མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས01ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྐང་ཚ་རྫོང་གིས་བརླན་ས་སྤྱི་ཆིང་ཁྲི4.64ལ་སྲུང་སྐྱོབ་བྱས།

2023-02-02 18:43:51   |   95

རྩོམ་སྒྲིག  སངས་དོན།     ཡོང་ཁུངས།   གངས་ལྗོངས་འཕྲིན་གསར། 


      ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྒོར་ཁྲི2844ཡི་བརླན་ས་སྲུང་སྐྱོབ་དང་སླར་གསོ་ལས་གཞི་ལག་བསྟར་བརྒྱུད་སྤྱི་ཆིང་ཁྲི4.64ཡི་བརླན་ས་ལ་ནུས་ལྡན་གྱི་སྲུང་སྐྱོང་བྱས་པས། བརླན་སའི་སྐྱེ་ཁམས་མ་ལག་སྔར་ལས་ལྷག་པའི་སྒོ་ནས་སླར་གསོ་དང་འཐུས་ཚང་དུ་གྱུར་ལ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རྐང་ཚ་རྫོང་འོམ་ཆུ་རྒྱལ་ཁབ་བརླན་ས་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོབ་ཐད་མུ་མཐུད་དུ་ཤུགས་བསྣན་པས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་སྔར་ལས་འཐུས་ཚང་དུ་གྱུར་ཏེ་བརླན་སའི་སྐྱེ་ཁམས་མ་ལག་འཁོར་སྐྱོད་ལེགས་པོ་དང་དྲང་ཕྱོགས་སུ་འགྱུར་ལྡོག་བྱུང་ཞིང་། འདམ་ར་བརླན་ས་སྐྱེ་ཁམས་ཐོན་ཁུངས་སྔར་ལས་འཛོམས་པོར་གྱུར་ཡོད། 



མཉམ་སྤྱོད།