དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

2023-01-13 09:48:48   |   462

རྩོམ་སྒྲིག  སངས་དོན།      ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། 


3.jpg

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས་པ་དང་། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཟླ་དང་པོའི་ཚེས10ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། 2022ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བར་སྤྱི་བསྡོམས་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་བཀོད་སྒྲིག་བྱས།

ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། 2022ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། 2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས2022ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་སྤྱི་བསྡོམས་བྱས་ནས། 2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་བྱེ་བྲག་གི་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཁྲེན་རུའེ་ཧྥེང་དང་ཝང་ཝུའེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙེ་པིའེ་ཁོ·རོའུ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་ན་ནིང་ཚུན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། འདས་ཟིན་པའི་ལོ་གཅིག་ནི་དོན་ཆེན་མང་བ་དང་དཀའ་ཚེགས་མང་བ།དཀའ་གནད་མང་བའི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་སྤྱིར་བཏང་མ་ཡིན་ཞིང་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་པར་འདོད་ཡོད། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ལྡན་པའི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་ལ་དམིགས་པ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱི་རྡབ་རྡེག་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བཅས་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཏང་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། “རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་བརླིང་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀུན་སེམས་གཅིག་མཐུན་དང་འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན་བཅས་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས་ཤིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དང་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྩ་འཛུགས་སྒོས་འཚོགས་པ་དེ་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས“གནས་བཞི”ཡི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོར་བཏང་བ། འཕེལ་རྒྱས་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་སྐྲུན་གཏིང་ཟབ་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བར་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། བྱ་གཞག་སོ་སོ་འཕེལ་རྒྱས་ཡོང་བར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་ཡོད།

ཚང་འཛོམས་གྲོས་ཚོགས་སྟེང2022ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་སྤྱི་བསྡོམས་བྱས་ཏེ་བསྟན་དོན། ན་ནིང་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ལྡན་གཏན་ནས་མིན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པ་དང་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རིམས་ནད་ཀྱི་རྡབ་རྡེག་ཕོག་ཡོད། ང་ཚོས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། ཞུན་མེད་མདུན་སྐྱོད་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ། ལས་ཞུགས་དང་ཟོག་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡིན་པ། འབྲུ་རིགས་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས།མི་དམངས་ཀྱི་འཚོ་བ་བཅས་ལ་འགན་སྲུང་ནུས་ལྡན་བྱེད་པ་བཅས་ཀྱིས། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་པོ་ཡོང་བ་སྲུང་འཛིན་བྱས་ཡོད།

