མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས21ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་གིས“ཁེ་ལས་ལ་ཕན་ཡོན་སྐྱེལ་བའི”ཚོགས་ཆེན་འཚོགས།

2023-02-02 18:19:35   |   139

རྩོམ་སྒྲིག  སངས་དོན།     ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


མཚོ་བྱང་ཁུལ་གྱིས“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད”ཚོགས་ཆེན་འཚོགས། ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།

ཟླ2པའི་ཚེས2ཉིན།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད”ཚོགས་ཆེན་འཚོགས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་བཀོད་སྒྲིག་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད”ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱིས་མཚོ་བྱང་ལ་མ་འཇོག་བྱེད་པ་དང་མཚོ་བྱང་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱས་ནས་ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་བརྩམས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།

a.jpg

ཚོགས་འདུའི་ཐོག ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཁུལ་ཡོངས་ཀྱི་བཟོ་ལས་ཚོང་དོན་ཁེ་ལས་ཀྱི་འཁོར་སྐྱོད་གནས་ཚུལ་ཁྱབ་བརྡ་བཏང་ཞིང་། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་གིས“ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད”ཀྱི་ཇུས་གཞིའི་ནང་དོན་གཙོ་བོ་གསལ་འགྲེལ་བྱས་པ་དང་།  རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་རྐང་ཚ་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་འཛིན་པ་མའོ་ཏ་པིན་དང་ཀྲུང་ཀོང་ཧི་ནུས་རྒྱུ་སྡེ་ཚོགས་མདའ་བཞི་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཞུས་ཧྲི། མཚོ་སྔོན་ཅིན་མདོ་ལའི་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་བ་མའོ་ཞོས་ཆིན། འཇུ་ལག་ཞུ་ཧུང་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་སུང་ཅི་ཆོན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཝང་ཨེར་ཧྲིག ཀྲུང་གོ་འབྲེལ་འཕྲིན་མཚོ་བྱང་ཡན་ལག་ཀུང་སིའི་སྤྱི་གཉེར་བ་ཆའོ་པའོ་ཡོན། མཚོ་སྔོན་ཞིང་ཆེན་ནུབ་མཚོ་རྡོ་སོལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཀྲང་ཅུན་ཧྥིན། མཚོ་སྔོན་ཁའེ་ཏི་ལེ་སྦུག་ལམ་བཟོ་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཀའོ་རོས་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ལ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་རྫོང་སོ་སོའི་འབྲེལ་ཡོད་ཁེ་ལས་ཀྱིས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་བྱས། 

