞིབ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བཟོ་སྐྲུན་དང་ཐོན་སྐྱེད། ཚོད་ལྟ་དང་ཚོད་འཕུར་བཅས་གཞི་གཅིག་ཅན་གྱི་གསར་གཏོད་ཐོན་ལས་ཚོགས་སྤྱི་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་སྒོས་ལག་རྩལ་ཁེ་ལས་དང་ས་གནས་ཀྱི་ཐོན་ཁུངས་མཉམ་སྤྱོད། ཐུན་མོང་མཉམ་ལས་ཀྱི་རྣམ་པ་གསར་གཏོད་བྱ་རྒྱུ་དེ་རེད། རྣམ་གྲངས་བསྐྲུན་རྗེས་ནུབ་བྱང་ས་ཁུལ་གྱི་འཕྲལ་བསྟུན་མྱུར་སྐྱོབ་དང་། མཐོ་སྒང་དང་མི་མེད་ས་ཁུལ་གྱི་དངོས་ཟོག་སྐྱེལ་འདྲེན། ནགས་ཚལ་མེ་དགྲ་སྔོན་འགོག་གི་མྱུལ་ཞིབ་ལྟ་ཞིབ་ཚད་ལེན། ཁ་ལོ་བ་མེད་པའི་མཁའ་སྐྱོད་འགྲོ་འོང་སོགས་ཀྱི་ཁྱབ་ཁོངས་ཁྱབ་གདལ་དང་བེད་སྤྱོད། རྣམ་པ་གསར་བའི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཚོགས་སྡེ་ཆགས་སུ་བཅུག་སྟེ། རྐང་ཚ་དང་ཉེ་འཁོར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན།

རྐང་ཚས་གད་སྙིགས་རིགས་དབྱེའི་ལོ་གསུམ་འགུལ་སྐྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་བསྡུས།

5.png

       གསུམ།  ཟླ3པའི་ཚེས17ཉིན། རྐང་ཚ་རྫོང་གིས་གད་སྙིགས་རིགས་དབྱེའི་ལོ་གསུམ་འགུལ་སྐྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་བསྡུས་ཤིང་། མཛད་སྒོ་འདི་སྤེལ་བ་བརྒྱུད། ཐོན་སྐྱེད་འཚོ་བའི་གད་སྙིགས་ཐག་གཅོད་འོས་འཚམ་དང་སྒྲིག་འགོད་ལེགས་པོ་བྱས་ཏེ། མཚོ་སྔོན་པོའི་ཉེ་འཁོར་གྱི་ཁོར་ཡུག་ཤུགས་རྐྱེན་ཆུང་དུ་བཏང་ཞིང་། “ཀྲུང་ཧྭའི་ཆུ་མཛོད”ལ་བདག་སྐྱོང་གི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ནས“དྭངས་གསལ་ཆུ་བོ་ཤར་དུ་རྒྱུ་བར”འགན་ལེན་བྱས། 2021ལོའི་ཟླ3པ་ནས་བཟུང་། རྐང་ཚ་རྫོང་གིས“གད་སྙིགས་གང་སར་མི་འདོར་བར་རིགས་དབྱེ་བའི”གད་སྙིགས་ཐག་གཅོད་ཀྱི་རྣམ་པ་བཙུགས་ཤིང་། རྫོང་ཡོངས་ཀྱི་ཚོད་ལྟའི་གཞིས་ཁུལ་དང་སློབ་གྲྭ། དེ་བཞིན་ལས་ཁུངས་སོ་སོའི་ར་སྐོར་ནང་ཁྱབ་སྤེལ་བྱས་ཏེ། “རྩ་ནས་རིགས་དབྱེ་དང་དཀྱིལ་ནས་མཉམ་འདྲེན། མཇུག་ནས་མཉམ་འདྲེས”བཅས་ཀྱི་གནད་དོན་འབྱུང་བར་ནན་འགོག་བྱ་ཆེད། རྫོང་སྲིད་གཞུང་གིས་ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དོ་དམ་སྡེ་ཁག་གིས་ཆེད་བསྡུའི་དངོས་རིགས་དང་གནོད་ཡོད་གད་སྙིགས་སོགས་ཀྱི་བྱེད་ཐབས་བརྒྱུད། རིགས་དབྱེའི་གཞིས་ཁུལ་གྱི་ཕུགས་ཕན་དོ་དམ་ལ་ཤུགས་བསྣན་ཞིང་། མཉམ་བསྡུ་མཉམ་འདྲེན་གྱི་ལྟ་སྐུལ་དོ་དམ་གཙོ་གནད་དུ་བཟུང་ནས་ཤུགས་བསྣན། གཞན་ཡང་། རྫོང་སྲིད་གཞུང་དང་གཤམ་གཏོགས་ཁྲོམ་གཞུང་། སྡེ་ཁུལ་ཁག་གིས་གད་སྙིགས་རིགས་དབྱེའི་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ལམ་ལུགས་ཚད་ལྡན་འཐུས་ཚང་དུ་བཏང་ལ་སྡེ་ཚན་དབར་མཉམ་འགུལ་མཐུན་སྦྱོར་བྱེད་པ། སྡེ་ཁུལ་དང་གཞི་རིམ་དུ་སྐྱོད་པ་བཅས་བྱས་ཏེ། མི་གཤིས་རང་བཞིན་གྱི་ཞབས་ཞུ་བརྒྱུད་ཞིབ་ཚགས་གྱི་དོ་དམ་ལ་སྐུལ་ཁྲིད་བྱས་ནས། གད་སྙིགས་རིགས་དབྱེའི་ཁྲོད་སྤྱི་ཚོགས་ཀྱི་ཞུགས་ཚད་དང་ཡང་དག་པའི་འཕེན་ཚད་མཐོ་རུ་བཏང་སྟེ། གད་སྙིགས་རིགས་དབྱེ་དང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 

