དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་ལས་ཁུངས3ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞིའི་མིང་བཏགས་བྱས་འདུག

2023-02-01 16:39:25   |   156

སྒྲིག་སྒྱུར།   སངས་དོན། 


        ཉེ་ཆར།  ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོར་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་དཔར་འགྲེམ་བྱས་པའི《སྐོར་ཁག་བཞི་བའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞིའི་མིང་བཏགས་ཐད་ཀྱི་ཐག་བཅད》ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས40ལ་སྐོར་ཁག་བཞི་བའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞིའི་མིང་བཏགས་བྱས་འདུག   དེའི་ཁྲོད། མཚོ་བྱང་ཁུལ་གྱི་མདའ་བཞི་རྫོང་དུས་རབས་མི་དཔེ་རྗེས་དྲན་ཁང་དང་མདའ་བཞི་རྫོང་ནུབ་མཚོ་ཅུན་དངོས་མང་བཤམས་སྟོན་ཁང་། མདོ་ལ་རྫོང་གསར་བརྗེའི་ནུབ་ལམ་དམག་དཔུང་འབུམ་དམག་གཉིས་པའི་རྗེས་དྲན་ཁང་བཅས་ལས་ཁུངས3ཐེངས་འདིའི་མིང་བཏགས་མིང་ཐོ་རུ་ཚུད་འདུག


མཉམ་སྤྱོད།