དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཐོན་པོ་སྒང་རི་འཛེགས་བྱེད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ།

2023-01-12 11:19:06   |   520

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   གངས་ལྗོངས་འཕྲིན་གསར།


 སྐབས་དགུ་བའི་རྒྱལ་ཡོངས་མང་ཚོགས་ཀྱི་གངས་འཁྱགས་དུས་ཚིགས——2023ལོའི“ལོ་སར་བསུ”བའི་མཐོན་པོ་སྒང་རི་འཛེགས་བྱེད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ།

ཟླ1པོའི་ཚེས11ཉིན། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཁུལ་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁུལ་མང་ཚོགས་ལུས་རྩལ་མཛུབ་སྟོན་ཞབས་ཞུ་ལྟེ་གནས་ཀྱིས་འགན་སྒྲུབ་གནང་ཞིང་། ཁུལ་སྤྱི་བདེ་ཅུས་དང་ཁུལ་རྒྱ་གྲམ་དམར་བོ་ཚོགས་པ། ཁུལ་མི་དམངས་སྨན་ཁང་དང་པོ། ཁུལ་གནམ་གཤིས་ལས་ཁུངས་། མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་རོགས་སྒྲུབ་བྱས་ནས་སྤེལ་བའི2023ལོའི“ལོ་སར་བསུ”བའི་མཐོན་པོ་སྒང་རྐང་བགྲོད་རི་འཛེགས་བྱེད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་སོགས་མགོ་ཁྲིད་རྣམས་བྱེད་སྒོར་ཞུགས།      

      ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་ཞིག་ཡིན་ཞིང་། ས་མཐོའི་ལུས་རྩལ་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ་དང་བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་མཚོ་བྱང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པ། དུས་དང་རྣམ་པ་ཀུན་ཏུ་ཡུལ་སྐོར་བཀོད་སྒྲིག་འཕེལ་རྒྱས་གཏོང་བའི་ལག་ལེན་དངོས་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་གསོད་དང་ཕྱི་རོལ་ལུས་རྩལ་གྱི་ངར་སེམས་ཉམས་ལེན་བྱེད་པའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཞིག་ཀྱང་རེད། བྱེད་སྒོའི་དམིགས་ཡུལ་ནི་མཐོན་པོ་སྒང་གི་སྐྱེ་ཁམས་བཟང་བོ་ལ་བརྟེན་ནས་མཚོ་བྱང་ཁུལ་གྱི“ལུས་རྩལ་དང་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་སྟེ་མཐོན་པོ་སྒང་འདི་ཉིད་རྒྱལ་གཅེས་རིང་ལུགས་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་གསར་བརྗེའི་རྟེན་གཞིར་འགྱུར་བ་དང་མཚོ་བྱང་ཡུལ་སྐོར་གྱི་མིང་བྱང་གསར་བ་དང་མཚོ་སྔོན་པོ་དང་གསེར་དངུལ་ཐང་ལ་རྒྱང་ལྟ་བྱེད་པའི་མཛེས་ལྗོངས་ཁུལ་གསར་བ་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་རེད།    

ཐེངས་འདིའི་བྱེད་སྒོ་དེ་སྤྱི་ལེ5ཡི་ཚན་ཆུང་དང་སྤྱི་ལེ10ཡི་ཚན་ཆུང་གཉིས་སུ་དབྱེ་ཡོད་པ་དང་། སྒྲིག་འཛུགས་ཨུ་ལྷན་གྱིས“བདེ་འཇགས་ཨང་དང་པོ་དང་། གཙོ་གནད་ནི་བྱེད་སྒོའི་ནང་ཞུགས་རྒྱུ་དེ་ཡིན་པ”རྩ་དོན་དུ་བཟུང་ནས་འགྲན་ཞུགས་མི་སྣའི་གཟུགས་གཞི་ལྟ་ཞིབ་ཚད་ལེན་དང་བགྲོད་ལམ་བདེ་འཇགས། སྨན་བཅོས་སྲོག་སྐྱོབ། རྒྱབ་ཕྱོགས་འགན་ལེན་སོགས་ཕྱོགས་སོ་སོར་འགན་ལེན་ཞིབ་ཚགས་ནུས་ལྡན་བྱས་ཤིང་། བྱེད་སྒོའི་གྲ་སྒྲིག་དུས་མཚམས་སུ་དྲ་ཐོག་བརྒྱུད་དེ་འགྲན་ཞུགས་པར་ཕྱི་རོལ་གྱི་རྐང་བགྲོད་རི་འཛེགས་ཤེས་བྱ་ཁྱབ་གདལ་གསོ་སྦྱོང་བྱས་པ་དང་འབྲེལ་རྐང་ཐང་དུ་སྐྱོད་པའི་རྩལ་ནུས་ཚོད་ལྟ་བྱས་ཏེ་འགྲན་ཞུགས་པའི་གཟུགས་པོའི་གནས་ཚུལ་ལེགས་པ་དང་ཕྱི་རོལ་གྱི་ལུས་རྩལ་ཤེས་བྱ་གསོག་འཇོག་གི་ཚད་གཞི་ལོན་པའི་འགན་ལེན་བྱས། དེ་དང་ཆབས་ཅིག་ལས་སྒྲུབ་རླངས་འཁོར་གྱི་ཁ་ལོ་བ་ཚང་མར་བདེ་འཇགས་ངང་རླངས་འཁོར་སྐོར་བའི་སློབ་གསོའི་གསོ་སྦྱོང་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བྱས་ལ། ཐེངས་འདིའི་བྱེད་སྒོའི་ཁྲོད་འགྲན་ཞུགས་པ60ལྷག་གིས་བདེ་བླག་ངང་རི་འཛེགས་བྱེད་སྒོ་ལེགས་གྲུབ་བྱུང་བར་མ་ཟད་བྱ་དགའ་ཐོབ།


མཉམ་སྤྱོད།