མཚོ་སྔོན་ཞིང་ཆེན་གྱི་འོད་ཤུགས་བཟོ་སྐྲུན་གཞི་གཅིག་ཅན(BIPV)གྱི་རྣམ་གྲངས་ཐོག་མ་རྐང་ཚ་རུ་ལས་མགོ་ཚུགས།

6.png

     བཞི།  ཟླ3པའི་ཚེས25ཉིན། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་རོགས་སྐྲུན་བྱས་པའི་མཚོ་སྔོན་རྐང་ཚ་རྫོང“མཚོ་སྔོན་པོའི་ཁྱད་ལྡན་ཚོང་རྫས་རོལ་མྱོང་ལྟེ་གནས་འོད་ཤུགས་བཟོ་སྐྲུན(BIPV)དཔེ་སྟོན་རྣམ་གྲངས”རྐང་ཚ་རྫོང་དུ་ལས་མགོ་ཚུགས། རྣམ་གྲངས་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཁང་ཀླད་དང་ཤེལ་གྱང་ཚང་མར་གློག་འདོན་ནུས་པ་འཛོམས་པའི་འོད་ཤུགས་བཟོ་སྐྲུན་གཞི་གཅིག་ཅན་གྱི(BIPV)རྣམ་གྲངས་ཐོག་མ་དེ་རེད། རྣམ་གྲངས་ལེགས་འགྲུབ་བྱུང་རྗེས། རྐང་ཚ་རྫོང་གི་མཐོ་སྒང་རབ་མཛེས་མཁར་གྲོང་འཛུགས་སྐྲུན་དང་འགྲིམ་འགྲུལ་ཡོ་བྱད་གློག་སྒུལ་ཅན་དུ་འགྱུར་བར་སྐུལ་འདེད་དང་། “ཐཱན་མེད་གྲོང་རྡལ་ཆུང་ཆུང”དང“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང”གི་སྤུས་རྟགས་གཏོད་རྒྱུར་རམ་འདེགས་བྱེད་པའི་གཙོ་གནད་རྣམ་གྲངས་སུ་གྱུར་ཏེ། མཚོ་སྐོར་ས་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་འོད་ཤུགས་ནུས་ཁུངས། སྐྱེ་ཁམས་ནུས་ཁུངས། རིག་གནས་ཡུལ་སྐོར་གྱི་ནུས་ཁུངས་གཅིག་བསྡུས་ཀྱིས་འགྲེམ་སྟོན་དང་། ཡུལ་དངོས་དང་དྲ་ལམ་ནས་ཚོང་རྫས་ཉོ་ཚོང་དང་མཁོ་འདོན་སྦྲེལ་མཐུད་ཀྱི་ཞབས་ཞུའི་སྟེགས་བུ་བསྐྲུན་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་རྫས་ཀྱི་གནས་མཆོག་བསྐྲུན་པར་དཔེ་སྟོན་གྱི་ནུས་པ་འདོན་ངེས།