b.jpg

c.jpg

ཤ་བོ་སྐྱབས་ཀྱིས་ཁེ་ལས་ཀྱིས་བཏོན་པའི་དཀའ་ཁག་ལ་ལན་བཏབ་པར་མ་ཟད། ཁེ་ལས་ཀྱིས་མཚོ་བྱང་གི་བཅོས་སྒྱུར་འཕེལ་རྒྱས་ཐད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་ལ། ཁེ་ལས་ལེགས་ཤིང་ཐོན་ལས་ལེགས་ན་མཚོ་བྱང་དེ་ལས་ལེགས་པ་དང་། ཁེ་ལས་སྟོབས་ཆེ་ཞིང་ཐོན་ལས་སྟོབས་ཆེ་ན་མཚོ་བྱང་གི་སྟོབས་ཤུགས་དེ་ལས་ཆེ། རིམས་ནད་བྱུང་བ་ནས་བཟུང་ཁེ་ལས་པ་ཚོས་མཚོ་བྱང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བ་དང་ཐོན་ལས་གཞན་སྒྱུར་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཤིང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་སྒུལ་ཤུགས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཡོད། མཚོ་བྱང་གི་ཁེ་ལས་པ་རྣམས་ལ་བརྩེ་སེམས་དང་འགན་འཁྲི་ཡོད་པས་མཚོ་བྱང་གི་ཕྱོགས་སྒྱུར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྲོག་ཤིང་ལྟ་བུ་ཞིག་དང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་འོད་སྟོང་འཕྲོ་བའི་རེ་བ་བྱེད་ས་ཞིག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་ཐུབ་ཡོད་པར་བསྟན།    ཁོང་གིས་མིག་སྔར་མཚོ་བྱང་འདི་ཉིད་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕྲད་ཡོད་པས། རྒྱ་ཆེའི་ཁེ་ལས་པས་གནད་དོན་ལ་ཁ་གཏད་འཇལ་བ་དང་རྣམ་པ་དང་སྟོབས་ཤུགས་ཁོང་དུ་ཆུད་པར་བྱེད་པའི་ཁྲོད་དུ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་བརྟན་དུ་བཏང་སྟེ། མཚོ་བྱང་གི་དགེ་མཚན་ལྡན་པའི་ཐོན་ལས་སྦྲེལ་ཐག་རྒྱ་སྐྱེད་དང་དཔལ་འབྱོར་གསར་བ་གསོ་སྐྱོང་བྱེད་པའི་དགོས་མཁོར་རྩེ་གཅིག་ཏུ་དམིགས་ཏེ། ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་བཀོད་སྒྲིག་བྱེད་པའི་ཁྲོད་འདྲེས་པར་བྱེད་པ་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་འཕེལ་རྒྱས་ཆགས་སྟངས་ནང་འདྲེས་པར་བྱེད་པ།    མཚོ་བྱང་གི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་ལག་ལེན་ནང་འདྲེས་པར་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་འཚབ་འཚུབ་མེད་པར་ཁ་གཏད་གཅོག་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་ལེགས་སྐྱེས་དེ་ལས་ཆེ་བ་འབུལ་དགོས་ཤིང་། བྱས་རྗེས་ཧུར་ཐག་བཞག་སྟེ་དཔལ་འབྱོར་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཐོན་སྐྱེད་གཉེར་སྐྱོང་བརྟན་པོ་དང་ཆས་རྟགས་སྟོབས་ཆེར་གཏོང་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད། མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ལེགས་པོ་བྱེད་པ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ཐད་མུ་མཐུད་དུ་འབད་བརྩོན་བྱས་ནས་མཚོ་བྱང་གི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་གསར་བ་ཡོང་བར་བྱེད་དགོས་ལ།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞབས་ཞུར་ཤུགས་བསྣན་ནས་ཚོང་རའི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གནས་སུ་འཇོག་པ་དང་།  རང་དཔེ་གཞན་སྟོན་སྒོས་ཁེ་ལས་ལ་བསམ་གཞིགས་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ། ཁེ་ལས་འཕེལ་རྒྱས་ལ་རོགས་རམ། ལས་བྱེད་པ་རྣམས་ལ་བྱ་བ་ནན་ཏན་སྒོས་སྒྲུབ་ཏུ་འཇུག་པ། ཁེ་ལས་ལ་གྲུབ་འབྲས་ལེན་དུ་འཇུག་པ་བཅས་བྱས་ཏེ། གཏན་ལ་ཕབ་པའི་བསམ་ཕྱོགས་དང་སྲིད་ཇུས་དོན་འཁྱོལ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་བ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ།  ཚོང་ལས་ལ་བརྩི་བཀུར་དང་ཚོང་ལས་ལ་དགའ་བ་བཅས“གཡོ་འགུལ་མི་བྱེད་པ་ལྔ”རྒྱུན་འཁྱོངས་བྱེད་པ་དང་། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་ལེན་བྱས་ནས་ཁེ་ལས་དང་འབྲེལ་བ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་ལྷག་བསམ་རྣམ་དག་ངང་ཁེ་ལས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ། ཁེ་ལས་ཀྱི་རེ་ཞུ་ཐབས་ལམ་ཤར་བགྲོད་ཡོང་བར་བྱེད་པ། སུས་ཁེ་ལས་ལ་འཚོ་བ་ཡག་པོ་སྐྱེལ་དུ་མ་བཅུག་ཚེ་ཁུལ་ཨུས་དེ་རང་དགར་མི་འཇོག་པར་ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་དེ་ལས་ལེགས་པའི་སྒོ་ནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

