མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།

2023-02-02 18:57:51   |   77

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།


     

 ཟླ2པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་རྣམ་བཤད་གལ་ཆེན། མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ལ། ན་ནིང་གི་ཞིང་གསུམ་བྱ་བར་སྤྱི་སྡོམ་བྱས་པ་དང་། ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཁྲིན་ཀང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ནམ་ཡང་ཞིང་གསུམ་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་བཏོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མྱུར་དུ་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ནས། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་བརྟན་འཇགས་དང་བདེ་འཇགས་ངང་མཁོ་འདོན་བྱེད་པར་འགན་སྲུང་བྱེད་པ། ཚན་རྩལ་དང་བཅོས་སྒྱུར་ཕྱོགས་གཉིས་ཀྱི་སྣེ་ཁྲིད་ལ་རྒྱབ་བརྟེན་ནས་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཆོད་གཏམ་གལ་ཆེན། ཤུགས་ཆེན་པོས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བའི་ནང་ཁོག་གི་རེ་བ། ཏང་གི་ཞིང་གསུམ་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པའི་རྣམ་བཤད་གལ་ཆེན་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་གྱི་ཞིང་གསུམ་བྱ་བའི་ལག་ལེན་དངོས་སུ་འགྱུར་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཞིང་གསུམ་བྱ་བར་དམིགས་ནས་བཏོན་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་ང་ཚོས་ཕྱིར་གཏོང་ས་ཆ་འཛུགས་སྐྲུན་བྱེད་པའི་ཆེས་ཆེ་བའི་དགེ་མཚན་དང་རྒྱུ་ནོར་རྩ་ཆེན་ཡིན་པས། ངེས་པར་དུ་རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པ་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་གྲངས་ཚད་བརྟན་འཇགས་སུ་གཏོང་བ། ཕྱིར་གཏོང་ཚད་རྒྱ་བསྐྱེད་པར་དམིགས་པ་དང་། ཚན་རྩལ་བཀོལ་སྤྱོད་བཟང་བོ་བྱེད་པ། མཐོ་སྒང་གི་ཁྱད་ལྡན་སོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། ཞིང་ཕྱུགས་ཐོན་རྫས་མཁོ་འདོན་ནུས་པ་མཐོར་འདེགས་གཏོང་བ། ཞིང་སྨན་བརྟན་བརླིང་ངང་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བ། གཞི་ཁྱོན་ཅན་དང་ལེགས་བསྡུ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན་དགོས། ཧུར་ཐག་གིས་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་བ་བསྐྲུན་པ་དང་། གནས་སྐོར་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། སྔོན་དུ་འཆར་འགོད་བྱས་ནས་མཐོ་སྒང་གི་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རོང་འབྲོག་ཁུལ་གྱི་བྱིས་པས་སློབ་གསོ་བཟང་བོ་དང་ལེན་བྱེད་ཐུབ་པར་བྱེད་པ། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་མ་ལག་བསྡུ་རུབ་ལ་ཤུགས་སྣོན་པ། ཞིང་སྡེ་འབྲོག་ཁུལ་དང་གྲོང་ཁྱེར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་ཀྱི་དགོས་མཁོ་དང་ནུས་པར་རྐང་བཙུགས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་པ། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་ནས། གྲོང་གསེབ་དར་སྤེལ་གྱི་རྨང་རྡོ་བརྟན་པོ་འདིང་དགོས། ཏང་གི་ཞིང་སྡེ་འབྲོག་ཁུལ་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། རིམ་པ་ལྔའི་ཧྲུའུ་ཅི་ཡིས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནུས་པ་ལྡན་པའི་ཞིང་གསུམ་ཐད་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་བསྣན་ནས། གོང་འོག་སྦྲེལ་མཐུད་དང་གནད་ཕིགས་སྲིད་སྤྱོད་བྱེད་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རང་ཡུལ་ནས་སྐྱེད་སྲིང་དང་ཕྱི་ཕྱོགས་ནས་ནང་འདྲེན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་དར་སྤེལ་ཐད་ནས་འཕེལ་རྒྱས་ཀྱི་སྣེ་ཁྲིད་མི་སྣ་དང་ཐོན་ལས་ཀྱི་སྣེ་ཁྲིད་མི་སྣ། སྲིད་ཇུས་ཤེས་མཁན་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གདམ་མངག་བྱེད་པ། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་རོང་འབྲོག་ཁུལ་གྱི་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས། རོང་འབྲོག་མང་ཚོགས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་གྲོང་གསེབ་དར་སྤེལ་དང་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