བརྩོན་སེམས་ཆེན་པོས་འབྱུང་འགྱུར་ལ་རྨི་ལམ་བྲིས།

       7.png

        ལྔ།   ཟླ6པར། མངག་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཏང་གི་བཀའ་དྲིན་ཚོར། འབད་པ་ཆེན་པོ་བློ་ལ་བཅངས་ཏེ་ཡར་བརྩོན་གྱིས་ལེའུ་གསར་བ་རྩོམ་ཞེས་པ་བརྗོད་དོན་ཡིན་པའི་ཕྲེང་བསྟར་བྱེད་སྒོ་བཅུ་རྐང་ཚའི་རྩྭ་ཐང་དུ་སྤེལ། དེས་རྐང་ཚ་རྫོང་གི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འབུངས་དང་། རང་སྟོབས་རང་སྤེལ། ཞུམ་མེད་མདུན་སྐྱོད་ཀྱི་བསམ་པའི་ངང་ཚུལ་ལེགས་པོ་དང་མི་རིགས་ཁག་གི་མཐུན་སྒྲིལ་མཉམ་གནས་ཀྱི་སྣང་བརྙན་ཡག་པོ་མངོན་པར་བྱས་ཤིང་། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་རྐང་ཚར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་སློབ་སྦྱོང་བྱེད་པར་སྤྱི་ཚོགས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཆགས་སུ་བཅུག བརྩེ་སེམས་ཀྱིས་མཐོ་སྒང་བརྒྱན། དྲིན་ཚོར་གྱིས་མདུན་སྐྱོད་སྐུལ། ལོ་ངོ་གཅིག་གི་རིང་རྐང་ཚ་རྫོང་གི་རིགས་སོ་སོའི་བུ་དང་བུ་མོས་མངག་བཅོལ་བློ་ལ་བརྟན་པོར་བཅངས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ལྔ་ཚན་བཅུ་བཞིའི་འགོ་ཡག་པོ་ཞིག་བརྩམས། ལོ་གཅིག་གི་རིང་དུ། རྐང་ཚ་རྫོང་གིས་རྒྱལ་ཁབ་ཀྱི་དོན་ཆེན་ཏེ་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་དོན་འཁྱོལ་བྱས་ནས། དྭངས་གཙང་གི་རི་ཆུའི་མཛེས་ཉམས་དེ་རྫོང་ཡོངས་ཀྱི་མི་དམངས་ཀྱི་རྒྱུ་ནོར་ཐོན་ཁུངས་དང་ཁེ་ཕན་གྱི་མཚོན་རྟགས་སུ་བསྒྱུར་ལ། རྩེར་སོན་སྐྱེ་ཁམས་ཀྱིས་དམངས་ཡོངས་ཕྱུག་འགྱུར་གཏོང་བ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་འཛུགས་སྐྱོང་ཐད་ནུས་ཤུགས་ཡོད་རྒུ་བཏོན་པས། སྐྱེ་ཁམས་ནི་ཐོན་ཁུངས་དང“རྒྱུ་ནོམ་གྱི་ལྟ་བའི”ཐད་མི་སེམས་ཀྱི་ཟབ་སར་ཟུག་ཡོད། ལོ་ངོ་གཅིག་གི་རིང་དུ། རྐང་ཚ་རྫོང་གིས་དམངས་འཚོའི་རྒྱུགས་ལེན་ལས་དོན་ལྟེ་བ་རུ་བཟུང་སྟེ་དམངས་འཚོ་སྒུལ་ཤུགས་སུ་མཐའ་འཁྱོངས་བྱས་ནས། དམངས་འཚོར་ཁྲིད་སྟོན་གྱིས་སྐྱེ་ཁམས་དམངས་ཕྱུག་དང་ཐོན་ལས་དམངས་ཕྱུག་འཕེལ་རྒྱས་ཀྱི་ལམ་བུ་སྲ་བརྟན་དུ་བཏང་། “རྐང་ཚའི་ལག་ལེན”གྱིས་ཐབས་ལམ་གསར་བ་འཚོལ་ཞིབ་དང་། ལྗང་མདོག་རྐང་ཚའི་གོམས་སྲོལ་བརྟན་སྲུང་བྱས་ཏེ། རྐང་ཚའི་ལེའུའི་ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་གྱི་ཐོན་ལས་མངོན་པར་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱིས་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟ་བུའི་རྐང་ཚའི་སང་ཉིན་ལ་ཡིད་ཆེས་བརྟན་པོ་བསྩལ་ཡོད།