e.jpg

f.jpg

ཀྲང་ཧྲིང་ཡོན་གྱིས་ཁེ་ལས་ནི་ཁྲོམ་རའི་གཙོ་གཟུགས་དང་ཁྲལ་བསྡུའི་འབྱུང་ཁུངས། འཕེལ་རྒྱས་ཀྱི་བརྟེན་ས་བཅས་ཡིན་ལ་དམངས་ཕན་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ཁེ་ལས་པ་ཚོས་འཕེལ་རྒྱས་ཀྱི་ཐབས་ཇུས་དོན་གཉེར་དང་དཔའ་ངར་ཆེན་པོས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ནས་རང་ངོས་ཀྱི་དངོས་ཤུགས་མགྱོགས་མྱུར་སྒོས་འཕར་བར་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། མིག་སྔའི་མཚོ་བྱང་གི་འཕེལ་རྒྱས་དེ་འགག་རྩའི་སྐར་ཁུང་དུས་སུ་གནས་ཤིང་གོ་སྐབས་གལ་ཆེན་རབ་དང་རིམ་པར་འཕྲད་ཡོད་པས། རྒྱ་ཆེའི་ཁེ་ལས་དང་ཁེ་ལས་པས་མདུན་ལམ་ཆེན་པོ་ལྡན་པའི་འཐབ་ཇུས་ཀྱི་གོ་སྐབས་སྟངས་འཛིན་ནན་མོ་བྱས་ནས་ལས་གཞིར་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཚན་རིག་ལག་རྩལ་གསར་གཏོད་ལ་སྣང་ཆེན་བྱེད་པ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་བཅས་བྱས་ཏེ་རེས་སྐོར་གསར་བའི་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་དང་ལས་སྒྲུབ་ལས་གཏོད་བྱ་རྒྱུའི་རེ་བ་ཡོད་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་སྲིད་ཇུས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཁོར་ཡུག འཛད་སྤྱོད་ཀྱི་ཁོར་ཡུག ཞབས་ཞུའི་ཁོར་ཡུག་བཅས་སྔར་ལས་ཇེ་ལེགས་སུ་བཏང་སྟེ་ཁེ་ལས་ཀྱི་ཞབས་ཞུའི་ལས་གཞི་མང་དུ་གཏོང་བ་ལས་ཉུང་དུ་མི་གཏོང་བ་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་ལས་ལྕི་རུ་མི་གཏོང་བར་རང་འགུལ་གྱི་རྣམ་པ་དང་དེ་ལས་སྤུས་ལེགས་ཀྱི་ཞབས་ཞུ་ཡིས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པར་བསྟན།

ཁུལ་གྱི་མགོ་ཁྲིད་པད་རྒྱལ་བཀྲ་ཤིས་དང་། གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲིན་ཧྥང་། སིན་ཞུག་ཙུང་། སངས་འབུམ། ཞུས་ཡུང་ཀུང་། སུའུ་བདུན་ཅུ། ལིས་ཞུའེ་ཀྲིན། ཝང་ཞིན་ཧོས། ལི་ཞང་ཏུང་། ཧ་ཝུན་ཞུག ཁྲང་ལིན། པའོ་ཀྲིན་ཆིན། དབྱང་ཏེ། ཞའོ་རོས་ཞིན། ཁའེ་ཞའོ་ཆིན། མ་ཝུན་ཆོན་བཅས་ཚོགས་འདུར་ཕེབས་པ་དང་། ཁུལ་དམངས་ཆེན་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་གཞོན། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག རྫོང་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་བྱང་གི་རྫོང་བཞིར་རོགས་སྐྱོར་དུ་མངགས་པའི་བཅའ་སྡོད་ཚན་ཆུང་གི་འགན་ཁུར་བློ་མཐུན། ཁུལ་མངའ་ཁོངས་ཀྱི་ཀྲུང་དབྱང་ཁེ་ལས། ཁུལ་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས། དངུལ་རྩའི་སྒྲིག་གཞི། སྒྲིག་སྲོལ་ལྡན་པའི་བཟོ་ལས་ཁེ་ལས། ཚད་གཞི་ལྡན་པའི་ཚོང་དོན་ཁེ་ལས་བཅས་དང་དེ་བཞིན་རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས། ཕྱི་ཕྱོགས་ཚོང་དོན་ཁེ་ལས། ཁེ་ལས་འབྲིང་ཆུང་གི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།