གྲོས་ཚོགས་སྟེང་བསྟན་དོན། ཐོབ་དཀའ་བའི་གྲུབ་འབྲས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོར་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཤིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ།འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་ཀྱི་གྲུབ་འབྲས་རེད། 2022ལོའི་བྱ་བར་ཁྱོན་ཡོངས་དང་རྩོད་སྒྲུབ་ཀྱི་སྒོ་ནས་ལྟ་སྟངས་འཛིན་པ་དང་ལོ་གཅིག་གི་དམིགས་ཚད་ལ་བལྟ་དགོས་པར་མ་ཟད། ད་དུང་དུས་ཡུན་རིང་པོའི་ནང་གྲངས་གཞི་འཕར་ཆག་གི་རྣམ་པ་དང་ཁྲོམ་རའི་འགྱུར་ལྡོག་གི་རྣམ་པ། མང་ཚོགས་ལ་ཐོབ་པའི་དངོས་ཡོད་གནས་ཚུལ། ཡུན་རིང་འཕེལ་རྒྱས་ཀྱི་རྣམ་པ་བཅས་ལའང་བལྟ་དགོས། འཐབ་ཇུས་ཀྱི་ངེས་ཤུགས་མུ་མཐུད་རྒྱུན་འཁྱོངས་དང་། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། ངར་ཤུགས་གཅིག་སྒྲིམ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཚོ་སྔོན་དུ་དོན་འཁྱོལ་དང་གྲུབ་འབྲས་བཟང་པོ་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། མིག་སྔའི་གནས་བབ་ཡང་དག་སྒོས་ཁོང་དུ་ཆུད་པར་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ད་ལོ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་་གི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པའི་ཐད་རྩ་དོན་ཆེན་པོ་ཁ་གསལ་དང་གནས་ལུགས་ཆེན་པོ་གསལ་བཤད། རིག་ལམ་ཆེན་པོ་གསལ་བོ་དང་ཁ་ཕྱོགས་ཆེན་པོ་གསལ་སྟོན་བཅས་བྱས་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མགོ་ལེགས་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་གལ་དོན་སྙིང་གལ་ཆེན་ལྡན་ཡོད།ཆབ་སྲིད་ཀྱི་རང་རྟོགས་མཐོན་པ་དང་། བསམ་བློའི་རང་རྟོགས་མཐོན་པོ།འགུལ་སྤྱོད་ཀྱི་རང་རྟོགས་མཐོན་པོ་བཅས་ཀྱི་ཐོག་ནས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ཡང་དག་པའི་སྒོ་ནས་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ།ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་སྒོ་ནས་འབྱུང་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་གི་དུས་བབ་འགྱུར་ལྡོག་ལ་ལྟ་སྟངས་ཡང་དག་འཛིན་པ་དང་།རང་འགུལ་ངང་གོ་སྐབས་དམ་འཛིན་བྱེད་པ།འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་ད་ལོའི་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ད་ལོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ནི་སྔོན་དཔག་བརྟན་པོ་དང་ཡིད་ཆེས་འཕེལ་བར་བྱེད་རྒྱུ་དེ་རེད། ང་ཚོའི་ཡིད་ཆེས་ནི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་དང་བཀོད་སྒྲིག་ལས་བྱུང་ཞིང་། དེ་ནི་ཕན་པ་ཆེ་ཤོས་ཡིན་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ལས་བྱུང་ཞིང་། དེ་ནི་གོ་སྐབས་ཆེ་ཤོས་ཡིན་པ་དང་། ཐོན་ཁུངས་རང་སྤུས་ལས་བྱུང་ཞིང་། དེ་ནི་དགེ་མཚན་ཆེ་ཤོས་ཡིན་ཞིང་། མཐུན་སྒྲིལ་འབད་འཐབ་ལས་བྱུང་ཞིང་། དེ་ནི་སྒུལ་ཤུགས་ཆེ་ཤོས་ཡིན་པ་དང་། ཏང་གི་མགོ་ཁྲིད་ལས་བྱུང་ཞིང་། དེ་ནི་འགན་ལེན་ཆེ་ཤོས་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་དང་པོར་བརྩི་བ་དང་། སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་རྒྱུ་དེ་དམིགས་བསལ་འཐབ་ཇུས་སུ་བརྩི་བ། བཅོས་སྒྱུར་སྒོ་འབྱེད་བྱེད་རྒྱུ་དེ་གཞི་རྩའི་ཐབས་ལམ་དུ་བརྩི་བ། དམངས་འཚོ་ལེགས་སུ་གཏོང་བ་དེ་རྩ་བའི་དམིགས་འབེན་དུ་བརྩི་བ། བདེ་འཇགས་བརྟན་བརླིང་ཡོང་བ་དེ་མ་མཐའའི་བླང་བྱར་བརྩི་བ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱི་རྒྱལ་ནང་གི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་ཐོན་ཁུངས་རིགས་གཉིས་དང་ཁྲོམ་ར་གཉིས་བེད་སྤྱོད་ཡག་པོ་བྱེད་པ།འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ཡག་པོར་སྒྲུབ་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། མཚོ་སྔོན་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་བར་སྟོང་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། རྙོག་འཛིང་ཆེ་བའི་རྣམ་པ་དང་ཛ་དྲག་གི་གནས་བབ་འོག་རང་འགུལ་ཐོབ་པ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ད་ལོའི་དཔལ་འབྱོར་བྱ་བར་སྤྱིའི་བླང་བྱ་བཏོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག་དང་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་ཀྱིས། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང་། “ཡིད་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་བསྐྲུན་པ། ཐོན་ལས“གནས་བཞི”འཛུགས་སྐྲུན་མགྱོགས་སུ་གཏོང་བ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དེ་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཟུང་འབྲེལ་དམ་ཚགས་བྱེད་པ། བརྟན་པོའི་ངང་འཕར་བ་དང་ལས་ཞུགས་བརྟན་པོ་ཡོང་བ། ཟོག་གོང་བརྟན་པོ་ཡོང་བ་བཅས་ཀྱི་བྱ་བ་མངོན་གསལ་དོད་པོས་ཡག་པོར་སྒྲུབ་པ། ཉེན་ཁ་ཆེན་པོ་འགོག་ཟོན་ནུས་ལྡན་དང་སེལ་བར་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། ངོ་བོ་སྤུས་ཚད་མཐོན་པོས་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་ངང་འཕར་བ་མངོན་འགྱུར་ཡོང་བར་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བླངས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ད་ལོའི་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་དགོས་ན། གཙོ་བོ་གཤམ་གྱི་ཕྱོགས་ལྔ་པོ་ལེགས་པོར་འཛིན་དགོས། གཅིག དཔལ་འབྱོར་སླར་གསོ་བྱས་ཏེ་བཟང་ཕྱོགས་སུ་འཕེལ་བར་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཉིས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་པོར་བསྐྲུན་དགོས། གསུམ། སྤུས་ཚད་མཐོ་བའི་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་དགོས། བཞི། སློབ་གསོ་དང་ཚན་རྩལ་གྱི་འཇོན་མི་འཕེལ་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་དགོས། ལྔ། དམངས་འཚོའི་མ་མཐའ་བློ་ཐག་རྦད་ཆོད་ཀྱིས་བརྟན་པོར་སྲུང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ད་ལོའི་བྱ་བ་ལེགས་པོར་བསྒྲུབ་དགོས་ན། གནད་འགག་ནི་ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འགན་འཁྲི་གང་ནུས་ཀྱིས་འཁུར་ཞིང་ཁག་ཁུར་བྱས་འབྲས་ཡོད་དགོས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་མེད་ཡིན་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དེ་ཆབ་སྲིད་ཀྱི་དོན་ཆེན་དང་ཆབ་སྲིད་ཀྱི་ལས་འགན། ཆབ་སྲིད་ཀྱི་སྒྲིག་ལམ་དུ་བརྩི་དགོས། གཞུང་ལུགས་སློབ་སྦྱོང་ལེགས་པོར་འཛིན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བསྟུད་མར་གཏིང་ཟབ་ཏུ་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སློབ་སྦྱོང་ཆེན་པོར་བརྟེན་ནས་ནུས་པ་མཐོར་འདེགས་ཡོང་བར་ཡར་སྐུལ་བྱེད་པ། རྟོག་ཞིབ་ཆེན་པོར་བརྟེན་ནས་སྤྱོད་ཚུལ་བསྒྱུར་བར་སྐུལ་འདེད་གཏོང་བ། ལག་ལེན་ཆེན་པོར་བརྟེན་ནས་བྱ་གཞག་གི་འཕེལ་རྒྱས་ཆེན་པོ་འབྱུང་བ་མངོན་འགྱུར་བྱེད་དགོས། དངོས་འཛིན་དངོས་གཉེར་རྒྱུན་འཁྱོངས་བྱེད་དགོས། “ང་མ་གཏོགས་སུ་ཡོད”ལྟ་བུའི་འགན་འཁྲི་འདུ་ཤེས་དང“སྡོད་ལོང་མེད་པ”ལྟ་བུའི་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཀྱིས། ཐག་གཅོད་དཀའ་བའི་གནད་དོན་མང་པོ་ལག་ཏུ་བླངས་ནས་བྲེལ་འཚུབ་ཆེ་བའི་མི་ཞིག་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ། ལག་ལེན་གྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་ཧུར་བརྩོན་གྱིས་བསྐྲུན་དགོས། ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བྱེད་པ་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་ལ་ལྟ་སྐུལ་བྱེད་པ་འབུར་དུ་དོད་པ་དང་ལག་བསྟར་དོན་འཁྱོལ་ནན་འཛིན་གྱི་ངེས་ཤུགས་རྒྱུན་འཛིན་བྱེད་པ། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་རྩ་བ་ཚུགས་ཤིང་གྲུབ་འབྲས་སྨིན་པར་ཁག་ཐེག་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ལྷོད་མེད་བྱེད་དགོས། རིགས་སོ་སོའི་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་།མཉམ་དུ་ལས་ཀ་བྱེད་པ། ཏང་གི་དར་ཆའི་འོག“སྲ་ཞིང་བརྟན་པའི་ངར་ལྕགས”ཤིག་ཏུ་མཐུན་སྒྲིལ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་བྱ་བ་སོ་སོ་ཡག་པོར་སྒྲུབ་པགབཅས་ཀྱིས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་སུ་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་བླང་བྱ་བཏོན་དོན། ད་ལོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། མཐུན་སྒྲིལ་འབད་འཐབ་དེ་བསྲུང་བྱའི་གདམས་ངག་ཏུ་བརྩིས་ཏེ། ལས་བྱེད་པར་བྱེད་ཕོད་པ་དང་ས་གནས་ལ་མཆོང་ཕོད་པ། ཁེ་ལས་ལ་སྒྲུབ་ཕོད་པ།མང་ཚོགས་ལ་གསར་གཏོད་བྱེད་ཕོད་པ་བཅས་བྱེད་དུ་འཇུག་དགོས་། ལས་བྱེད་པར་སྒྲུབ་ཕོད་དུ་འཇུག་དགོས་ན། ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་པོ་དང་། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ནུས་དང་འགན་འཁྲི་ལག་ལེན་མཐའ་གཅིག་ཏུ་བསྟར་བ། དམ་པ་དོན་གཉེར་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གཏོད་པ་བཅས་བྱེད་དགོས། ས་གནས་མཆོང་ཕོད་པར་བྱེད་དགོས་ན།བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། བྱེད་ཐབས་སྔར་ལས་ཏན་ཏིག་དང་། ཤུགས་སྔར་ལས་ཆེ་བར་བརྟེན་ནས་གནད་འགག་དམ་འཛིན། གཙོ་གནད་དམ་འཛིན།དཀའ་གནད་ལས་སྒྲོལ་བ་བཅས་བྱས་ཏེ། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་མགོ་ཡག་པོ་ཞིག་རྩོམ་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། ཁེ་ལས་ལ་སྒྲུབ་ཕོད་དུ་འཇུག་དགོས་ན། “གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས”དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ནུས་ལྡན་གྱི་ཚོང་ར་དང་ཁག་ཁུར་ཡོད་པའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་ལས་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚོང་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས་ལ་ཚོང་རའི་རྒྱ་མཚོའི་ཁྲོད་དུ་སྐྱེ་སྟོབས་རྒྱས་པར་བྱས་ནས་ཕན་ཚུན་འགྲན་རྩོད་ཀྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བྱེད་དགོས་ན། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དཔའ་བོ་ངོ་མ་ཡིན་པ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ལྷག་བསམ་རྣམ་དག་ངང་སྲིད་དོན་དམངས་ལ་འདྲི་བ་དང་། ལྷག་བསམ་རྣམ་དག་ངང་མཁོ་དགོས་དམངས་ལ་འདྲི་བ། ཁེངས་སྐྱུང་ངང་ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ཏེ་དུས་རབས་གསར་པའི་མཚོ་སྔོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ལུགས་རྙིང་ལོ་གསར་ཐོན་ལ་ཡོད་པས་དུས་ཆེན་སྐབས་ཀྱི་བྱ་བ་སོ་སོ་ཡག་པོར་བསྒྲུབས་ཏེ། མི་རིགས་སོ་སོའི་མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་ངང་དུས་ཆེན་གཏོང་ཐུབ་པར་བྱེད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བའི་དོན་དག་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་སྒྱུར་བྱེད་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ལེགས་པོ་བྱེད་པ། ཞིང་པ་ཞོར་ལས་པར་གླ་ཆ་སྤྲོད་རྒྱུར་སེམས་ཁུར་དང་དོ་ཁུར་བྱེད་པ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་བྱ་བ་ནན་ཏན་ངང་སྤེལ་བ། བདེ་འཇགས་ཐོན་སྐྱེད་དང་ལུགས་རྙིང་ལ་གསར་སྐབས་ཀྱི་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་དང་བཟའ་བཅའ་དང་སྨན་རྫས་སོགས་བདེ་འཇགས་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ། གེགས་འགོག་གེགས་སེལ་དང་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་བ།ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། ལུགས་རྙིང་ལོ་གསར་སྐབས་ཀྱི་འབྲེལ་ཡོད་རིག་གནས་བྱ་འགུལ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་པ་བཅས་ཀྱིས། རིགས་སོ་སོའི་མང་ཚོགས་བདེ་འཇགས་དང་བརྟན་བརླིང་། བག་ཕེབས་བཅས་ཀྱི་སྒོ་ནས་དུས་ཆེན་གཏོང་ཐུབ་པ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་བསྡུར་གཏན་འབེབས་བྱས་པ་དང་། 2022ལོའི་ལོ་འཁོར་གྱི་གྲོང་ཁྱེར་དང་ཁུལ་དང་།ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ལས་ཀའི་ཕན་འབྲས་ལ་གདེང་འཇོག་བྱས་པ། 2022ལོའི་ལོ་འཁོར་གྱི་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱ་བ་དང་ལོ་འདིའི་ནང་གདམ་གསེས་བསྐོ་སྤྱོད་བྱེད་པའི་མགོ་ཁྲིད་ལས་བྱེད་པར་དམངས་གཙོའི་དཔྱད་མོལ་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་སྟེང་འབོད་སྐུལ་གནང་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀུན་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པ། སྤོབས་པ་ཆེར་བསྐྱེད་ཀྱི་རྣམ་པ་བཟང་པོར་བརྟེན་ནས་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་མགོ་ཡག་པོ་རྩོམ་པ་དང་གོམ་པ་ལེགས་པོར་སྤོ་དགོས།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་རྣམས་གྲོས་ཚོགས་སུ་ཞུགས་ཡོད། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མ་ཡིན་པའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་བཅས་ཀྱི་ཁོངས་མི་དང་། ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་།ཞིང་ཆེན་སྲིད་གཞུང་གྲུབ་ཆའི་སྡེ་ཚན། མི་དམངས་ཚོགས་པདང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ་བཅས་ཀྱི་ཏང་ཨུའི(ཏང་ཙུའུ)འགན་འཁུར་བློ་མཐུན་གཙོ་བོ། རང་རེའི་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་ཁ་ཤས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁ་ཤས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་ཁ་ཤས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་བྱས། །


མཉམ་སྤྱོད།