རྐང་ཚས་མ་འཇོག་དངུལ་གྲངས་མཐོ་ཤོས་ཀྱི་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་མིང་རྟགས་བཀོད།

8.png

     དྲུག   ཟླ6པའི་ཚེས29ཉིན། རྐང་ཚ་རྫོང་དང་སི་ཁྲོན་ཀྲུང་ཁི་ཅིན་ཀྲན་དངོས་ལས་སྡེ་ཚོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མ་འཇོག་དངུལ་གྲངས་མཐོ་ཤོས་ཀྱི“དེང་རབས་ཞིང་ལས་ཐོན་ལས་གླིང་གི་རྣམ་གྲངས”ལ་རྒྱལ་ཁའི་ངང་མིང་རྟགས་བཀོད་པ་རེད། རྣམ་གྲངས་དེས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་དམིགས་པ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འདེབས་གསོ་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། ལོ4ཡི་དུས་ཚོད་སྤྱད་དེ་རྐང་ཚ་རྫོང་དུ་བཟའ་བྱའི་ཤ་མོ་ཚད་གཞི་མཐོ་བའི་རིག་ལྡན་ཞིང་ལས་དྲོད་ཁང་ཆེན་མོ་དང་མེ་གླིང་ལྷོ་མའི་མཚོ་ཟས་ཐོན་ལས་གླིང་གི་རྣམ་གྲངས་བསྐྲུན་རྒྱུ་དང་། རྣམ་གྲངས་སྤྱིའི་རྒྱ་ཁྱོན་གྱིས་སྨི་ཁྲི2ཟིན་ལ་མ་དངུལ་སྒོར་དུང་ཕྱུར90བཏང་ཡོད་པ་རེད། ཚད་གཞི་མཐོ་བའི་ཞིང་ལས་རྣམ་གྲངས་གཉིས་ལག་བསྟར་བྱ་རྒྱུ་དེ་ནུབ་བྱང་ཙམ་མ་ཟད་ཐ་ན་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྒྲིག་བཀོད་ཞིང་ལས་ཀྱི་བཟའ་བྱའི་ཤ་མོ་འདེབས་འཛུགས་རྟེན་གཞི་དང་སྐམ་སའི་མཚོ་ཟས་གསོ་ཚགས་རྟེན་གཞི་ཆེ་ཤོས་སུ་འགྱུར་སྲིད་པས། རྐང་ཚ་རྫོང་གི་ཞིང་ལས་ཐོན་ལས་ཀྱི་ཁོངས་གཏོགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མགྱོགས་མྱུར་ངང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། 