་གཏམ་བཤད་སྐབས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་དང་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་འགུལ་སྐྱོད་ཆེན་པོ་དགུ་དང་ཟུང་འབྲེལ་བྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་ནན་མོ་བྱེད་པ། དགོངས་དོན་ཁྱིམ་ཚང་མང་པོར་དྲིལ་སྒྲོག་བྱས་ཏེ། ལས་འགན་དྲིལ་སྒྲོག་ཟབ་མོ་བྱེད་དགོས། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས་ནས་ལག་བསྟར་དམ་འཛིན་བྱེད་པར་དམིགས་པ་དང་། རྨོ་ཞིང་དང་ས་བོན་གཙིགས་སུ་འཛིན་པ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་ཤུགས་ཆེར་བསྐྱེད་དེ། སྤུས་ལེགས་འབྲུ་རིགས་བཟོ་སྐྲུན་དང་སོན་ལས་དར་སྤེལ་འགུལ་སྐྱོད་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ཐོན་འཕར་དང་ཡོང་འཕར་གཉིས་གཙིགས་སུ་འཛིན་པ་དང་། རྒྱལ་ཁབ་རིམ་པའི་ཞིང་ཕྱུགས་ཐོན་རྫས་དགེ་མཚན་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱས་ནས། འབྲུ་རིགས་འདེབས་པའི་ཞིང་བའི་ཡོང་སྒོར་འགན་སྲུང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཐོན་ལས་དར་སྤེལ་བཏང་ནས་ལག་བསྟར་དམ་འཛིན་བྱེད་པ་གཙིགས་སུ་འཛིན་པ་དང་། ཐོན་ལས་ཅན་འབུར་དུ་ཐོན་པར་བྱས་ཏེ། གྲོང་གསེབ་ཐོན་ལས་ཀྱི་ལས་རྣམ་གསར་བ་དར་སྤེལ་གཏོང་དགོས། ཚན་རྩལ་ཅན་འབུར་དུ་ཐོན་པར་བྱས་ནས། སྲོལ་རྒྱུན་ཞིང་ཕྱུགས་ལས་མྱུར་དུ་ཚན་རྩལ་ཞིང་ཕྱུགས་ལས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གཞི་ཁྱོན་ཅན་འབུར་དུ་ཐོན་པར་བྱེད་པ་དང་། འདུ་ཚོགས་ཅན་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། དཔེ་སྟོན་སྣེ་ཁྲིད་གྲུབ་པར་བྱེད་དགོས། ཚོང་རྟགས་ཅན་འབུར་དུ་ཐོན་པར་བྱེད་པ་དང་། ཐོན་རྫས་གདངས་འདེགས་རིམ་སྤོར་བྱས་ཏེ། མཚོ་སྔོན་རྟགས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་ཤན་ཤུགས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དེ་ལག་བསྟར་དམ་འཛིན་བྱེད་པ་གཙིགས་སུ་འཛིན་པ་དང་། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ཚད་མཐའ་བརྟན་སྲུང་བྱེད་པ། འགུལ་རྣམ་ལྟ་ཞིབ་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ནས། རོགས་སྐྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་དགོས། ཐོན་ལས་ཀྱི་རྒྱབ་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་། གྲོང་གསེབ་ཐོན་ལས་ཀྱི་མུ་ཐག་ཧྲིལ་བོའི་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྣེ་ཁྲིད་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། ལས་གཞིའི་མ་དངུལ་དོ་དམ་ལ་ཤུགས་སྣོན་དགོས། བབ་སྡོད་ལས་བརྩོན་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་གཙིགས་སུ་འཛིན་པ་དང་། སྡེ་བའི་འཆར་འགོད་སྒྲིག་བཟོ་བྱེད་པ་དམ་འཛིན་བྱས་ནས། སྲོལ་རྒྱུན་སྡེ་བར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས། སྤྱི་ཐུན་ཞབས་ཞུ་ནུས་པ་མཐོར་འདེགས་གཏོང་བ་དང་། རིམས་འགོག་དང་རྒན་གསོ། སློབ་གསོ། སྨན་བཅོས་སོགས་ཕྱོགས་ཀྱི་སྤྱི་ཐུན་ཞབས་ཞུ་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་དགོས། ལས་གཞིའི་མ་དངུལ་མཉམ་བསྲེས་དང་གཅིག་འདོམས་བྱེད་པར་དོ་སྣང་བྱེད་པ་དང་། གཅིག་བསྡུས་དངུལ་གཏོང་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ཏེ། རྒྱུན་མཐུད་ངང་ཕན་འབྲས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་སྤྱི་སྡོམ་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྱིས་མགོ་འཛིན་བྱས་པར་མ་ཟད་ད་ལོའི་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་དེ་འཆད་གཅིག་གཏན་གཉིས་སྐུལ་འདེད་གསུམ་གྱི་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས།

ཞིང་ཆེན་གྱི་འགོ་ཁྲིད་པ་ཁྲིན་རུའེ་ཧྥིན་དང་ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རིག་སུའུ་ལིས་ཧྭན། པད་ཁོ། དབྱི་ཧྲུའུ་ཆང་། ཝང་ལིས་མེན། ལུས་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧོང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་། མཱ་ཧྥིན་ཧྲིན་བཅས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས། ཚོགས་ཐོག་ཏུ་གྲོང་ཁྱེར་དང་ཁུལ། རྫོང་སྐོར་ཞིག་གི་བརྙན་རིས་སྙན་ཞུ་ལ་བལྟས། འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བར་མ་ཟད། ཚན་ཆུང་བགོས་ནས་གྲོས་སྡུར་བྱས།


མཉམ་སྤྱོད།