རྐང་ཚས་ཁང་སྟེང་འོད་ལེབ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བཏང་།

9.png

      བདུན།  མཚོ་ངོགས་བོད་མཁར་གྱི་ཤང་གྲོང་དུ་རོང་འབྲོགརྐང་ཚ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གྱི་དངོས་འཐབ་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་སྲོག་ཤིང་དུ་འཛིན་པ་དང་། རུ་ཁག་ལྔ་འགན་ལེན་དུ་བྱས་ནས“སྲོག་ཤིང་གཅིག་དང་རུ་ཁག་ལྔ”ཡིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ། ལས་བྱེད་གཞི་རིམ་དུ་སྐྱོད་པ་དང་མ་དངུལ་གཞི་རིམ་ལ་གཏོང་བ། སྲིད་ཇུས་གཞི་རིམ་ལ་ཕྱོགས་པ། གཞི་རིམ་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་བའི་སྤྱི་ཁོག་ལ་དམིགས་ནས་གྲོང་གསེབ་དར་སྤེལ་གྱི་གོམ་སྟབས་མགྱོགས་སུ་བཏང་། སྲོག་ཤིང་གཅིག་ནི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་པ་ཞིག་ཡིན་ལ། རུ་ཁག་ལྔ་ནི་རྫོང་ཡོངས་ཀྱི་སྡེ་བའི་ཏང་རྩ་འཛུགས་རྨང་གཞིར་བྱས་ནས་སྲིད་འཛིན་སྡེ་བ་ཚང་མར་སྐྱེ་ཁམས་དཔལ་ཡོན་དང་ཐོན་ལས་སྐུལ་འདེད། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་། རིག་གནས་དྲིལ་བསྒྲགས་བཅས་ཀྱི་ལས་དོན་རུ་ཁག་ཅིག་ཡིན། ཁོངས་མི་དག་ནི་ཏང་སྐྱོང་ཆ་འཕྲིན་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ། རྗེས་གྲབས་ལས་བྱེད་པ། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་སོགས་ཕུལ་བྱུང་ཤེས་ལྡན་མི་སྣས་གྲུབ་ཅིང་། ལས་དོན་ཚོ་ཆུང་སོ་སོས་ལས་འགན་དང་དམིགས་ཚད་ཁག་གི་ཚད་གཞིར་གཞིགས་ནས་ས་ཁོངས་གཏན་འཁེལ་དང་མི་སྣ་གཏན་འཁེལ། ལས་འགན་གཏན་འཁེལ། འགན་འཁྲི་གཏན་འཁེལ་བཅས་བྱས་ཏེ་སྐབས་བསྟུན་དོ་དམ་ལག་བསྟར་བྱས་ཤིང་། ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལག་ལེན་དུ་བསྒྱུར་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ཐད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱས་ཤིང་ཏང་འཛུགས་སྣེ་ཁྲིད་དང་ཞབས་ཞུ་འགན་ལེན་གྱི་མཇུག་མཐའི་སྤྱི་ལེ་གཅིག་ཤར་གཏོང་ཐུབ་པར་བྱས་ལ། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག མང་ཚོགས་ཀྱི་མོས་སེམས་ཆེ་རུ་བཏང་ནས་གྲོང་གསེབ་དར་སྤེལ་མངོན་འགྱུར་ཡོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།

“སྲོག་ཤིང་གཅིག་དང་རུ་ཁག་ལྔ”ཡིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

10.png

      བརྒྱད། རྐང་ཚ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གྱི་དངོས་འཐབ་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་སྲོག་ཤིང་དུ་འཛིན་པ་དང་། རུ་ཁག་ལྔ་འགན་ལེན་དུ་བྱས་ནས“སྲོག་ཤིང་གཅིག་དང་རུ་ཁག་ལྔ”ཡིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ། ལས་བྱེད་གཞི་རིམ་དུ་སྐྱོད་པ་དང་མ་དངུལ་གཞི་རིམ་ལ་གཏོང་བ། སྲིད་ཇུས་གཞི་རིམ་ལ་ཕྱོགས་པ། གཞི་རིམ་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་བའི་སྤྱི་ཁོག་ལ་དམིགས་ནས་གྲོང་གསེབ་དར་སྤེལ་གྱི་གོམ་སྟབས་མགྱོགས་སུ་བཏང་། སྲོག་ཤིང་གཅིག་ནི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་པ་ཞིག་ཡིན་ལ། རུ་ཁག་ལྔ་ནི་རྫོང་ཡོངས་ཀྱི་སྡེ་བའི་ཏང་རྩ་འཛུགས་རྨང་གཞིར་བྱས་ནས་སྲིད་འཛིན་སྡེ་བ་ཚང་མར་སྐྱེ་ཁམས་དཔལ་ཡོན་དང་ཐོན་ལས་སྐུལ་འདེད། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་། རིག་གནས་དྲིལ་བསྒྲགས་བཅས་ཀྱི་ལས་དོན་རུ་ཁག་ཅིག་ཡིན། ཁོངས་མི་དག་ནི་ཏང་སྐྱོང་ཆ་འཕྲིན་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ། རྗེས་གྲབས་ལས་བྱེད་པ། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་སོགས་ཕུལ་བྱུང་ཤེས་ལྡན་མི་སྣས་གྲུབ་ཅིང་། ལས་དོན་ཚོ་ཆུང་སོ་སོས་ལས་འགན་དང་དམིགས་ཚད་ཁག་གི་ཚད་གཞིར་གཞིགས་ནས་ས་ཁོངས་གཏན་འཁེལ་དང་མི་སྣ་གཏན་འཁེལ། ལས་འགན་གཏན་འཁེལ། འགན་འཁྲི་གཏན་འཁེལ་བཅས་བྱས་ཏེ་སྐབས་བསྟུན་དོ་དམ་ལག་བསྟར་བྱས་ཤིང་། ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལག་ལེན་དུ་བསྒྱུར་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ཐད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱས་ཤིང་ཏང་འཛུགས་སྣེ་ཁྲིད་དང་ཞབས་ཞུ་འགན་ལེན་གྱི་མཇུག་མཐའི་སྤྱི་ལེ་གཅིག་ཤར་གཏོང་ཐུབ་པར་བྱས་ལ། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག མང་ཚོགས་ཀྱི་མོས་སེམས་ཆེ་རུ་བཏང་ནས་གྲོང་གསེབ་དར་སྤེལ་མངོན་འགྱུར་ཡོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།

རྐང་ཚ་རུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

12.png

      དགུ། སྟོན་ཟླ་བཅུ་བར་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་རྐང་ཚ་རྫོང་གི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩ་བ་ཚུགས་ཤིང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་། རྫོང་ཨུས《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ་ཏང་ལེགས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོའི་བདེ་སྐྱིད། སྤྱི་ཚོགས་བཅོས་སྐྱོང་སོགས་ཕྱོགས་ལྔའི་ཐད་ནས་ཞིབ་ཕྲའི་བྱེད་ཐབས21བཟོས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཏང་རྩ་འཛུགས་རིམ་པ་ཁག་གིས་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཚོགས་གཙོའི་འགན་འཁུར་བ་དང་ལས་རིགས་སྡེ་ཚན་གྱི་ལས་སྒོའི་རྐང་འཛིན་པ་བརྒྱ་སྐོང་འཐེན་བྱས་ཏེ། རྐང་ཚ་རྫོང་གི་སྒྲོག་འགྲེལ་རོགས་སྐྱོར་ལས་དོན་ཚོ་ཆུང་དང་རོང་འབྲོག་ཐོན་ཟོག་བྲིན་ཚོང་མཐུན་སྦྱོར་ལས་དོན་ཚོ་ཆུང་བཙུགས་ནས། སྡེ་བ31ལ་བསྐྱོད་དེ་གཞུང་ལུགས་གཞི་རིམ་དུ་སྐྱེལ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ལག་ལེན་གྱི་གཞི་རྟེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞང་དང་གྲོང་རྡལ་ཁག་གི“སྲོག་ཤིང་གཅིག་དང་རུ་ཁག་ལྔ་ཡིས་དར་རྒྱས་སྐུལ”བ་དང་ལས་ཁུངས་ཀྱི“སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི”ཡི་ལས་ཀའི་བྱེད་ཐབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མིག་སྔའི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་དང་། གྲོང་གསེབ་དར་སྤེལ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་ཀའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་ཐག་གཅོད་བྱེད་པ་དང་ནོར་ལུག་ཕྱིར་འཚོང་གི་ཐབས་ལམ་རྒྱ་སྐྱེད་དེ་རིམས་ནད་ཀྱི་དུས་བབ་འོག རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་ཡོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་གཞི་རིམ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 

མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་དང་པོ་སྤེལ་ཞིང་ཉོ་ཚོང་དངུལ་འབོར་སྒོར་ཁྲི་སྟོང་ལྷག་ཟིན།

     13.png

      བཅུ། ཟླ10བའི་ཚེས12ཉིན། རྐང་ཚ་རྫོང་གིས “ལོ་ལེགས་འབྱུང་བར་རྟེན་འབྲེལ་ཞུ། རྫོགས་ལྡན་བསུས་ཏེ་དར་སྤེལ་སྐུལ།”ཞེས་པ་བརྗོད་དོན་ཡིན་པའི2022ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་བྱེད་སྒོ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་དང་པོ་སྤེལ་ཞིང་། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ། རྐང་ཚའི་ས་ཁོངས་ཀྱི་སྤུས་རྟགས་ཕན་འབྲས་མཐོ་རུ་བཏང་ནས་གྲོང་གསེབ་དར་སྤེལ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་འཇགས་ངང་འཕར་བར་སྐུལ་འདེད་བཏང་། སྐམས་ཤ་དང་ལུག་ཤ འབྲི་མོའི་འོ་ཆང་། སྦྲང་རྩི། ནོར་ཁུལ་ཐོན་དངོས། དཀར་ཆུའི་ཐོན་རྫས་སོགས“ཁྱད་ལྡན་གསར་བྱུང”ཞིང་ཕྱུགས་ཐོན་རྫས་རིགས༢༠ལྷག་འོས་སྦྱོར་བྱེད་སྒོའི་ནང་ཞུགས་ཡོད།  ཡུལ་དངོས་སུ་སྐམས་ཤ་དང་ལུག་ཤ་ཉོ་ཚོང་གི་གྲོས་མཐུན5བཞག་པ་དང་། འབྲོག་ལས་ཐོན་རྫས་ལས་སྣོན་ཐོན་སྐྱེད་རིམ་པ2ནང་འདྲེན་བྱས་ཤིང་། སྒྲོམ་གཞིའི་གྲོས་མཐུན་ལ་ཁྱོན་མ་དངུལ་སྒོར་ཁྲི6000ཟིན་ཡོད། ནོར་ལུག4683ཉོ་ཚོང་བྱས་ལ(དེའི་ནང་ནོར1083དང་བོད་ལུག6600ཡོད)། ཉོ་ཚོང་བསྡོམས་འབོར་སྒོར་ཁྲི1393.23ཟིན་ཡོད། སྐམས་ཤ་དང་ལུག་ཤ་ཏུན31.53ལ་མིང་རྟགས་བཀོད་ཅིང་ཉོ་ཚོང་དངུལ་འབོར་སྒོར་ཁྲི1869.42ཟིན་ཡོད། རྐང་ཚ་ཞིང་ལས་ཚོང་དོན་དངུལ་ཁང་དང་མཚོ་འཁྱིལ་ཡུལ་ཚོའི་གསེར་རི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་སྒོར་ཁྲི1000གི་དངུལ་བུན་གཏོང་བར་གན་རྒྱ་བཞག་པ་རེད། ཐེངས་འདིའི་བྱེད་སྒོས་མཁོ་འཚོང་ལས་སྟེགས་བསྐྲུན་ནས་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་བྱས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁག་ཅིག་གཅིག་སྡུད་ཐོག་འོས་སྦྱོར་བྱས་ཏེ། སྤྱི་ཚོགས་ཀྱི་ལེགས་ཆའི་མ་རྩ་དང་སྐམས་ཤ་དང་ལུག་ཤ དེ་བཞིན་ཕྱུགས་ཟོག་ཁྲོམ་རའི་མཁོ་སྤྲོད་འབྲེལ་བ་བཙུགས་པས། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཇེ་ཆེ་དང་རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་འདུག


མཉམ་སྤྱོད།